ཨུ་རུ་སིའི་སྲུང་སྐར་དྲ་བས་ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཧྥི་ལི་ཕིན་གྱིས་ཐད་སྐྱོད་ཚོགས་པ་བཞིར་མཉམ་འབྲེལ་བྱས་ཏེ་ཧྥི་ལི་ཕིན་མངའ་ཁོངས་ཀྱི་མེན་ལན་ལའོ་གླིང་ཕྲན་དུ་དབྱི་སི་ལན་རྒྱལ་ཁབ(IS)བདག་ཁོངས་ཀྱི་ཞིང་ཆེན་ཞིག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་འདུག
བསྒྲགས་པའི་གནས་ཚུལ་ལ། (IS)ཡི་ཞིང་ཆེན་དེ་ཧྥི་ལིན་ཕིན་གྱི་དྲག་ཆས་ཚོགས་པ་ཨ་པུ་ཧྲ་ཡེ་ཧྥུའི་གཙོ་འཛིན་ཧ་ཕི་ལོང་གིས་སྣེ་འཁྲིད་རྒྱུ་བྱས་འདུག ཨོ་སི་ཁྲུ་ལི་ཡའི་མཁས་པ་པ་ཏུན་ལྟར་ན། ISཡིས་ཧྥི་ལི་ཕིན་ནས་ཞིང་ཆེན་འཛུགས་པའི་དོན་དངོས་ལ་གཞིགས་ན། ISཡིས་འཐབ་ཇུས་བསྒྱུར་ཡོད་པ་ར་སྤྲོད་བྱས་འདུག ཁོ་ཚོས་སི་རི་ཡ་དེ་ཉིད་དབྱི་སི་ལན་རྒྱལ་ཁབ་ཀྱི་ཡུན་རིང་གཡུལ་སར་འགྱུར་བའི་གནས་སྟངས་བསམ་གཞིགས་བཏང་སྟེ། བྱ་འགུལ་སྤེལ་ས་ཞིག་མངའ་ཁོངས་གཞན་དུ་འཚོལ་ཅི་ཐབས་བྱས་པ་རེད་ཟེར།