ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལིས་ཁི་ཆང་གིས་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པུས་ཨང་ལ་མཇལ་འཕྲད་གནང་།

2015-05-01

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨོ་པུས་ཨང་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་དཔལ་འབྱོར་བརྟན་འཇགས་སྒོས་འཕར་སྣོན་བྱུང་ཞིང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྤེལ་བཞིན་ཡོད། ཐིག་དམར་ཀུའེ་ནེ་ཡས་ཧུར་ཐག་སྒོས་དཔལ་འབྱོར་སྣ་མང་ཅན་དང་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་དུ་མཉམ་ལས་བྱེད་ས་མང་ཞིང་ཁ་གསབ་རང་བཞིན་སྔར་ལས་ཆེ་བ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མཉམ་ལས་ལ་ཤུགས་སྣོན་པ་དང་ཐིག་དམར་ཀུའེ་ནེ་ཡའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རོགས་རམ་བྱེད་འདོད་ཡོད་པར་མ་ཟད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོའི་ཁེ་ལས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་ནས་མ་དངུལ་གཏོང་བར་སྟབས་བདེ་ཆེན་པོ་སྐྲུན་དགོས་ཟེར།

ཨོ་པུས་ཨང་གིས་ཀྲུང་གོས་ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རོགས་སྐྱོར་དང་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་མཉམ་དུ་ཀྲུང་གོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད་ཅེས་བཤད།

འབྲེལ་ཡོད་རྩོམ་ཡིག