ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐུར་ཁེའི་ལྗོངས་རྒྱུ་ཁུལ་འབར་གས་དོན་རྐྱེན་གྱིས་མི༡༠རྐྱེན་ལམ་བརྫངས།

2016-01-13 བཀྲ་རྒྱལ།

ཤིན་ཧྭ་དྲ་བས་ཟླ༡པོའི་ཚེས༡༢ཉིན་པེ་ཅིང་ནས་སྤེལ་བའི་འཕྲིན་ལྟར་ན། ཐུར་ཁེའི་ཙུང་ལི་ཨའེ་ཧ་མན་ཏེ་.ཏ་ཝུ་ཐེ་འོ་ལུ་ཡིས་ཚེས༡༢ཉིན། དབྱི་སི་ཐན་པུར་སུ་ཏེན་ཨའེ་ཧ་མན་ཏེ་ཐང་ཆེན་དུ་འབར་གས་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་ཚང་མ་རྒྱལ་ཕྱིའི་མི་ཡིན་པ་ར་སྤྲོད་བྱུང་ཚུལ་བརྗོད་སོང་།

ཏ་ཝུ་ཐེ་འོ་ལུ་ཡིས་ཐུར་ཁེ་ཡིས་འཇབ་རྒོལ་འགད་རྫས་འཕེན་མཁན་ནི་ཐད་སྐྱོད་ཚོགས་པའི་དབྱི་སི་ལན་རྒྱལ་ཁབ་ཀྱི་ཁོངས་མི་ཞིག་ཡིན་ཚུལ་བརྗོད་པ་དང་དུས་མཚུངས། ཉིན་དེར་འཇར་མན་གྱི་ཙུང་ལི་མའོ་ཁེར་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་དང་ལྷན་དུ། འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་ཚང་མ་འཇར་མན་གྱི་མི་རེད་ཟེར།

ཡུལ་དེའི་ཚེས༡༢ཉིན་གྱི་སྔ་དྲོར། ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པུར་གྱི་ལྗོངས་རྒྱུ་ཁུལ་གྲགས་ཅན་སུ་ཏེན་ཨའེ་ཧ་མན་ཏེ་ཐང་ཆེན་དུ་འབར་གས་དོན་རྐྱེན་བྱུང་ནས་མ་མཐའ་ཡང་མི༡༠རྐྱེན་ལམ་དུ་ཤོར་བ་དང་དང། མི༡༥ལ་རྨས་ཕོག་ཡོད་འདུག

འབྲེལ་ཡོད་རྩོམ་ཡིག