ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འབྲུག་གཞུང་གི་བཙུན་མོ་རྗེ་བཙུན་པདྨར་སྐུ་སྲས་འཁོར་ཡོད་པའི་གནས་ཚུལ།

2016-01-07 འབྲུག་འབུམ།

ཉེ་ཆར་རྒྱལ་ཕྱིའི་གསར་འགྱུར་གྱི་བརྒྱུད་ལམ་ཁག་སོ་སོར་དཔལ་ལྡན་འབྲུག་གཞུང་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་བཙུན་མོ་རྗེ་བཙུན་པདྨ་ལགས་ལ་སྐུ་སྲས་འཁོར་ཡོད་པའི་གནས་ཚུལ་དང་པར་རིས་སོགས་གསར་སྒྲགས་བྱས་ཡོད་འདུག་ལ། བཙུན་མོ་རྗེ་བཙུན་པདྨ་ལགས་ནི་ཆུང་དུས་ལོ་ན་བདུན་ཙམ་གྱི་སྐབས་སུ་འབྲུག་གཞུང་གི་རྒྱལ་པོ་འཇིགས་མེད་གེ་སར་དབང་ཕྱུག་མཆོག་དང་མཉམ་དུ་གཉེན་སྒྲིག་བྱས་ཡོད་འདུག རྒྱུས་ལོན་བྱུང་བ་ལྟར་ན། འབྲུག་གཞུང་གི་བཙུན་མོ་རྗེ་བཙུན་པདྨ་ལགས་ནི་འབྲུག་གི་སྐུ་དྲག་གི་ཁྱིམ་རྒྱུད་དེ་འདྲ་མ་ཡིན་པར་མི་སེར་ཕལ་པ་ཞིག་གི་ཁྱིམ་ནས་སྐྱེས་པ་ཡིན་འདུག་ལ། བཙུན་མོ་ཁོང་གི་ཡབ་ནི་འབྲུག་གཞུང་གི་གནམ་གྲུའི་ཁ་ལོ་པ་ཡིན་འདུག བཙུན་མོ་ཁོང་གི་ཁྱིམ་རྒྱུད་མི་སེར་ཕལ་པ་ཡིན་ནའང་འབྲུག་གཞུང་གི་གོང་མའི་ཁྱིམ་རྒྱུད་ལ་འབྲེལ་བ་ཆེས་ཆེར་ཡོད་པ་དེ་འདྲ་ཞིག་ཡིན་པ་དང་། འབྲུག་གི་མི་དམངས་ཀྱིས་ནམ་རྒྱུན་བཙུན་མོ་ཁོང་ལ་མི་སེར་གྱི་བཙུན་མོ་ཞེས་འབོད་བཞིན་ཡོད་འདུག

འབྲུག་གཞུང་གི་བཙུན་མོ་རྗེ་བཙུན་པདྨ་ལགས་ཀྱི་ཁྱོ་ག་ནི་ད་ལྟའི་འབྲུག་གཞུང་གི་རྒྱལ་པོ་ལྔ་པ་སྟེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ཡིན་ལ།འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་འབྲུག་གི་དབང་ཕྱུག་རྒྱལ་རབས་ཀྱི་རྒྱལ་ཐོག་ལྔ་པ་ཡིན་པ་དང་། འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་གཟུགས་པོའི་རིང་ཚད་ལ་སྨིད་ ༡ . ༨ ཡོད་པ་དང་རྒྱལ་པོ་ཁོང་ནི་རང་བཞིན་གྱི་གཟུགས་མཛེས་ལ་སྐུ་བརྗིད་པ་སོགས་ཡོན་ཏན་དུ་མ་ལྡན་སྟབས་རྒྱལ་སྤྱིའི་སྟེང་དུ་རྒྱལ་པོ་ཁོང་ལ་འཛམ་གླིང་སྟེང་གི་ཆེས་གཟུགས་མཛེས་དང་སྐུ་བརྗིད་པའི་རྒྱལ་པོ་ཞེས་མཚན་སྙན་འབར་བཞིན་ཡོད་འདུག རྒྱལ་པོ་ཁོང་ལ་འབྲུག་གི་རྒྱལ་ནང་དུའང་མང་ཚོགས་ཀྱི་དགའ་བསུ་ཤིན་ཏུ་ཐོབ་བཞིན་ཡོད་འདུག ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ པར་འབྲུག་གཞུང་གི་《འབྲུག་གི་གཞུང་ཚགས 》གསར་འགྱུར་དྲ་བའི་སྟེང་དུ་གསར་སྒྲགས་བྱས་ཡོད་དོན་ལྟར་ན། དཔལ་ལྡན་འབྲུག་གཞུང་གི་མི་རྗེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་བཙུན་མོ་རྗེ་བཙུན་པདྨ་ལགས་ལ་སྐུ་སྲས་འཁོར་ཡོད་པའི་གནས་ཚུལ་གསལ་སྒྲགས་བྱས་ཡོད་འདུག

    འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་ལགས་གཉིས་ནི་ཕྱི་ལོ༢༠༡༡ ལོའི་ཟླ ༡༠ པར་གཉེན་སྒྲིག་བྱས་པ་དང་། སིང་ག་ཕོར་གྱི་གསར་འགྱུར་གྲགས་ཅན་མཚོ་འགག་དུས་བབས་གསར་ཁང་(The Straits Times)གིས་གསར་སྒྲགས་བྱས་པ་ལྟར་ན། འབྲུག་གཞུང་གི་རྒྱལ་པོ་གསར་པ་འདི་ནི་ཤིན་ཏུ་དེང་རབས་ཅན་ལ་དགའ་པ་ཞིག་ཡིན་འདུག་ལ། རྒྱལ་པོ་ཁོང་གིས་ནམ་རྒྱུན་བཙུན་མོ་ལགས་དང་མཉམ་དུ་མཛའ་བརྩེ་ལྡན་པའི་ངང་པར་རིས་བསྐྱོན་པ་སོགས་བྱས་ཡོད་པ་དང་། འབྲུག་ཡུལ་ནི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ཀྱི་རྒྱལ་ཁབ་ཞིག་ཡིན་སྟབས་འབྲུག་གི་མི་མང་པོའི་ཞིག་གིས་ད་དུང་རྒྱལ་པོ་ཁྱོ་ཤུག་གཉིས་ཀྱིས་ནམ་རྒྱུན་བརྩེ་བ་མཚོན་བྱེད་ཀྱི་པར་རིས་སོགས་བསྐྱོན་པ་འདི་དག་ལ་དང་ལེན་བྱེད་ཐུབ་ཀྱི་མེད་འདུག

ན་ནིང་གི་ཕྱི་ཟླ ༡༡ པའི་ཟླ་དཀྱིལ་ལ། འབྲུག་གཞུང་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་གསར་སྒྲགས་བྱས་པ་ལྟར་ན། ཟླ་རྗེས་མའི་བོད་ལུགས་ལོ་གསར་གྱི་སྔ་ཕྱིའི་དུས་སྐབས་སུ་འབྲུག་གི་རྒྱལ་སྲས་ཆུང་ཆུང་འདི་སྐུ་བལྟམས་རྒྱུ་ཡིན་ཟེར།

འབྲུག་ཡུལ་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཡོངས་སུ་བསྐོར་ཡོད་པའི་ནང་ལོགས་སུ་ཆགས་ཡོད་པ་དང་། ས་ཆ་དེ་གར་ནམ་རྒྱུན་འབྲུག་སྒྲ་བར་མེད་དུ་གྲགས་བཞིན་ཡོད་པ་དང་འབྲུག་ཡུལ་གྱི་ཆོས་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་འབྲུག་པ་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་ཡིན་སྟབས་ཡུལ་ལུང་དེ་གའི་མིང་ལའང་འབྲུག་ཡུལ་ཅེས་ཐོགས། འབྲུག་ཡུལ་གྱི་མི་རྗེ་རིམ་བྱོན་ཀྱང་སྲོལ་རྒྱུན་ལྟར་ན་འབྲུག་གི་གདུང་རྒྱུད་ཡིན་པ་དང་མི་རིང་བར་སྐུ་བལྟམས་རྒྱུ་ཡིན་པའི་འབྲུག་གི་རྒྱལ་སྲས་ཆུང་བ་དེའང་འབྲུག་གི་གདུང་རྒྱུད་འཁྲུལ་མེད་ཡིན་འདུག རྒྱུས་ལོན་བྱུང་བ་ལྟར་ན། ཕྱི་ལོ་ ༡༩༩༩ ལོའི་བར་དུ། འབྲུག་གི་གོང་མའི་ཁྱིམ་རྒྱུད་སོགས་བརྙན་འཕྲིན་གྱི་ནང་དུ་བསྟན་ཆོག་གི་མེད་པ་དང་ལྷག་པར་འབྲུག་གི་མི་རྗེ་མཆོག་གི་བཙུན་མོར་སྐུ་སྲས་འཁོར་ཡོད་པའི་འདྲ་པར་སོགས་དྲ་ཐོག་ན་བཀྲམ་པ་སོགས་ནི་ད་ཕན་ཚུན་བྱུང་མྱོང་མེད་པའི་གནས་ཚུལ་གསར་པ་ཞིག་ཡིན་འདུག

འབྲུག་གི་རྒྱལ་ཐོག་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་དགུང་ལོ་ ༢༦ སྟེང་དཔལ་ལྡན་འབྲུག་གཞུང་གི་རྗེ་བོར་འཁོད་པ་དང་། ད་ལྟའི་བར་དུ་རྒྱལ་སྲིད་ཀྱི་འགན་བཞེས་ནས་ཕལ་ཆེར་ལོ་ངོ་བཅུ་ཙམ་འགོར། ཕྱི་ལོ ༢༠༠༨ ལོར་མི་རྗེ་ཁོང་གིས་འབྲུག་ཡུལ་དུ་དམངས་གཙོའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱས་པ་དང་འབྲུག་ཡུལ་གྱི་སྔོན་མའི་རྒྱལ་རྒྱུད་ཀྱིས་ཆབ་སྲིད་སྒེར་འཛིན་གྱི་ལམ་ལུགས་ནས་ད་ལྟའི་དུས་ཀྱི་དམངས་གཙོའི་སྲིད་ལུགས་ལ་འཕོ་འགྱུར་བྱས་ཡོད་འདུག མི་རྗེ་ཁོང་གིས་འབྲུག་ཡུལ་དུ་དམངས་གཙོའི་ཆབ་སྲིད་ཁྱབ་བརྡལ་དང་དོན་འཁྱོལ་ཡོང་བར་འབད་རྩོན་བྱས་ཡོད་ནའང་རྒྱལ་རྒྱུད་འཛིན་པའི་ལམ་ལུགས་སྔར་བཞིན་སོར་འཇོག་བྱས་ཡོད་འདུག

འབྲུག་ཡུལ་ནི་སྲོལ་རྒྱུན་གྱི་གོམས་སྲོལ་སྟེང་ཁྱོ་གཅིག་ཤུག་མང་གི་ལམ་ལུགས་ལ་དགག་བྱ་མེད་པ་དེ་འདྲ་ཡིན་འདུག་ལ། དཔེར་མཚོན་ཅིག་བརྗོད་ན། འབྲུག་གི་རྒྱལ་ཐོག་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ལ་བཙུན་མོ་བཞི་ཡོད་པ་དང་འབྲུག་གི་རྒྱལ་ཐོག་ལྔ་པ་མི་རྗེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ལམ་ལུགས་དེ་དོར་ནས་བཙུན་མོ་གཅིག་མ་གཏོགས་བཞེས་མེད་འདུག བཙུན་མོ་དེ་ནི་གོང་འཁོད་པར་རིས་སྟེང་གི་རྗེ་བཙུན་པདྨ་ལགས་ཡིན།

འབྲུག་གི་རྒྱལ་ཐོག་ལྔ་པ་མི་རྗེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་གཉིས་བར་ལ་ད་དུང་བརྩེ་དུང་གི་གཏམ་རྒྱུད་ཤིན་ཏུ་མཚར་ལ་སྡུག་པ་ཞིག་ཡོད་སྟེ། དེ་ནི་འབྲུག་གི་མི་རྗེ་མཆོག་དགུང་ལོ ༡༧ ཡིན་དུས་སུ་ལོ་ན་ ༧ མ་གཏོགས་སོན་མེད་པའི་བཙུན་མོ་རྗེ་བཙུན་པདྨར་འཕྲད་པ་དང་། དེ་དུས་སུ་ཁོང་གཉིས་ཀྱིས་ཚེ་གཅིག་ལས་གཅིག་ལ་དམ་ཚིག་གཙང་མ་སྲུང་རྒྱུ་དང་མ་འོངས་པར་ནར་སོན་ན་སོ་སོར་གཉེན་སྒྲིག་བྱེད་རྒྱུའི་ཁ་ཆད་བྱས་ཡོད་འདུག ཕྱི་ལོ་ ༢༠༡༡ ལོར་མི་རྗེ་མཆོག་དང་ཁོང་གི་བཙུན་མོ་གཉིས་ཀྱིས་སྔོན་གྱི་ཁ་ཆད་ལྟར་གཉེན་སྒྲིག་གཟབ་རྒྱས་བྱས་འདུག་ལ། རྒྱུས་ལོན་བྱུང་བ་ལྟར་ན་འབྲུག་གི་བཙུན་མོ་རྗེ་བཙུན་པདྨ་ལགས་ཀྱི་ཁྱིམ་ཚང་ནི་འབྲུག་གི་སྐུ་དྲག་ཁྱིམ་རྒྱུད་དེ་འདྲ་མ་ཡིན་པར་མི་སེར་གྱི་ཁྱིམ་ཚང་ཕལ་པ་ཞིག་ཡིན་འདུག

འབྲུག་གི་རྒྱལ་ཐོག་ལྔ་པ་མི་རྗེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་དབྱིན་ཇི་དང་ཨ་རིའི་མཐོ་རིམ་སློབ་གྲྭ་ཁག་ནས་སློབ་གཉེར་བྱས་མྱོང་ལ། འབྲུག་གི་བཙུན་མོ་རྗེ་བཙུན་པདྨ་ལགས་ལ་འབྲུག་གི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་བཙུན་མོ་ཁོང་ནམ་རྒྱུན་མི་སེར་དང་མཉམ་འདུག་མཉམ་འགྲོ་བྱེད་བཞིན་ཡོད་སྟབས་འབྲུག་ཡུལ་དུ་བཙུན་མོ་ཁོང་ལ་སྙན་གྲགས་ཆེན་པོ་ཡོད་འདུག

འབྲེལ་ཡོད་རྩོམ་ཡིག