ད་ལོའི་ལོ་སྟོད་ཟླ་བ་གསུམ་རིང་དུ། ཨ་རིའི་ཆེས་སྟོབས་འབྱོར་ལྡན་པའི་ཚན་རྩལ་སྤྱི་གཉེར་ཁང་སྟེ་ཀུ་ཤུ་སྤྱི་གཉེར་ཁང་གིས་བསྡོམས་པས་ལག་འཁྱེར་ཁ་པར་ཁྲི ༦༡༢༠ བཙོང་འཚག་ཡོད་ལ། ཀུ་ཤུའི་ལག་འཁྱེར་ཁ་པར་ཚོང་ཧ་ཅང་བྲིན་པའི་ཤུགས་རྐྱེན་ལ་བརྟེན། ཀུ་ཤུ་སྤྱི་གཉེར་ཁང་ནི་ཨ་རིའི་ཆེས་ཚོང་ཡག་པའི་ཁྲོམ་ཞུགས་སྤྱི་གཉེར་ཁང་དུ་གྱུར་ཡོད་ལ། སྤྱིའི་ཁེ་སྤོགས་ཚད་ཨ་སྒོར་དུང་ཕྱུར ༡༣༦ ཡིན་པ་དང་། དུས་མཉམ་དང་བསྡུར་ན ༣༣ % གོང་འཕར་བྱུང་ཡོད། དེ་ལས་གཞན། ཀྲུང་གོ་ནས་ཀུ་ཤུ་ཕྱིར་འཚོང་ཚད་ཐོག་དང་པོར་ཨ་རི་ལས་བརྒལ་ཏེ། དུས་ཡུན་ཐུང་ཐུང་ནང ༧༡% གོང་འཕར་བྱུང་ཡོད།
ཀུ་ཤུ་སྤྱི་གཉེར་ཁང་གིས་ཚེས ༢༧ ཉིན་སྤྱི་བསྒྲགས་བྱ་རྒྱུར། ༢༠༡༥ ལོའི་དུས་ཚུགས་དང་པོར། ཀུ་ཤུ་སྤྱི་གཉེར་ཁང་གི་ཡོང་འབབ་རྐྱང་བ་ཨ་སྒོར་དུང་ཕྱུར ༡༣༥ . ༧ ལོན་ཡོད་ལ། ན་ནིང་གི་དུས་མཉམ་དང་བསྡུར་ན ༣༣% གོང་འཕར་བྱུང་སྟེ། དེའི་ཡར་སྔོན་དུ་དབྱེ་ཞིབ་མཁན་གྱིས་ཚོད་དཔག་བྱས་པ་ལས་བརྒལ་ནས། ཕལ་ཆེར་ཨ་རིའི་ཆེས་ཚོང་ཡག་པའི་ཁྲོམ་ཞུགས་སྤྱི་གཉེར་ཁང་ཨང་གཉིས་པ་མའོ་ཁུ་སྨན་རྫས་བཟོ་སྐྲུན་སྤྱི་གཉེར་ཁང་གི་ལྡབ་གཅིག་ཟིན་ཡོད། དུས་ཚུགས་འདིའི་རིང་ཀུ་ཤུ་སྤྱི་གཉེར་ཁང་གི་སྤྱིའི་ཕྱིར་འཚོང་རིན་ཚད་ཨ་སྒོར་དུང་ཕྱུར ༥༨༠ ཡིན་པ་དང་། དུས་མཉམ་དང་བསྡུར་ན ༢༨%གོང་འཕར་བྱུང་ཡོད།
ད་ལོའི་དུས་ཚུགས་དང་པོར། ཀྲུང་གོ་ནས་ཀུ་ཤུ་ཕྱིར་འཚོང་རིན་ཚད་ཐོག་དང་པོར་ཨ་རི་ལས་བརྒལ་ཏེ། དུས་ཡུན་ཐུང་ཐུང་ནང ༧༡% གོང་འཕར་བྱུང་ནས་ཨ་སྒོར་དུང་ཕྱུར ༡༦༨ ཟིན་ཡོད་པས། ཀུ་ཤུ་སྤྱི་གཉེར་ཁང་གི་སྤྱིའི་ཁེ་སྤོགས་ཡར་བཅག་ཡོད་པ་རེད། དུས་སྐབས་འདིའི་རིང་། ཀུ་ཤུ་སྤྱི་གཉེར་ཁང་གི་རིག་ལྡན་ལག་འཁྱེར་ཁ་པར་གྱི་ཕྱིར་འཚོང་རིན་ཚད་ཨ་སྒོར ༤༠༢.༨ ཡིན་པ་དང་། ན་ནིང་གི་དུས་མཉམ་གྱི་ཨ་སྒོར་དུང་ཕྱུར ༢༦༠.༦ དང་བསྡུར་ན ༥༥ %གོང་འཕར་བྱུང་ཡོད།
ཀུ་ཤུ་ཁ་པར་ཀྲུང་གོ་ནས་ཕྱིར་འཚོང་བྱས་པའི་མཚོན་བྱེད་རི་མོ།
ཀུ་ཤུ་སྤྱི་གཉེར་ཁང་གིས་བསྒྲགས་རྒྱུར། ༢༠༡༧ ལོའི་ཟླ ༣ པའི་བར་དུ། རྐང་འཛིན་ཕྱིར་བསྡུ་ཉོ་བྱེད་པ་དང་། རྐང་དངུལ་གྱིས་སྐྱེད་ཀ་ཕྱིར་སྤྲོད་པའི་ཐབས་ལམ་བརྒྱུད་ནས། རྐང་འཛིན་བདག་པོ་དག་ལ་ཨ་སྒོར་དུང་ཕྱུར ༢༠༠༠ ཕྱིར་སྤྲད་རྒྱུ་རེད། དེའི་ཡར་སྔན་དུ་ཀུ་ཤུ་སྤྱི་གཉེར་ཁང་གིས ༢༠༡༥ ལོའི་ལོ་མཇུག་ཏུ་རྐང་འཛིན་བདག་པོ་དག་ལ་ཨ་སྒོར་དུང་ཕྱུར ༡༣༠༠ ཕྱིར་སྤྲད་རྒྱུ་ཁས་ལེན་བྱས་ཡོད་པ་རེད།
ད་ལོའི་ལོ་སྟོད་ཀྱི་ཟླ་བ ༣ རིང་དུ། ཀུ་ཤུའི་ངོས་སྙོམ་གློག་ཀླད་ཕྱིར་འཚོང་ཚད་མར་ལྷུང་ནས། གློག་ཀླད་ཁྲི ༡༢༦༠ ལས་ཚོང་མེད་ལ། དུས་མཉམ་དང་བསྡུར་ན ༢༩% སྟེ་ཨ་སྒོར་དུང་ཕྱུར ༥༤ . ༣ མར་ཆག་ཡོད། ཀུ་ཤུ་སྤྱི་གཉེར་ཁང་གིས་རིག་ལྡན་ལག་འཁྱེར་ཁ་པར་གྱི་འཆར་ངོས་འཆར་འགོད་བྱས་པ་ཇེ་ཆེ་ནས་ཇེ་ཆེར་གྱུར་བ་དང་བསྟུན་ནས། ཀུ་ཤུའི་ངོས་སྙོམ་གློག་ཀླད་ཀྱི་ཕྱིར་འཚོང་ཚད་ཀྱང་རིམ་བཞིན་མར་ལྷུང་ཡོད་པ་རེད།
ཀྲུང་གོའི་འཛད་སྤྱོད་མཁན་ཞིག་གིས་ཀུ་ཤུ་རབས་དྲུག་པ་འདེམས་ཉོ་བྱེད་བཞིན་པ།