ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོས་ལྷོ་མཚོའི་ཡུང་ཧྲུའུ་གླིང་ཕྲན་ཐོག་ཏུ་གནམ་ཐང་བསྐྲུན་ཏེ་ཚོད་གཏོང་གྲུབ་པ།

2016-01-07 བློ་ཕུན།

ཟླ ༡ ཚེས ༦ ཉིན་དམངས་སྤྱོད་གནམ་གྲུ་གཉིས་ཀྲུང་གོའི་ལྷོ་མཚོའི་ཡུང་ཧྲུའུ་གླིང་ཕྲན་ཐོག་ཏུ་འབྱོར་བ།

ཉིན་དེར་ལྷོ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་མའེ་ལེན་གནམ་ཐང་ནས་ཡུང་ཧྲུའུ་གླིང་ཕྲན་ཕྱོགས་སུ་འཕུར་བ།

ཟླ ༡ ཚེས ༦ ཉིན་ཧའེ་ནན་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཡུང་ཧྲུའུ་གླིང་ཕྲན་གྱི་གནམ་ཐང་གསར་པ་ནས་ཕྱིར་ཧའེ་ཁུའུ་རུ་འཕུར་བ།

ནན་ཧྲ་ཡུང་ཧྲུའུ་གླིང་ཕྲན་གྱི་མཁའ་ཐོག་ནས་བླངས་པའི་པར།

གསར་འགོད་པས་ཟླ ༡ ཚེས ༦ ཉིན་གསར་ལམ་དུ་ཁག་ཏུ་སྤེལ་བའི་གནས་ཚུལ་ལས་ཤེས་རྟོགས་བྱུང་བར། སྤྱི་ལོ ༢༠༡༦ ལོའི་ཟླ ༡ ཚེས ༦ ཉིན། ཀྲུང་གོ་སྲིད་གཞུང་གིས་གཞུང་བསྡུས་ཉེར་སྤྱོད་བྱས་པའི་དམངས་སྤྱོད་མཁའ་གྲུ་གཉིས་སྔ་ཕྱིར་ཧའེ་ཁུའུ་གྲོང་ཁྱེར་མའེ་ལེན་གནམ་ཐང་ནས་འཕུར་ཏེ་དུས་ཡུན་ཆུ་ཚོད་གཉིས་ཀྱི་རྗེས་ཆུ་ཚོད ༡༠ སྐར་མ ༢༡ དང་ཆུ་ཚོད ༡༠ སྐར་མ ༤༦ ཐོག་ཏུ་གེགས་མེད་བདེ་བླག་ངང་ཀྲུང་གོའི་ལྷོ་མཐའི་གླིང་ཕྲན་ཏེ་ནན་ཧྲ་ཡུང་ཧྲུའུ་གླིང་ཕྲན་ཐོག་གི་གསར་དུ་བསྐྲུན་པའི་གནམ་ཐང་དུ་འབྱོར་ཞིང་ཉིན་དེའི་ཕྱི་དྲོར་ཧའེ་ཁུའུ་རུ་ཕྱིར་ལོག་ཅིང་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་རེད།

ཐེངས་འདིའི་ཚོད་གཏོང་ལེགས་གྲུབ་བྱུང་བ་དེས་གནམ་ཐང་འདིར་མཁའ་གྲུ་ཆེ་ཁག་བདེ་འཇགས་འཕུར་སྐྱོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པ་མཚོན་ཞིང་། གླིང་ཕྲན་དུ་དངོས་ཟོག་དབོར་འདྲེན་བྱེད་པ་དང་། མི་སྣ་འགྲོ་འོང་བྱེད་པ། སྨན་བཅོས་མྱུར་སྐྱོབ་ཐད་བདེ་མྱུར་འགྲིམ་འགྲུལ་གྱི་ལམ་ཐིག་མཁོ་བསྐྲུན་བྱས་ཡོད་ཅིང་དུས་མཚུངས་ལྷོ་རྒྱུད་མཚོ་ཁུལ་གྱི་རྒྱ་མཚོ་བརྒལ་བའི་འཕུར་ལམ་ལ་བབས་ཚུགས་གསར་རྐྱང་ཞིག་དང་གྲོན་ཆུང་སྟབས་བདེའི་འཕུར་ལམ་ཞིག་བདམ་གསེས་སུ་མཁོ་འདོན་བྱས། དེ་སྔོན་ཡུང་ཧྲུའུ་གླིང་ཕྲན་ཐོག་གི་གསར་བསྐྲུན་གནམ་ཐང་ལ་རྩིས་བཤེར་འཕུར་སྐྱོད་བྱས་མྱོང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་མཚོའི་མཁའ་དབྱིངས་ནི་རྒྱལ་སྤྱིའི་མཁའ་གྲུ་འཕུར་སྐྱོད་བྱ་འགུལ་འཚང་ཁ་ཆེ་ས་ཞིག་ཡིན་ཞིང་། དེས་ཡུང་ཧྲུའུ་གླིང་ཕྲན་གྱིས་ལྷོ་མཐའི་མཚོ་ཁུལ་གྱི་མཁའ་འགྲུལ་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་ནུས་ཤིང་། འཐུས་སྒོ་ཚང་བའི་མཁའ་འགྲུལ་གནམ་གཤིས་དང་། མཁའ་འགྲུལ་གསང་འཕྲིན། འཕྲིན་གཏོང་ཕྱོགས་སྟོན་གྱི་ལྟ་ཞིབ་སོགས་མཁའ་དབྱིངས་འགྲིམ་འགྲུལ་ཆ་འཕྲིན་མཁོ་འདོན་བྱས་ཏེ། མཁའ་གྲུའི་རྗེས་སྙེག་དང་། འཚོལ་བཤེར་མྱུར་སྐྱོབ་སོགས་ལ་ས་སྟོང་མཁོ་འདོན་གྱིས་འཕུར་སྐྱོད་ལ་ཁག་ཐེག་ཡོད་པ་བྱ་ནུས།

ཡུང་ཧྲུའུ་གླིང་ཕྲན་གྱི་གནམ་ཐང་གསར་པ་ནི་རང་རྒྱལ་གྱི་ནན་ཧྲ་ཡུང་ཧྲུའུ་གླིང་ཕྲན་ཐོག་ཏུ་བསྐྲུན་ཡོད་ཅིང་། མིག་སྔར་རང་རྒྱལ་གྱི་ཆེས་ལྷོ་མཐར་ཆགས་པའི་གནམ་ཐང་དུ་གྱུར།

ཕྱི་རྒྱལ་གྱི་དྲ་གྲོགས་ཤིག་གིས་ཤིན་ཧྭ་གསར་དྲའི་འབྲེལ་ཡོད་དུས་ཚོད་དང་དམངས་འགྲུལ་རྗེས་སྙེག་མཉེན་ཆས་ལ་བརྟེན་ཏེ། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི B-༦༢༠༣ རྟགས་ཅན་གྱི A༣༡༩ གནམ་གྲུ་དང་། ཧའེ་ནན་མཁའ་འགྲུལ་ཀུང་སིའི B-༥༦༢༠ རྟགས་ཅན་གྱི་རླབས་གྲུ ༧༣༧ གཉིས་ཐེངས་འདིའི་གནམ་ཐང་ཚོད་གཏོང་གི་ལས་བྱར་ཞུགས་པ་ཡིན་འདུག

འབྲེལ་ཡོད་རྩོམ་ཡིག