ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྨོངས་ཚོད་ཀྱིས་ཨ་སྒོར་གྱི་རྐང་དངུལ་ལ་སྟངས་འཛིན་བྱས་ཚེ་རང་མགོ་ཆུ་འདྲེན་བྱེད་སྲིད།

2016-01-12 བློ་ཕུན།

ཤིན་ཧྭ་དྲ་བས་རྩོམ་ཡིག་སྤེལ་ཏེ་མང་ཚོགས་ཚོས་ཆུ་སྣ་གང་ཁྲིད་ལྟར་དུ་ཨ་སྒོར་གྱི་རྒྱུ་ནོར་ལ་སྟངས་འཛིན་བྱ་མི་རུང་བའི་དྲན་སྐུལ་བྱས་རྗེས། མི་དམངས་ཉིན་ཚགས་ཀྱིས་ཟླ ༡ ཚེས ༡༢ ཉིན་པར་གཞི་གཉིས་པའི་གནད་བསྡུས་ཐོག《མི་དམངས་ཤོག་སྒོར་གྱིས་ཨ་སྒོར་གྱི་འཛའ་ཐང་འཕར་ཆག་ལ་ལྟ་ཚུལ་ཇི་ལྟར་འཛིན》ཞེས་པའི་དྲན་སྐུལ་རྩོམ་ཡིག་སྤེལ་ཏེ་སྡོད་དམངས་ཀྱིས་བྱ་སྤུ་རླུང་འཁྱེར་བཞིན་དུ་གཞན་རྗེས་འབྲངས་ཏེ་ཨ་སྒོར་གྱི་རྒྱུ་ནོར་སྟངས་འཛིན་བྱ་མི་རུང་ཞེས་བརྗོད་འདུག

དོན་དངོས་ཀྱི་གནས་ཚུལ་ལས་མི་དམངས་ཉིན་ཚགས་ཀྱི་བརྗོད་པ་དོན་ལ་བབས་སྲིད་པ་འདྲ་སྟེ། སྡོད་དམངས་མང་པོས་ཨ་སྒོར་གྱི་འཛའ་ཐང་འཕར་རྒྱུར་སྒུག་སྟེ་ཁེ་སྤོགས་འཐོབ་རེ་འཆང་བཞིན་ཡོད་མོད་ཟླ ༡ ཚེས ༡༡ ཉིན་མི་དམངས་ཤོག་སྒོར་ནུབ་གཅིག་ལ་རོ་ལངས་བརྒྱབ་སྟེ་གཞི་གནས ༨༠༠ ལྷག་འཕར། ཀྲུང་དབྱང་དངུལ་ཁང་གི་ཞིབ་འཇུག་ཅུས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་བ་མཱ་ཅུན་གྱིས་ཀྱང་གོང་དང་མཚུངས་པའི་ལྟ་ཚུལ་བརྗོད། ལག་གཟེབ་གཅིག་གི་ཟུར་དཔྱད་དངུལ་ལོར་འཛའ་ཐང་གི་ལམ་ལུགས་འོག་ཏུ་མི་དམངས་ཤོག་སྒོར་གྱིས་ཨ་སྒོར་གྱི་འཛའ་ཐང་འགྱུར་བ་ཕྱོགས་རྐྱང་པ་མ་ཡིན་པར་བརྗོད། ཁོང་གིས་འདོད་ཚུལ་ལྟར་ན། ཁྲོམ་རས་ལག་གཟེབ་གཅིག་གི་ཟུར་དཔྱད་གྱི་འཛའ་ཐང་ལམ་ལུགས་ཀྱི་གྲུབ་ཚུལ་ལ་ངེས་ཤེས་གཏིང་ཟབ་ཅིག་འདྲོངས་ཚེ་སྔོན་དཔག་བཞིན་གཏན་འཇགས་སུ་གྱུར་ངེས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་བྲི་བའི་སྣོན་ཤུགས་ཀྱང་ཆུང་རུ་འགྲོ་ངེས་ཞེས་གསུངས།

དེ་སྔོན་ཟླ ༡ ཚེས ༡༠ ཉིན་གྱི་དགོང་མོར་ཤིན་ཧྭ་དྲ་བས་རྩོམ་ཡིག་སྤེལ་ཏེ་ལོ་གསར་གྱི་གཟའ་འཁོར་ཐོག་མར་མི་དམངས་ཤོག་སྒོར་གྱི་ཨ་སྒོར་རི་བའི་འཛའ་ཐང་བསྟུད་མར་ཆག་པའི་གནས་བབ་འོག་ཏུ་རྐང་དངུལ་ཉོ་མཁན་གྱིས་བརྗེ་ལོར་ཉོ་བའི་སྤྲོ་བ་ཤུགས་ཆེར་འཕེལ། དངུལ་ཁང་ཆེ་ཁག་ཏུ་རྐང་དངུལ་བརྗེ་མཁན་གྱི་མི་སྣ་ཇེ་མང་དུ་གྱུར། སྤྱིར་བཏང་གི་ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན། ཨ་སྒོར་ལ་སྟངས་འཛིན་བྱས་ཚེ་དམངས་སྒོར་ལས་ཁེ་སྤོགས་ཆེ་བ་རག་སྲིད་དམ་ཞེ་ན། ཆེད་མཁས་དང་རྒྱུས་ཡོད་ཅན་གྱིས་གྲེལ་བརྗོད་བྱས་པར། ཁྱིམ་ཚང་ཕལ་ཆེ་བའི་ངོས་ནས་ངལ་བ་འདི་བསྟེན་མི་དགོས་པར་འདོད། མ་འཇོག་གི་ཕྱོགས་ནས་བརྗོད་ན། ཉེན་ཁ་དང་ཁེ་ཕན་གཉིས་ཆར་ཞིབ་འདང་རྒྱག་དགོས་པ་ཡིན།

ཆེད་ལས་མཁས་པས་གྲོས་འདེབས་བྱས་པར། མི་སེར་དཀྱུས་མས་ཕྱི་དངུལ་ཚབ་ལོར་སྟངས་འཛིན་བྱེད་པའི་དགོས་པ་ཡོད་དམ་ཞེ་ན། གཅིག་ནས་ཁྱིམ་ཚང་དེའི་རྒྱུ་ནོར་གྱི་གནས་བབས་དང་བསྟུན་དགོས། དཔེར་ན་དངུལ་སྨར་དང་། རྐང་དངུལ། བུན་འཛིན་སོགས་ཐེ་བའི་མ་འཇོག་རུང་བའི་རྒྱུ་ནོར་ས་ཡ་ལས་བརྒལ་ཡོད་མེད་དང་། གཉིས་ནས་ཕྱི་རྒྱལ་དུ་ཡུལ་སྐོར་དུ་འགྲོ་བ་དང་། སློབ་གཉེར་ལ་འགྲོ་མཁན་ཡོད་མེད་བཅས་ཀྱི་ཉེར་མཁོ་དང་བསྟུན་དགོས། གལ་ཏེ་ཆ་རྐྱེན་དེ་གཉིས་ལས་གཅིག་ཀྱང་མ་འཛོམས་ཚེ་ཕྱི་ལོར་གྱི་རྒྱུ་ནོར་སྟངས་འཛིན་བྱེད་པར་བསྙེག་བྱ་དེ་ཙམ་མེད་དོ། །

གཤམ་དུ་བཀོད་པ་ནི་མི་དམངས་ཉིན་ཚགས་ཀྱི་མ་རྩོམ་ལས་དུམ་བུ་འགའ་དྲངས།

སྡོད་དམངས་མང་པོས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་མར་བྲི་བའི་གནས་ཚུལ་མཐོང་འཕྲལ། ཏབ་ཏབ་པོར་ཕྱི་ལོར་བརྗེ་བར་རྒྱུགས་ཀྱིན་ཡོད། དེའི་ཐད་ཤིང་ཡའེ་དངུལ་ཁང་མ་དངུལ་འཁོར་སྐྱོད་ལྟེ་བའི་སྤྱི་གཉེར་དཔོན་གྱི་དྲུང་ཡིག་ལིན་ཡོན་ཀྲུའུ་ཡིས་ངོས་འཛིན་ལྟར་ན། དེའི་ཐང་ངེས་པར་དུ་ཐོག་མར་ཕྱི་ལོར་གྱིས་སྟངས་འཛིན་བྱས་པའི་རྒྱུ་ནོར་དག་གི་དོན་དངོས་ཀྱི་ཕྱོགས་བསྡུས་ཁེ་སྤོགས་ཐོབ་ཚད་དང་། རང་ངོས་ཀྱི་མ་དངུལ་གྱི་གནས་སྟངས་ལ་བསམ་བློ་གཏོང་དགོས། མི་དམངས་ཤོག་སྒོར་དུས་ཐུང་ནང་དུ་འཕར་ཆག་བྱུང་འཕྲལ་ཨ་སྒོར་གྱི་རྒྱུ་ནོར་ཉོ་བའི་གྲལ་སྟར་དུ་ཞུགས་པ་ནི་རང་མགོ་ཆུ་འདྲེན་གྱི་དཔེར་གྱུར་བའི་ཉེན་ཁ་ཆེའོ།།

ཡུལ་སྐོར་དང་སློབ་གཉེར། ཉོ་ཆ་རྒྱག་པ་སོགས་ཁ་ཚ་དགོས་གཏུག་གི་སྡོད་དམངས་དག་ལ་མཚོན་ན། ཀྲུང་གོ་དངུལ་ཁང་དངུལ་རྩའི་ཁྲོམ་ར་སྡེ་ཁག་གི་མཐོ་རིམ་ཉོ་ཚོང་མཁན་ཧུའུ་ཀང་ཅེན་གྱིས་གྲོས་འདེབས་བྱས་པར། དགོས་མཁོ་ཡོད་པའི་དུས་ཚོད་དང་ཡང་ན་དེའི་སྔོན་ཙམ་ནས་རིན་གོང་ཅུང་འོས་འཚམས་ཡིན་པའི་གོ་སྐབས་བཙལ་ཏེ་ཕྱི་དངུལ་ཉོ་འོས། འོན་ཀྱང་དོ་སྣང་བྱེད་དགོས་ས་ཞིག་ནི། སྡོད་དམངས་ཕལ་ཆེ་བས་ནི་ཨ་སྒོར་ཉོས་རྗེས་རང་རང་གི་ཐེམ་བྱང་གི་ནང་དུ་བཀར་འཇོག་བྱེད་པའམ་ཡང་ན་ལག་ཐོག་སྟངས་འཛིན་བྱེད། དེ་དུས་ཀྱི་སྐྱེད་ཀ་ནི་མེད་པའམ་ཡང་ན་ཤིན་ཏུ་ཉུང་ཞེས་ཟེར།

ཁེ་སྤོགས་ཀྱི་ཕྱོགས་ནས་བལྟས་ཚེ། ལག་འབབ་རིན་ཐང་མཐོ་པོ་ཡིན་པའི་མཁོ་མཁན་གྱི་ངོས་ནས་བརྗོད་ན། རྒྱུ་ནོར་ཕོན་ཆེན་ཡོད་པའི་མ་འཇོག་མཁན་དེས་ཨ་རིའི་ཉེན་ཚབས་ཆེ་བའི་རྐང་དངུལ་ཁྲོམ་ར་དང་ས་ཁང་ཁྲོམ་རའི་ནང་དུ་ཞུགས་སྲིད། འོན་ཀྱང་རིན་གོང་འཕར་ཆག་གི་ཉེན་ཁ་ཅུང་ཆེན་པོ་ཡིན་པའི་དབང་གིས་ཁེ་སྤོགས་ཐོབ་སྲིད་མིན་ནི་ཁ་ཚོན་གཅོད་དཀའ་བར་གདའ། མི་སེར་དཀྱུས་མ་ཞིག་གི་ངོས་ནས་མིག་སྔའི་ཨ་སྒོར་གྱི་རྒྱུ་ནོར་བདག་གཉེར་གྱི་ཁེ་སྤོགས་དུས་མཚུངས་པའི་དམངས་སྒོར་གྱི་སྟངས་འཛིན་ཁེ་སྤོགས་ལས་མང་བ་མེད། སྤྱིར་བཏང ༡%—༢% བར་ཡིན་ཞིང་དམངས་སྒོར་གྱི་ཁེ་སྤོགས་དུས་མང་པོར༣%བརྒལ་བཞིན་ཡོད།

ལིན་ཡོན་ཀྲུའུ་ནས་བརྗོད་གསལ། དམངས་སྒོར་གྱི་འཛའ་ཐང་འཕར་སྣོན་དང་ཆག་ཡང་གཉིས་ཀ་ཡོང་སྲིད་པ་ཞིག་སྟེ། འདི་ནི་དམངས་སྒོར་འཛའ་ཐང་གི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད་ཅེས་བརྗོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་གྱུར་པའི་སྣོན་ཤུགས་ཅུང་ཆེན་པོ་ཡིན་རུང་། འཛམ་གླིང་གི་འཕྲེད་བསྡུར་གྲལ་རིམ་ཁྲོད་སྔར་བཞིན་ཆུ་ཚད་མཐོན་པོར་སོན་ཡོད། ཉོ་སྟོབས་དཔྱད་འཇོག་གི་ཟུར་ཕྱོགས་ནས་བལྟས་ཚེ། དུས་ཡུན་རིང་པོའི་ནང་དུ་མི་དམངས་ཤོག་སྒོར་ལ་ཚད་མཐོ་ཞིང་ཡུན་རིང་བའི་འཛའ་ཆག་འགལ་རྐྱེན་འབྱུང་མི་སྲིད།

འབྲེལ་ཡོད་རྩོམ་ཡིག