ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རང་རྒྱལ་གྱིས་དགུན་དུས་ཆུ་བྱར་བརྟག་དཔྱད་ཐེངས་དང་པོ་བྱས་པ།

2016-01-11

འདི་ནི་མཚོ་ཤར་ཤར་ཕྱོགས་གྲམ་ཐང་ནས་པར་བླངས་པའི་ཆུ་བྱ་ཡིན་པ།

རྒྱལ་ཁབ་ནགས་ལས་ཅུས་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱས་པའི་རང་རྒྱལ་གྱིས་དུས་གཅིག་ཏུ་དགུན་དུས་ཆུ་བྱར་བརྟག་དཔྱད་ཐེངས་དང་པོ་སྤེལ་བ་དེ་ཟླ ༡ ཚེས ༨ ཉིན་ནས་ཚེས ༡༧ ཉིན་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། ཐད་སྐྱོང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁག་གི་ཆུ་བྱ་འཚོ་སྡོད་ཁུལ ༡༠༠༠ ལྷག་ཙམ་ལ་མཉམ་དུ་བརྟག་དཔྱད་བྱ་རྒྱུ་རེད། དེའི་རིང་ཚན་ཞིབ་ལས་དོན་པ ༢༧༠༠ ལྷག་ཙམ་གྱིས་གཅིག་གྱུར་གྱི་བརྟག་དཔྱད་བྱེད་ཐབས་དང་ལག་རྩལ་ཚད་གཞིར་གཞིགས་ནས་ལྟ་དཔྱད་ཐོ་བཀོད་བྱ་རྒྱུ་ཡིན་པ་དེ་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། སྣོད་བཅུད་ཀྱི་དམར་ཐིག་དབྱེ་མཚམས་གཅོད་པ། སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

འབྲེལ་ཡོད་རྩོམ་ཡིག