ཡུན་ཁྲོན་གྱི "༡·༠༥" སྤྱི་སྤྱོད་རླངས་འཁོར་མེས་སྲེག་དོན་རྐྱེན་གྱི་གསབ་དངུའི་ཚད་གཞི་གཏན་འཁེལ་བྱས་པ་སྟེ། རྐྱེན་ངན་ལ་འཕྲད་པའི་མི་རེ་རེར་ཐེངས་གཅིག་ནང་སྒོར་ཁྲི ༧༥ ཡི་གསབ་དངུལ་སྤྲོད་རྒྱུ་རེད།
ཟླ ༡ པོའི་ཚེས ༥ ཉིན། ཉིང་ཞ་ཡུན་ཁྲོན་གྲོང་ཁྱེར་ཧི་ལན་རྫོང་དུ། སྤྱི་སྤྱོད་རླངས་འཁོར་ལ་མེ་སྐྱོན་བྱུང་རྗེས་མེ་སྲེག་གཏོང་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་རན་གྱིས་པར་བླངས།
ཞིན་ཧྭ་གསར་འགྱུར་ཁང་གིས་ཡུན་ཁྲོན་ནས་ཟླ ༡ པོའི་ཚེས ༡༡ ཉིན་བསྒྲགས་དོན།(གསར་འགོད་པ་རིན་ཝེ)གསར་འགོད་པས་ཉིང་ཞ་ཡུན་ཁྲོན་གྲོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། ཡུན་ཁྲོན་གྱི"༡·༠༥"སྤྱི་སྤྱོད་རླངས་འཁོར་མེས་སྲེག་དོན་རྐྱེན་གྱི་གསབ་དངུའི་ཚད་གཞི་གཏན་འཁེལ་བྱས་པ་སྟེ། རྐྱེན་ངན་ལ་འཕྲད་པའི་མི་རེ་རེར་ཐེངས་གཅིག་ནང་སྒོར་ཁྲི ༧༥ ཡི་གསབ་དངུལ་སྤྲོད་རྒྱུ་རེད།
ཡུན་ཁྲོན་གྱི"༡·༠༥"སྤྱི་སྤྱོད་རླངས་འཁོར་མེས་སྲེག་དོན་རྐྱེན་ཁྲོད་འགྲུལ་བ ༡༧ ཤི་བ་དང་། དེས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས། མེས་སྲེག་དོན་རྐྱེན་བྱུང་རྗེས། ཡུན་ཁྲོན་གྱི"༡·༠༥"སྤྱི་སྤྱོད་རླངས་འཁོར་ མེས་སྲེག་དོན་རྐྱེན་ཐག་གཅོད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ལས་མཇུག་ལེགས་བསྡུ་ཐག་གཅོད་ཚོགས་པས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་ནས། གསབ་དངུའི་ཚད་གཞི་དང་བྱ་ཐབས་ལྟར། ཡུན་ཁྲོན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཀུང་ཟིས་རྐྱེན་ངན་ལ་འཕྲད་པའི་མི་རེ་རེར་ཐེངས་གཅིག་ནང་སྒོར་ཁྲི ༧༥ ཡི་གསབ་དངུལ་སྤྲོད་རྒྱུ་ཐག་གིས་བཅད།(དེའི་ཁོངས་སུ་ཚེ་སྲོག་ཤོར་བའི་གསབ་དངུལ་དང་། དུར་འཇུག་གསབ་དངུལ། གཉོར་སྐྱོང་མཁན་ལ་འཚོ་བའི་གྲོན་དངུལ་དང་ལས་ཐེབས་ཆག་པའི་གྲོན་དངུལ། བདག་སྐྱོང་གྲོན་དངུལ། འགྲིམ་འགྲུལ་གྲོན་དངུལ། སེམས་ཤུགས་ལ་གནོད་སྐྱོན་བཟོས་པའི་སེམས་གསོའི་གྲོན་དངུལ་སོགས་འདུས)མིག་སྔར། ལས་མཇུག་ལེགས་བསྡུ་ཐག་གཅོད་བྱ་བའི་ཚན་ཆུང་གིས་རྐྱེན་ངན་ལ་འཕྲད་པའི་མིའི་ཁྱིམ་མི་ལ་ནུས་ཤུགས་ཡོད་རྒུས་སེམས་གསོ་བྱེད་བཞིན་ཡོད་ཅིང་། ངང་རིང་ཞིབ་ཚགས་ཀྱིས་ལས་མཇུག་ལེགས་བསྡུ་བྱ་བའི་ཚན་པ་རེ་རེ་བསྒྲུབ་ཀྱིན་མཆིས།
ཚེས ༡༡ ཉིན། "༡·༠༥"སྤྱི་སྤྱོད་རླངས་འཁོར་མེས་སྲེག་དོན་རྐྱེན་ཁྲོད་རྐྱེན་ངན་དང་འཕྲད་པའི་མི་དག་ལ་མྱ་ངན་ཞུ་བའི་བྱ་འགུལ་ཡུན་ཁྲོན་གྲོང་ཁྱེར་ཧི་ལན་རྫོང་ཞིན་ལན་ཐང་ཆེན་དུ་སྤེལ། སྤྱི་ཚོགས་ཀྱི་རིགས་སོ་སོ་ཡིས་མེ་ཏོག་ཕུལ་བ་དང་སྐྱོ་ངག་བཏོན་ཏེ། རྐྱེན་ངན་ལ་འཕྲད་མཁན་དག་ལ་ངག་བསྡམས་མྱ་ངན་སྐར་མ ༣ ལ་ཞུས་ཤིང་། རྐྱེན་ངན་ལ་འཕྲད་མཁན་མི ༡༧ ལ་མཉམ་དུ་མྱ་ངན་ཞུས།
ཚེས ༡༠ ཉིན་ཡུན་ཁྲོན་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་ "༡·༠༥"སྤྱི་སྤྱོད་རླངས་འཁོར་མེས་སྲེག་དོན་རྐྱེན་བཟོས་པའི་དོགས་ཡོད་ཉེས་ཅན་མཱ་ཡུང་ཕིན་འཛིན་བཟུང་བྱེད་ཆོག་པའི་ཆོག་མཆན་བཀོད་འདུག