ཁོ་རེ་ཡའི་གསར་འགྱུར་ཁང་གིས་ཚེས ༥ ཉིན་བསྒྲགས་དོན། ཁོ་རེ་ཡ་ལོ ༡༨ གྱི་རྗེས་ནས་ཡང་བསྐྱར་ཕྱི་བློན་ལི་ཀྲུ་ཡུང་གིས་དབུ་ཁྲིད་དེ་ཆེས་མཐོ་བའི་འཐུས་ཚབ་ཚོགས་པ་སེའུ་ཙིར་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་བགྲོ་ཚོགས་ལ་ཞུགས། གནས་ཚུལ་འདི་ལ་ཁོ་རེ་ཡ་ན་རྒྱུན་སྡོད་ཀྱི་མཉམ་འབྲེལ་རྒྱལ་ཁབ་རི་ནེ་ཝ་དོན་སྒྲུབ་ཁང་གི་འཐུས་ཚབ་ཞེ་ཧྲི་ཕིང་གིས་ར་སྤྲོད་བྱས་སོང་། ཁོ་རེ་ཡའི་གསར་ལམ་ཁག་གིས་ཐེངས་འདིར་ཁོ་རེ་ཡ་དཔལ་འབྱོར་བགྲོ་ཚོགས་ལ་ཞུགས་པ་ནི་དཔལ་འབྱོར་འཕེལ་རྒྱས་དང་ཕྱིའི་མ་དངུལ་དང་ལེན་བྱེད་པའི་ཆེད་རེད་ཟེར།
ཁོ་རེ་ཡའི《ཉིན་རེའི་གསར་འགྱུར》གྱིས། ལི་ཀྲུ་ཡུང་གིས་སྔོན་ཆད་ཁོ་རེ་ཡ་ན་སྡོད་པའི་སུའེ་ཙེར་གྱི་ཕོ་ཉ་བྱས་པ་དང་། ཁོ་རེ་ཡའི་མཉམ་སྒྲུབ་དངུལ་གཏོང་ཨུ་ཡོན་ཚོགས་པའི་ཨུ་ཡོན་ཀྲང་བྱས་ཏེ་ཕྱི་ཡི་མ་དངུལ་སོགས་ནང་དུ་བསྡུ་བས་དཔལ་འབྱོར་གྱི་ཕྱི་ལམ་ཞེས་འབོད། ཁོང་གིས་ཐེངས་མང་པོར་ཁོ་རེ་ཡའི་ཚབ་བྱས་ཏེ་རྒྱལ་སྤྱིའི་གླེང་སྟེགས་སོགས་སུ་གཏམ་བཤད་གནང་པ་དང་། ཁོ་ལ་ཅིན་ཀྲིན་ཨིན་གྱི་སྨྲ་ཚབ་པའང་ཟེར། ཐེངས་འདིར་ཁོས་ཁྲིད་ནས་ཏ་ཝོ་སི་བགྲོ་ཚོགས་ལ་ཞུགས་པའི་ཚོགས་པ་དེ་ནི་ཁོ་རེ་ཡའི་ད་ལྟའི་བར་དུ་ཏ་ཝོ་སི་ལ་མངགས་པའི་ཕོ་ཉའི་ཚད་རིམ་ཆེས་མཐོན་པོ་དེ་ཡིན། ཚོགས་པ་དེ་རུ་ཁོ་རེ་ཡའི་ཕྱི་འབྲེལ་དཔལ་འབྱོར་ཅུས་ཀྲང་གཞོན་པ་དབྱིན་ཡིང་ཧྲོ། ཁོ་རེ་ཡའི་ཞིང་ལས་དངུལ་ཁང་གི་གཙོ་འཛིན་ཝན་ཞུང་སོགས་ཡོད། སྙན་ཞུ་ལྟར་ན་ཁོ་རེ་ཡ་ཆེས་རྗེས་མར་ཏ་ཝོ་སི་བགྲོ་ཚོགས་ལ་ཞུགས་པ་ནི༢༩༩༨ ལོ་ཡིན་ལ། ལོ་དེར་བགྲོ་ཚོགས་ལ་ཞུགས་མཁན་ནི་ཁོ་རེ་ཡའི་དཔལ་འབྱོར་ཕྱི་འབྲེལ་ཨུ་ཡོན་ཚོགས་པའི་ཨུ་ཡོན་གཞོན་པ་ཅིན་ཝིན་སུང་རེད། ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་བགྲོ་ཚོགས་ནི་གཞུང་ཕྱོགས་མ་ཡིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་ཁུངས་ཤིག་ཡིན་ལ། དེ་ལ་དཔལ་འབྱོར་མཉམ་འབྲེལ་རྒྱལ་ཁབ་ཀྱང་ཟེར། དེ་ནི ༡༩༧༡ ལོར་གསར་འཛུགས་བྱས་པའི་ཡོ་རོབ་དོ་དམ་བགྲོ་ཚོགས་ལས་འགྱུར་ཏེ་བྱུང་བ་དང་། ༡༩༨༧ ལོར་མིང་ལ་འཛམ་གླིང་དཔལ་འབྱོར་བགྲོ་ཚོགས་ཞེས་བཏགས།
ཁོ་རེ་ཡའི་གསར་འགྱུར་ཁང་གིས་བསྒྲགས་དོན། ཚེས ༥ ཉིན་ཁོ་རེ་ཡའི་ངལ་རྩོལ་ཏང་གིས་འཐུས་ཚབ་ཚོགས་ཐེངས ༧ པ་འཚོགས་ཤིང་། ཁོ་རེ་ཡའི་སྐབས་འདིར་འཐུས་ཚབ་ཚོགས་པ་ཏ་ཝོ་སི་ལ་མངགས་པ་དེས་ཅིན་ཀྲིན་ཨིན་གྱི་དཔལ་འབྱོར་དང་དམངས་གྱི་འཚོ་བ་དེ་བྱ་བའི་གནད་དུ་བཟུང་ཡོད་པ་རྟོགས། ཅིན་ཀྲིན་ཨིན་གྱིས་ཉེ་སྔོན་ལོ་གསར་སྨོན་ཚིག་བརྗོད་སྐབས་དཔལ་འབྱོར་འཕེལ་རྒྱས་གཙོ་བོར་འཛིན་དགོས་པའི་དགོངས་ཚུལ་བཏོན་བྱུང་། 《ཉིན་རེའི་གསར་འགྱུར》 གྱིས་ཁོ་རེ་ཡ་ལོ ༡༨ ཀྱི་རྗེས་ནས་མ་རྩ་རིང་ལུགས་ཀྱིས་ཏ་ཝོ་སི་བགྲོ་ཚོགས་ལ་ཞུགས་པ་འདིས་ལོ་ལྔ་ལ་སྲིད་བསྐྱངས་པའི་ཅིན་ཀྲིན་ཨིན་གྱིས་དཔལ་འབྱོར་ལ་དོ་སྣང་བྱས་པ་ཚོ། ད་ལོའི་ཏ་ཝོ་སིའི་བརྗོད་དོན་ནི་ལས་རིགས་གསར་བརྗེ་ཐེངས་བཞི་པ་སྤེལ་རྒྱུ་དང་། རྒྱལ་ཁབ་དང་ས་གནས་ཀྱི་དཔོན་པོ ༥༠ རྒྱལ་སྤྱིའི་ལས་ཁུངས་སོ་སོ་གཙོ་འགན། རྒྱལ་ཁབ་བརྒལ་བའི་ཀུང་ཟིའི་སྤྱི་འདོམས་པ ༣༠༠༠ སོགས་མགྲོན་པོ་མང་པོ་འཚོགས་རྒྱུ་ཡིན། ཁོ་རེ་ཡ IBK ཁེ་ལས་དངུལ་ཁང་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཙོ་བོ་ཀྲོ་ཧྥིན་ཞན་གྱིས་ཁོ་རེ་ཡས་ཏ་ཝོ་སི་ལ་ཞུགས་པའི་གོ་སྐབས་དང་བསྟུན། ཅིན་ཀྲིན་ཨིན་གྱིས་དོ་སྣང་བྱེད་པའི་ཡོན་ཧྲན་གསར་སྤེལ་གྱི་འཆར་གཞི་ཕྱི་དངུལ་འཐེན་རྒྱུ་ཡིན་ཟེར། ཁོ་རེ་ཡའི་ཆིང་ནན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལིན་དབྱི་ཁྲུའུ་ཡིས་ཁོ་རེ་ཡ་ཏ་ཝོ་སི་བགྲོ་ཚོགས་ལ་ཞུགས་པ་ནི་རང་ཉིད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་མངོན་པ་དང་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་པ་ཞིག་ཡིན་པས་རྣམ་པ་ཙམ་མ་ཡིན་པར་ནང་དོན་ཆེན་པོ་ཡོད་ངེས་ཟེར།