ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲོའུ་ཡུང་ཁང་ལ་གྱོད་ཞིབ་དང་པོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

2015-06-11 འགྱུར་མེད།
   ཀྲུང་གོ་ཁྲིམས་ཁང་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཟླ 6 པའི་ཚེས 11 ཉིན། ཁྲིམས་ལྟར་ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་དགར་སྤྱད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་གྱར་བའི་གྱོད་དོན་ལ་འདྲི་གཅོད་ཐེངས་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རུ། ཀྲོའུ་ཡུང་ཁང་གིས་ལྐོག་རྔན་ལེན་པའི་བྱས་ཉེས་བསགས་སྟབས། ཚེ་བཙོན་གྱི་ཉེས་ཆད་དང་ཚེ་གང་པོར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་ཆད་པ་བཅད་འདུག  ཡང་འགན་དབང་གང་བྱུང་དུ་སྤྱད་ནས་བྱས་ཉེས་བསགས་སྟབས། དུས་བཀག་བཙོན་འཇུག་ལོ་བདུན་བྱ་རྒྱུ། ཡང་བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་དོན་ཕྱིར་གྱར་བའི་བྱས་ཉེས་བསགས་སྟབས། དུས་བཀག་བཙོན་འཇུག་ལོ་བཞི་སྟེ།  བྱས་ཉེས་གསུམ་སྟབས་གཅིག་ཏུ་ཚེ་བཙོན་དང་། ཚེ་གང་པོར་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅོད་རྒྱུའི་ཐག་བཅད་ཡོད་འདུག  ཀྲོའུ་ཡུང་ཁང་གིས་ཁྲིམས་ས་རུ་ ཁྲིམས་ཁང་བཅད་ཁྲ་དང་ལེན་གྱིས་གོང་གཏུག་བྱ་རྒྱུ་མིན་ལུགས་བརྗོད་འདུག
   ཁྲིམས་འཛིན་བརྟག་དཔྱད་བྱས་པ་ནས་བཟུང་། གྱོད་སྒྲུབ་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་གཞི་ཞིབ་གཅོད་དང་། ཁྲིམས་རྩ་ཚུལ་བཞིན་ལག་བསྟར་བྱེད་པ། དོན་དངོས་བཤད་པ་དང་། རྒྱུ་མཚན་བཤད་པ་ལས་རང་རྒྱལ་གྱི་ཁྲིམས་འཛིན་གྱི་ཡར་རྒྱས་གང་ལེགས་མཚོན་ལ།  དེའི་དབང་གིས་ཁོ་རང་ཉིད་ཀྱིས་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་ངོས་ཟིན་ཏེ་ཏང་གི་བྱ་གཞག་ལ་གྱོང་གུན་བཟོས་པ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པ་ངོས་བླངས་ནས་འགྱོད་བཤགས་བྱས་ཡོད་འདུག
   2015 ལོའི་ཟླ 5 པའི་ཚེས 22 ཉིན། ཀྲོའུ་ཡུང་ཁང་གི་གྱོད་དོན་ཁྲོད་ཉེས་གསོག་དོན་དངོས་ཀྱི་དཔང་རྟགས་ཁ་ཤས་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་སྟབས། ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཁྲིམས་ལྟར་ཀྲོའུ་ཡུང་ཁང་གི་གྱོད་དོན་ཡོངས་བསྒྲགས་ཞིབ་གཅོད་མི་བྱ་རྒྱུ་བྱས་འདུག  ཁྲིམས་ཁང་གིས་དཔང་མི་ཝུ་པིང་འབོད་འགུག་གིས་ཀྲོའུ་ཡུང་ཁང་གི་བུ་རྒན་པ་ཀྲོའུ་པིང་དང་ཆུང་མ་ཅ་ཞའོ་ཧྭས་དཔང་པོ་བྱས་པའི་བརྙན་ཕབ་བསྟན་པ་དང་། འབྲེལ་ཡོད་དཔང་པོའི་དཔང་ཚིག་དང་། ཡིག་དཔང་། དངོས་དཔང་བཅས་ཀྱི་འདྲ་པར། གསལ་འབྱེད་བསམ་འཆར་ཀློག་སྟོན་བྱས་པ་ལས། ཀྲོའུ་ཡུང་ཁང་གིས་གོ་གནས་ཀྱི་བེད་སྤྱད་དེ་ཝུ་པིང་དང་། ཏིང་ཞུའེ་ཧྥེང་། ཝིན་ཆིང་ཧྲན། ཀྲོའུ་ཧའོ། ཅང་ཅེ་མིང་ལ་ཁེ་ཕན་དོན་གཉེར་བྱས་པ་ར་སྤྲོད་བྱས།  ཅང་ཅེ་མིང་ལས་རིན་ཐང་མི་དམངས་ཤོག་སྒོར་ཁྲི 73.11 ཡིན་པའི་རྒྱུ་དངོས་བླངས་པ་དང་། ཀྲོའུ་པིང་དང་ཅ་ཞའོ་ཧྭ་ཡིས་ཝུ་པིང་དང་ཏིང་ཞུའེ་ཧྥེང་། ཝིན་ཆིང་ཧྲན། ཀྲོའུ་ཧའོ་བཅས་་ཀྱི་ས་ནས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར1.29041013ཡིན་པའི་རྒྱུ་དངོས་བླངས་པ་མ་ཟད། ཕྱིས་དོན་དེ་ཀྲོའུ་ཡུང་ཁང་ལའང་བརྗོད་ཡོད་ལ། ལྐོག་རྔན་ཁྱོན་སྡོམ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར1.29772113 བླངས་ཡོད་འདུག   དཔང་མི་ཅང་ཅེ་མིང་འབོད་འགུག་གིས་ཁྲིམས་སར་དཔང་པོ་བྱས་པ་དང་།  ལི་ཁྲུན་ཁྲེང་སོགས་ཀྱི་དཔང་ཚིག་དང་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་སོགས་ཀློག་སྟོན་བྱས་ནས། ཀྲོའུ་ཡུང་ཁང་གིས་འགན་དབང་གང་བྱུང་དུ་སྤྱད་པ་སྟེ། ཅང་ཅེ་མིང་དང་ལི་ཁྲུན་ཁྲེང་ལ་ཀྲོའུ་པིང་དང་ཀྲོའུ་ཧྥེང་། ཀྲོའུ་ཡོན་ཆིང་། ཧི་ཡན།  ཚའོ་ཡུང་ཀྲེན་སོགས་ཀྱི་ཕྱིར་ལས་གཉེར་བྱེད་སྒོར་རོགས་རམ་བྱ་རུ་བཅུག་ནས།  གོང་སྨོས་མི་སྣར་ཁྲིམས་འགལ་སྒོར་དུང་ཕྱུར21.36ལྷག་ཙམ་གྱི་ཁེ་ཕན་ཐོབ་པ་དང་སྒོར་དུང་ཕྱུར14.86 ལྷག་ཙམ་ལ་དཔལ་འབྱོར་གྱོང་གུན་བཟོས་ཏེ། སྤྱི་པའི་རྒྱུ་ནོར་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བྱུང་བ་ར་སྤྲོད་བྱས།  གསང་གྱར་ཡིག་ཆ་སོགས་དངོས་དཔང་དང་ཚའོ་ཡུང་ཀྲེང་གི་ཚིག་དཔང་། སྔོག་བཤེར་ཟིན་ཐོ་སོགས་སྟོན་པའམ་བཀླགས་པ་བརྒྱུད་ནས། ཀྲོའུ་ཡུང་ཁང་གིས་རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་དང་འགལ་ཏེ། ཁོའི་གཞུང་དོན་ཁང་དུ་གསང་ཆེན་རིམ་པའི་ཡིག་ཆ་ཁག 5 དང་། གསང་གནད་རིམ་པ་ཁག 1 བཅས་གོང་སྨོས་ཡིག་ཆའི་ནང་དོན་རྟོགས་མི་རུང་བའི་ཚའོ་ཡུང་ཀྲེང་ལ་སྤྲད། ཀྲོའུ་ཡུང་ཁང་གིས་ཁྲིམས་རུ་ཉེས་བགྲང་ཞུ་གཏུག་བྱས་པའི་གོང་གསལ་ཉེས་གསོག་དོན་དངོས་ཀྱི་དཔང་རྟགས་ཚང་མ་བདེན་པ་ཡིན་པ་དང་། བསམ་འཆར་མི་མཐུན་པ་མེད་ཚུལ་བསྟན་འདུག
   ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞིབ་གཅོད་བྱས་པ་བརྒྱུད་ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པའི་གྲངས་འབོར་ཤིན་ཏུ་ཆེ་མོད། འོན་ཀྱང་ཕྱིས་ཁྲིམས་ལ་སྦྱར་རྗེས་རང་གི་བྱས་ཉེས་ཇི་བཞིན་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། མང་ཆེ་ཤོས་རང་གི་གཉེན་ཉེས་བླངས་རྗེས་གཞི་ནས་རང་གིས་ཤེས་རྟོགས་བྱུང་བ། ཡང་གྱོད་གཞི་བྱུང་བའི་རྗེས་ནས་རང་རྟོགས་སྒོས་གཉེན་ཉེས་བླངས་པའི་ལྐོག་རྔན་དང་དངོས་རྫས་བདའ་འདེད་ཀྱིས་ཕྱིར་སློག་ཏུ་བཅུག་པས། ཁྲིམས་སུ་བབ་བསྟུན་གྱིས་ཉེས་ཆད་གཅོད་དགོས་པའི་གནས་ཚུལ་ཡོད་འདུག  འགན་དབང་གང་དགར་སྤྱད་པའི་ཉེས་གསོག་གནས་ཚུལ་ཧ་ཅང་ཚབས་ཆེ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་ཉེས་ཚབས་ཤིན་ཏུ་ཆེ་མོད། མཇུག་འབྲས་ཤིན་ཏུ་ཚབས་ཆེ་བ་བཟོས་མི་འདུག  ཀྲོའུ་ཡུང་ཁང་གིས་ནག་ཉེས་བསགས་པའི་དོན་དངོས་དང་ངོ་བོ།  ཚབས་ཆེ་ཆུང་། སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་ཆེ་ཆུང་བཅས་ལ་གཞིགས་ནས། ཁྲིམས་ཁང་གིས་ཁྲིམས་ལྟར་གོང་གསལ་ཁྲུན་ཐག་བཅད་པ་རེད་འདུག
   ཀྲོའུ་ཡུང་ཁང་གིས་ཁྲིམས་སའི་ཞིབ་གཅོད་སྐབས་མཐར་གསལ་བཤད་བྱེད་སྐབས་བརྗོད་དོན།  ཁོ་བོས་ཞིབ་དཔྱོད་ཁང་གི་ཉེས་བགྲང་ཞུ་གཏུག་དང་ལེན་བྱ་རྒྱུ་ཡིན་པ་དང་། གཞི་རྩའི་གནས་ཚུལ་གསལ་པོ་བྱུང་བས། ངོས་ལེན་འགྱོད་བཤགས་བྱས་པ་ཡིན། འབྲེལ་ཡོད་མི་སྣས་རང་གི་ཁྱིམ་མིར་ལྐོག་རྔན་རྫོངས་པ་དེ། དོན་ལ་བདག་གི་དབང་ཆར་དམིགས་ནས་ཡོང་བར་བརྟེན། རང་གིས་འགན་གཙོ་བོ་འཁུར་འོས་པ་ཡིན། རང་གིས་སྒེར་གྱི་དོན་ལ་ཁྲིམས་འགལ་སྒྲིག་འགལ་བར་མེད་དུ་བྱས་པ་དང་། ཁྲིམས་འགལ་ཉེས་གསོག་བྱས་པ་དངོས་འབྲེལ་ཡོད་པ་རེད། ཏང་དང་རྒྱལ་ཁབ་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས། ངའི་གནད་དོན་ལ་སྒྲིག་ཁྲིམས་ལྟར་ཐག་བཅད་པ་འདིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་ཆོད་སེམས་མཚོན་པ་རེད་ཅེས་བརྗོད།
   2015 ལོའི་ཟླ 4 པའི་ཚེས 3 ཉིན། ཐེན་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་དང་པོས་ཀྲོའུ་ཡུང་ཁང་གི་གྱོད་གཞི་ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོ་ཞུ་སྦྱོར་བྱས་པ་རེད། ཤེས་གསལ་ལྟར་ན། ཐེན་ཅིང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དང་པོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་དམིགས་འཛུགས་ཀྱི་བདག་སྤྲོད་བྱེད་ཁོངས་བཀའ་ཕབ་པ་ལྟར་གྱོད་དོན་འདི་བདག་སྤྲོད་བྱས་རྗེས། ཁྲིམས་ལྟར་མཉམ་གྲོས་ཁྲིམས་ས་སྒྲིག་འཛུགས་བྱས་ནས་ཀྲོའུ་ཡུང་ཁང་ལ་གཏུག་བཤེར་ཞུ་ཡིག་གི་འདྲ་བཤུས་སྐྱེལ་སྤྲོད་བྱས་པ་དང་། དུས་མཚུངས་སུ་འབྲེལ་ཡོད་ཀྱི་གཏུག་བཤེར་ཁེ་དབང་དང་འོས་འགན་ཤེས་སུ་བཅུག་ཡོད་འདུག  ཀྲོའུ་ཡུང་ཁང་དང་མངགས་བཅོལ་བྱས་པའི་ཁྲིམས་རོགས་པ་གཉིས་ངོ་ཐེངས་མང་འཕྲད་དེ་གྱོད་དོན་ཡིག་སྒྲོམ་ཡོངས་ལ་ལྟ་ཀློག་བྱས།  ཁྲིམས་ས་མ་འཚོགས་གོང་དུ། ཁྲིམས་ཁང་གིས་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་མཁན་དང་། གྱོད་ཡ།  དག་འབུད་བྱེད་མཁན་བསྐོངས་ནས་ཁྲིམས་སྔོན་གྲོས་ཚོགས་བསྡུས་ཏེ་བདག་སྤྲོད་བྱེད་ཁོངས་དང་། ཟུར་བྱོལ། ཁྲིམས་སའི་འདྲི་གཅོད་བྱེད་སྟངས། ཁྲིམས་འགལ་གྱི་དཔང་རྟགས་རྩིས་མེད་པར་གཏོང་བའི་རེ་ཞུ་བྱེད་མིན་དང་། དཔང་པོ་ཁྲིམས་སར་ཞུ་མིན་སོགས་འབྲེལ་ཡོད་གནད་དོན་སྐོར་ཞུ་གཏུག་ཕྱོགས་གཉིས་ཀའི་བསམ་འཆར་ལ་ཉན་པ་དང་། ཞུ་གཏུག་ཕྱོགས་གཉིས་ཀའི་ཁྲིམས་ས་མ་ཚུགས་གོང་དུ་དཔང་རྟགས་འགྲེམས་སྟོན་རྩ་འཛུགས་བྱས་པ་རེད། 
   ཁྲིམས་སའི་ཞིབ་གཅོད་ཁྲོད། ཁྲིམས་རས་ཞུ་གཏུག་བྱས་པའི་དོན་དངོས་ལ་བརྟག་དཔྱད་བྱས་པ་དང་། ཞུ་གཏུག་ཕྱོགས་གཉིས་ཀས་དཔང་པོ་བརྗོད་པ་དང་། ངོ་ཐུག་ར་སྤྲོད་བྱས་པ་མ་ཟད།  དཔང་པོར་རེས་སྐོར་ནས་འདྲི་རྩད་བྱས། ཁྲིམས་སའི་རྩོད་བཤེར་སྐབས་སུ། ཞུ་གཏུག་ཕྱོགས་གཉིས་པོས་ཉེས་བགྲང་ཞུ་གཏུག་བྱས་པའི་ཉེས་བསགས་དོན་དངོས་དང་། ཁྲིམས་ལུགས་ཀྱི་བཀོལ་སྤྱོད།  བྱས་ཉེས་ཚད་འབེབས་སོགས་ཀྱི་གནད་དོན་ལ་བསམ་འཆར་གང་ལེགས་གནང་བ་དང་། ཀྲོའུ་ཡུང་ཁང་དང་ཁོའི་དག་འབུད་བྱེད་མཁན་ནས་བཏོན་པའི་དོན་དངོས་དང་མཐུན་པ་དང་། བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་རྒྱུ་མཚན་གསེད་བཀྲོལ་དང་དག་འབུད་བསམ་འཆར་ལ་ཁྲིམས་རས་ཆ་ཚང་དང་ལེན་བྱས་པ་རེད། གྱོད་གཞི་ཐག་གཅོད་པའི་གོ་རིམ་དུ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཀྲོའུ་ཡུང་ཁང་དང་ཁོའི་དག་འབུད་བྱེད་མཁན་གྱི་ཁྲིམས་ལྟར་གཏུག་བཤེར་ཁེ་དབང་ཁག་ལོངས་སུ་སྤྱོད་རྒྱུར་འགན་སྲུང་གང་ལེགས་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག