ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་ཨའི་ཁོར་བྱང་གི་སྲིད་ཇུས་འགྱུར་ལྡོག་གཏོང་སྲིད་ཟེར།

2016-01-08 ཀླུ་རྒྱལ།

ཨ་རིའི་རྒྱལ་སྲིད་བློན་ཆེན་ཁོ་ལི་ཡིས་ཚེས ༧ ཉིན་ཝ་ཞིན་ཏུན་ནས་བསྟན་དོན། ཁོ་དང་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱེ་གཉིས་ཀས་རྒྱལ་ཁབ་སོ་སོའི་ཁོར་བྱང་གྱི་ཉང་རྡུལ་མཚོན་ཆའི་གནད་དོན་ལ་ཁ་གཏད་པའི་བྱེད་ཐབས་ལ་འགྱུར་བ་གཏོང་དགོས་པར་འདོད། དབུས་ཤར་ལས་དོན་ལ་བྲེལ་བའི་ཁོ་ལིས་ཚིག་ནན་མོས་ཨ་རིས་ཁོར་བྱང་གྱི་ཉིང་རྡུལ་མཚོན་ཆའི་གནད་དོན་སྣང་ཆུང་དུ་བཞག་མེད་ཅེས་བརྗོད།

ཁོ་ལིས་ཚེས ༧ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ནས་བསྟན་དོན། ཁོ་དང་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་བར་ལ་ཁ་པར་ལམ་ནས་འབྲེལ་བ་བྱས་ནས། ཕྱོགས་གཉིས་ཀས་གཅིག་གྱུར་དུ་ངེས་པར་འགྱུར་བ་བཏང་ནས་ཁོར་བྱང་གྱི་ཉིང་རྡུལ་མཚོན་ཆའི་གནད་དོན་ལ་ཁ་གཏད་དགོས་ཞེས་བརྗོད།

ཁོ་ལི་ཡིས། དེ་རིང་ང་དང་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་གཉིས་ཁ་བརྡ་ཞིབ་ཚགས་བྱས། ངེད་གཉིས་ཀྱིས་ད་ནས་འདེམས་གསེས་མང་པོ་ཞིག་ལག་བསྟར་དགོས་པ་གླེང་མོལ་བྱས། ངེད་གཉིས་ཀྱིས་མོས་མཐུན་ངང་ད་ནས་སྔར་བཞིན་མིན་པར་འབྲེལ་བ་ཟབ་མོའི་མཉམ་འབྲེལ་བྱས་ནས་བྱེད་ཐབས་རིགས་གང་ཞིག་ལག་བསྟར་བྱེད་རྒྱུ་ཐག་བཅད་ནས་ཐེངས་འདིའི་ཉིང་རྡུལ་མཚོན་ཆའི་ཚོད་ལྟས་བསྐྱེད་པའི་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་སེམས་ཁུར་ཇེ་ཡང་དུ་གཏོང་དགོས་ཟེར།

ཚོགས་ཐོག་ཏུ་ཁོ་ལིས་ནན་མོའི་ངང་སི་རེ་ཡའི་ཉེན་ཁ་དང་དབྱི་སི་ལན་རྒྱལ་ཁབ་རྩ་འཛུགས་སོགས་གནད་དོན་གང་མང་གི་དབང་གིས་ཁོར་བྱང་ལ་ཁ་ཡ་བྱེད་ཁོམ་མ་ཡོད་པའི་བཤད་ཚུལ་ལ་དགག་བཞག་བྱས། ད་དུང་ཀྲུང་གོས་ཁོར་བྱང་ལ་བཟུང་བའི་སྲིད་ཇུས་ཀྱི་ནུས་པ་མི་འདང་ཞེས་བརྗོད་ཡོད།

ཁོ་ལིས། ཁོར་བྱང་ལ་གཏན་ནས་སྣང་ཆུང་བྱས་མེད། ཉིན་གཅིག་ཡང་སྣང་ཆུང་བྱས་མེད། ཀྲུང་གོར་རང་གི་ཁོར་བྱང་ལ་ལག་བསྟར་བྱེད་བཞིན་པའི་དམིགས་གསལ་གྱི་བྱེད་ཐབས་ཡོད། ང་ཚོས་ཀྲུང་གོར་བར་སྟོང་སྤྲད་ནས་ལག་བསྟར་བྱེད་པ་ལ་མོས་མཐུན་དང་བརྩི་བཀུར་བྱེད། འོན་ཀྱང་དེ་རིང་ངས་ཀྲུང་གོར་འབྲེལ་བ་བྱས་སྐབས་གསལ་བོར་བསྟན་པ་ནི། བྱེད་ཐབས་དེ་ལ་ནུས་པ་ཐོན་གྱིན་མི་འདུག ང་ཚོས་ད་ནས་བཟུང་སྔར་གྱི་ཁོར་བྱང་ལ་བཟུང་བའི་སྲིད་ཇུས་དེ་མུ་མཐུད་རྒྱུད་འཁྱོངས་བྱེད་མི་ཉན་ཞེས་བརྗོད་འདུག

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་ཤིག་གི་ནང་དུ་བསྟན་དོན། ཝང་དབྱི་དང་ཁོ་ལི་གཉིས་ཀས་འདོད་པ་ནི། ཕྱོགས་གཉིས་ཀས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་མཉམ་འབྲེལ་བྱས་ནས། ཕྱོགས་དྲུག་གི་གླེང་མོལ་ཚོགས་འདུའི་སྒྲིག་གཞི་འོག་འགུལ་བསྐྱོད་འོས་འཚམས་ལག་བསྟར་བྱ་དགོས། ཁོ་ལིས ༢༠༡༦ ལོའི་ཨ་རིའི་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་སྲིད་ཇུས་ཤིན་ཏུ་གསོན་ཤུགས་ལྡན། ཨ་རི་དང་ཤར་ཕྱོགས་ན་འབྲེལ་རྒྱལ་ཁབ་ཀྱིས་ཨན་ན་པའོ་ཀུ་གཞིས་ཀ་ནས་ཚོགས་འདུ་སྐོང་འཚོགས་གནང་རྒྱུ་ཡིན་ལ། སྐབས་དེར་ཁོར་བྱང་གྱི་ཉང་རྡུལ་མཚོན་ཆའི་གནད་དོན་ནི་གྲོས་གཞི་གཅིག་ཡིན་སྲིད་ཞེས་བརྗོད།

ཁོ་ལིས་གསར་འགོད་པའི་འདུ་ཚོགས་སྟེང་ཐེངས་མང་པོར་ཨ་རིས་ཁོར་བྱང་གྱི་ཉིང་རྡུལ་མཚོན་ཆའི་གནད་དོན་ལ་མཐོང་ཆེན་དང་སེམས་ཁུར་བྱེད་བཞིན་པ་ནན་གྱིས་བརྗོད། ཉེ་སྔོན་ཨ་རིའི་དམག་ཕྱོགས་ཀྱི་མཐོ་རིམ་མི་སྣ་གསུམ་གྱིས་ར་སྤྲོད་བྱས་དོན། ཁོར་བྱང་ལ་ཉིང་རྡུལ་འབར་མདེལ་གླིང་སྐྱོད་འཕུར་མདའི་སྟེང་བཙུགས་ནས་ཨ་རའི་ས་ཁོངས་ལ་གཏོང་བའི་ནུས་པ་ལྡན་ཡོད།

ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨོ་ནེ་སུ་ཐིས་བསྟན་དོན། ཁོར་བྱང་གྱིས་མདེའུ་ཆིང་ཏན་ཚོད་ལྟ་བྱས་རྗེས་སུ་སྔར་ལས་མང་པོའི་དཔལ་འབྱོར་གྱི་ཆད་པ་ལ་འཕྲད་ཡོད། ཨ་རི་དང་ཀྲུང་གོ་གཉིས་འཉམ་འབྲེལ་དམ་པོ་བྱས་ནས་ཁ་གཏད་ཀྱི་བྱེད་ཐབས་ཐག་གཅོད་པ་ཡིན། ཨོ་ནེ་སུ་ཐིས་ད་དུང་བརྗོད་དོན། མིག་སྔའི་བར་དུ་ཨ་རི་དང་ཧན་གོའི་སྲིད་གཞུང་གཉིས་ཀྱིས་མཇུག་གནས་མཐོ་རིམ་འགོག་སྲུང་འཕུར་མདའི་མ་ལག་བཀོད་སྒྲིག་གི་ཕྱོགས་ལ་གླེང་མོལ་བྱས་མེད། མ་ལག་དེར་བཀོད་སྒྲིག་བྱས་པའི་ལེ་ཏས་སྤྱི་ལེ་ཉིས་སྟོང་ཁྱབ་ཁོངས་ནང་གི་འཕུར་མདའ་ལ་རྗེས་བསྙེག་བྱ་ཐུབ་པ་ཡིན།

འབྲེལ་ཡོད་རྩོམ་ཡིག