ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བལ་བོའི་ས་འགུལ་ཁྲོད་རྐྱེན་འདས་མི་གྲངས༥༠༠༠ལས་བརྒལ་ཞིང་།རྒྱལ་ཡོངས་ཀྱིས་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་རེད།

2015-04-29

ཁ་སང་ཀ་ཏ་མན་རྡུའི་ས་འགུལ་གྱིས་བཤིག་པའི་ཐོག་ཁང་ཞིག་གི་ནང་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཤོག་བཅུ་བཞི་བའི་བཟོ་དམག་ཚོགས་པའི་ས་འགུལ་རོགས་སྐྱོབ་རུ་ཁག་གི་དམག་མི༣༠ལྷག་གིས་ཚེ་སྲོག་སྔོགས་བཤེར་ཆས་སོགས་སྒྲིག་ཆས་བཀོལ་ནས་རོགས་སྐྱོབ་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། བལ་བོའི་དཔོན་རིགས་ཀྱིས་ཚེས ༢༨ ཉིན་བདེན་དཔང་བྱས་དོན། ས་འགུལ་དྲག་པོས་ད་ལྟའི་བར་དུ་མི ༥༠༠༠ ལྷག་རྐྱེན་ལམ་དུ་བརྫངས་པ་དང་ཁྲི ༡ ལས་བརྒལ་བར་རྨས་ཕོག ས་འགུལ་དྲག་པོས་ས་ཆ་ལ་ལའི་གློག་དང་ལམ་བཅད་ནས"ཁེར་རྐྱང་གི་གླིང་ཕྲན"དུ་གྱུར་བས་ཤི་རྨས་ཀྱི་མི་གྲངས་ད་དུང་ཤེས་ཐབས་བྲལ། ཙུང་ལི་སུའུ་ཞེར་ཁི་ཡེ་ལ་ཡིས་རྐྱེན་ཤོར་མི་གྲངས་ཁྲི ༡ ལས་བརྒལ་སྲིད་ཅེས་སྔོན་རྩིས་བྱས།

ཁི་ཡེ་ལ་ཡིས་ཚེས ༢༨ ནས་བཟུང་བལ་བོ་རུ་ཉིན༣གྱི་རིང་ལ་རྒྱལ་ཡོངས་ཀྱིས་མྱ་ངན་ཞུས་ཏེ་རྐྱེན་ལམ་དུ་ཤོར་བར་དྲན་གསོ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

རོགས་སྐྱབ་ཀྱི་བགྲོད་ལམ་ཁ་ཤས་ད་དུང་ཡང་འབྱེད་ཐུབ་མེད།

བལ་བོའི་ནང་སྲིད་པུའུ་རྒྱལ་ཁབ་གནོད་སེལ་སྡེ་ཁག་གི་གཙོ་འགན་པ་ལ་མེར་ཨོར་ཏན་ཅར་གྱིས་ཚེས ༢༨ ཉིན་ཧྥ་རན་སི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་འགུལ་གྱིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས ༥༠༥༧ ལ་འཕར་བ་དང་མི་ཁྲི༡ལས་བརྒལ་བར་རྨས་ཕོག་ཡོད། རྒྱ་གར་དང་ཀྲུང་གོའི་བོད་ལྗོངས་སུ་སོ་སོར་མི ༦༡ དང ༢༥ ཐེངས་འདིའི་ས་འགུལ་གྱིས་རྐྱེན་ལམ་དུ་ཤོར། དེ་མ་ཟད་ས་འགུལ་གྱིས་ཇོ་མ་གླིང་མ་ཡང་བསྒུལ་བས་གངས་ཉིལ་བྱུང་ནས་རི་འཛེགས་གནས་གཞི་ཤ་ཁས་བསྣུབས་ནས་མི ༡༨ རྐྱེན་ལམ་དུ་བརྫངས།

ས་གནས་ཀྱི་དཔོན་རིགས་ཝོ་ཏི་ཧྥི་པ་ཐུ་ལ་ཡེས་བཤད་རྒྱུར། རྒྱལ་ས་ཀ་ཏ་མན་རྡུའི་བྱང་ཕྱོགས་ཀྱི་ལ་སོ་བཱ་ས་ཁུལ་དུ་ཚེས ༢༨ ཉིན་རི་ཉུལ་བྱུང་ནས་མི ༢༥༠ ལྷག་གར་སོང་ཆ་མེད་དུ་གྱུར།

ནང་སྲིད་པུའུ་རྒྱལ་ཁབ་གནོད་སེལ་དོ་དམ་ཅུའུ་ཡི་གཙོ་འགན་པ་ལ་མེར་ཨར་ཏན་ཅར་གྱིས་བཤད་རྒྱུར། རོགས་སྐྱོབ་མི་སྣ་ད་དུང་རྒྱལ་ས་ཀ་ཏ་མན་རྡུའི་ཉེ་འཁོར་གྱི་སྡེ་བ་དག་གི་ནང་དུ་འབྱོར་ཐུབ་མེད་ལ། གལ་ཏེ་ས་ཆ་དེ་དག་ཏུ་རོགས་སྐྱོབ་ཀྱི་བྱ་བ་ལས་མགོ་བརྩམས་ཚེ་ཤི་མིའི་གྲངས་ཀ་ཆེས་ཆེར་འཕར་ངེས་ཡིན།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པར།ས་འགུལ་རྗེས་ཀྱི་ཉིན ༣ ནང་དུ་རོགས་སྐྱོབ་མི་སྣས་སྔར་བཞིན་རི་ཁུལ་གྱི་སྡེ་བར་བགྲོད་པའི་རོགས་སྐྱོབ་བགྲོད་ལམ་འབྱེད་ཐུབ་མེད་ཅིང་། གོར་ཁ་ས་ཁུལ་དུ་ས་འགུལ་དྲག་པོས་རྐྱེན་གྱིས་རི་ཉུལ་བྱུང་བས་ལྕགས་ལམ་དང་བགྲོད་ལམ་མི་ཉུང་བ་ཞིག་བཅད་ཡོད།

ཀ་ཏ་མན་རྡུ་ས་འགུལ་གྱིས་ལྷོ་ཕྱོགས་སུ་རྨིད ༣ བསྣུར།

གཞན་དབྱིན་ཇིའི་ཁམ་ཟམ་སློབ་ཆེན་གྱི་ས་རྒྱུ་གཞི་གྲུབ་རིག་པའི་ཆེད་མཁས་པ་ཇེམ་སི་ཇེ་ཁི་ཡིས་ངོ་སྤྲད་པར། ས་འགུལ་བྱུང་རྗེས་ཀྱི་སྒྲ་རླབས་ལས་ཐོབ་པའི་ས་འགུལ་གྱི་གཞི་གྲངས་གཞིར་བཟུང་ནས་དབྱེ་ཞིབ་བྱས་ན། ཀ་ཏ་མན་རྡུ་ཕལ་ཆེར་ལྷོ་ཕྱོགས་སུ་རྨིད༣བསྣུར་ཡོད་ཅིང་། ཀ་ཏ་མན་རྡུ་ཧིན་རྡུ་རྒྱ་མཚོའི་ས་ཤུན་གྲུབ་ཚུལ་བྲག་ལེབ་དང་ཡོ་ཡ་སྐམ་ས་ཆེན་པོའི་བྲག་ལེབ་གཉིས་ཀྱི་ཆད་དུམ་སྟེང་དུ་ཡོད་པས། བྲག་ལེབ་གཉིས་ཀྱི་བཙུར་གནོན་ཐེབས་ནས་ཆད་དུམ་ཐོག་གི་བྲག་རྡོ་ནི་འོག་གི་བྲག་རྡོ་དང་བསྡུར་ན་ལྷོ་ཕྱོགས་སུ་ནུར་ཡོད། ད་དུང་ཚེས ༢༥ ཉིན་གྱི་ས་འགུལ་དྲག་པོས་ཀ་ཏ་མན་རྡུ་ས་ཁུལ་རྨིད་ཕྱེད་ཙམ་གྱིས་ཡར་བཀྱགས་ཡོད་སྲིད། འོན་ཀྱང་བྱང་སྣེ་རྨིད ༣ གྱིས་མར་ནུབ་ཡོད་ངེས།

རོགས་སྐྱོར།

དམངས་ཁྲོད་རོགས་སྐྱོབ་རུ་ཁག་གིས་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་མཁན་བསྐྱབས།

བལ་བོར་ས་འགུལ་བྱུང་རྗེས། ཀྲུང་གོའི་དམངས་ཁྲོད་ཀྱི་རོགས་སྐྱོབ་རུ་ཁག་མང་པོ་ཞིག་གནོད་ཐེབས་ས་ཁུལ་དུ་སོང་ནས་རོགས་སྐྱོབ་ཀྱི་བྱ་བ་ལས། ཉེ་ལམ། མཚོ་སྤྱང་རོགས་སྐྱོབ་འགུལ་བསྐྱོད་ཚོགས་པ་དང་། གཟིག་སྔོན་རོགས་སྐྱོབ་ཚོགས་པ།བལ་བོའི་དམག་དཔུང་གི་མི་སྣས་ཀ་ཏ་མན་རྡུའི་གཞིས་ཁུལ་ཞིག་གི་ཐོག་ཁང་ཞིག་རོ་ཞིག་ཏུ་ཁང་བས་མནན་པའི་མི་གཉིས་ཕྱིར་བླངས་པ་དང་མི་གཅིག་ཤི་ཚར།

ཚེས ༢༦ ཉིན་གྱི་མཚན་མོར།རྒན་པ་གཅིག་བསྐྱབས་པ་དང་། ཚེས ༢༧ ཉིན་གྱི་སྔ་དྲོར་བུད་མེད་ཅིག་སྐྱོབ་དུས་ཤི་ཚར།དེ་མ་ཟད། ཚེས༢༥ཉིན། གཅིག་ཐེབས་རྩ་ཚོགས་པའི་མི་སྣ ༥ གཞུང་དོན་དུ་ཀ་ཏ་མན་རྡུ་རུ་ཡོང་ཡོད་ཅིང་། ས་འགུལ་བྱུང་རྗེས། ཚོགས་མི་ལྔ་བོ་འཕྲལ་མར་རོགས་སྐྱོར་གྱི་བྱ་བར་ཞུགས་ཤིང་། ཉིན་དེའི་མཚན་མོར་མི་གཅིག་གི་སྲོག་བསྐྱབས།

ཁ་བྱང་ཕྱི་མོ།བལ་བོའི་ས་འགུལ་གྱིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས༥༠༠༠ལས་བརྒལ་ཞིང་།རྒྱལ་ཡོངས་ཀྱིས་ཉིན་གསུམ་ལ་མྱ་ངན་ཞུ་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག