ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བལ་ཡུལ་ས་ཡོམ་རྗེས་སུ་ཇོ་མོ་གླང་མའི་མཐོ་ཚད་ལི་སྨི ༢.༥ ཡིས་ཇེ་དམར་ཕྱིན།

2015-05-04 ཟླ་བ།
   ཟླ ༥ པའི་ཚེས ༤ ཉིན། ཕྱིའི་གསར་ལམ་ཁག་ཏུ་བསྒྲགས་གསལ་ལྟར་ན། UNAVCOཚན་རིག་པས་བལ་བོར་ས་ཡོམ་བྱུང་རྗེས་འཛམ་གླིང་གི་རི་བོ་མཐོ་ཤོས་ཀྱི་མཐོ་ཚད་ལི་སྨི ༢.༥ ཡིས་ཇེ་དམར་ཕྱིན་པ་ཐག་ཆོད་ཡོད་འདུག་ཅིང་། འདིའི་བདེན་དཔང་ནི་ཡོ་རོབ་མཁའ་སྐྱོད་ཁང་གི་འཁོར་སྐརSentinel-1Aཡིས་ཟླ ༤ པའི་ཚེས ༢༩ ཉིན་ཇོ་མོ་གླང་མའི་གཞི་གྲངས་ལས་བྱུང་བ་ཡིན་འདུག
   ཨ་རིའི《ཧོལ་ཧྥུ་ཐོན་སྦྲག་ཚགས》སུUNAVCOཚན་རིག་པའི་སྐད་ཆ་དྲངས་དོན“ས་ཡོམ་གྱིས་རྒྱ་གར་དུམ་ལེབ་དང་ཡོ་ཨ་དུམ་ལེབ་གཉིས་བསྒུལ་ཏེ་ས་ཤུན་མི་བརྟན་པ་ཆགས་པས། ཇོ་མོ་གླང་མའི་མཐོ་ཚད་ཅུང་དམའ་རུ་བཏང”
   ཟླ ༤ པའི་ཚེས ༢༥ ཡི་ཞོགས་པར་བལ་ཡུལ་དུ་རིམ་པ ༧.༩ ཅན་གྱི་ས་ཡོམ་གཏོར་ཚབས་ཆེ་བ་བྱུང་། ཡོམ་ལྟེ་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཏུ་མན་ཏུའི་ནུབ་བྱང་ཕྱོགས་སྤྱི་ལེ ༨༢ སར་ཡོད་ཅིང་། ཟབ་ཚད་སྤྱི་ལེ ༡༥ ཡོད་འདུག བལ་བོའི་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། ད་ལྟའི་བར་འདས་གྲོངས་སུ་ཕྱིན་པའི་མི་གྲངས ༧༢༠༠ ལ་འཕར་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག