ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་ཞིབ་བསྡུར་ཚོཊ་འདུ་རྡི་ལི་གསར་པར་འཚོཊ་པ།

2016-01-12 ཚེ་རྡོ།
        ཤིན་ཧྭ་གསར་འགྱུར་ཁང་རྡི་ལི་གསར་པ་ནས་ཟླ་༡ཚེས་༡༠ཉིན་གློག་འཕྲིན་འབྱོར་གསལ། ཚེས་༡༠ཉིན《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་ཞིབ་བསྡུར་ཚོགས་འདུ་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་སྐབས་༢༤པའི་འཛམ་གླིང་དཔེ་དེབ་དངོས་མང་སྟོན་ཚོགས་ཐོག་འཚོགས་པ་རེད།
        ད་ཐེངས་ཀྱི་ཞིབ་བསྡུར་ཚོགས་འདུ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་འགྲེམས་སྤེལ་ལས་དོན་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
        ཀྲུང་གོ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཧྲོའུ་ཧྲན་གྱིས་དཔེ་དེབ་དེས་ཀྲུང་གོ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱེད་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པས་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་སྐབས་ཀྲུང་གོ་ཁྱོན་ཡོངས་ནས་ཤེས་རྟོགས་དང་། ཕྱི་རོལ་ཡུལ་དང་མཐུན་པའི་ངོས་འཛིན། རྗེས་དཔག་གི་ཐོག་ནས་ལྟ་ཀློག་བཅས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ཞེས་བཤད་པ་རེད།
        རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་གཡོད་ཡུས་ཁྲེང་གིས་དཔེ་དེབ་དེས་ཀྲུང་གོ་དང་རྒྱ་གར་གྱི་སྤེལ་རེས་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱ་གར་གྱི་ཀློག་པ་པོས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་དང་། ཀྲུང་གོ་ཚོར་བ། ཀྲུང་གོ་ངོས་འཛིན་བཅས་བྱེད་རོགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
        ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་འགྲེམས་སྤེལ་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཚའེ་རུང་གིས་དཔེ་དེབ་དེ་༢༠༡༥ལོར་ཀྲུང་གོར་འགྲེམས་སྤེལ་བྱེད་མང་ཤོས་ཀྱི་དཔེ་དེབ་ཅིག་ཡིན། དེབ་དེ་བྲིན་ཁ་རྒྱུག་དོན་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་མྱུར་པོར་ཚད་མཐོའི་དོ་ཁུར་བྱེད་པ་དང་འབྲེལ་དེའི་ཁྲོད་ཀྱི་ལྐོག་གྱུར་དང་ཀྲུང་གོའི་འགོ་ཁྲིད་མི་སྣའི་སྤྱོད་ཚུལ་གྱི་ཡིད་དབང་འཕྲོག་ཤུགས་ཤེས་འདོད་ཡོད་པ་མཚོན་ཐུབ་ཅེས་བཤད།
        རྒྱ་གར་ཙུང་ཐུང་ལས་ཤག་གི་གསར་འགྱུར་དྲུང་ཆེ་ལ་ཅ་མུའོ་ཉི་ཡིས་ངས་དུས་ཡུན་རིང་པོའི་ནང་ཀྲུང་གོར་ཕྱི་འབྲེལ་དཔོན་གྱི་ལས་འགན་འཁུར་གྱི་ཡོད། ཀྲུང་གོ་ནི་རྒྱ་གར་གྱིས་ཤེས་རྟོགས་བྱེད་མཁོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་ཚོར་གྱི་འདུག་པས་རྒྱ་གར་སྤྱི་དམངས་ཀྱིས་ཀྲུང་གོ་ཤེས་རྟོགས་བྱ་རྒྱུ་དེ་ཧ་ཅང་དགོས་གལ་ཆེན་པོ་ཡོད། ཀྲུའུ་ཞི་ཞིས་ལགས་ཀྱི་གསུང་རྩོམ་གྱིས་རྒྱ་གར་གྱིས་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུར་སྐུལ་མ་ཤུགས་ཆེན་ཐེབས་རྒྱུ་རེད་ཅེས་བཤད།
        རྒྱ་གར་གྱི་སྲིད་དོན་མི་སྣ་དང་མཁས་དབང་ཁག་གཅིག་གིས་ཀྲུང་གོའི་ཆབ་སྲིད་དང་ཀྲུང་གོའི་འབྱུང་འགྱུར་ལ་དོ་ཁུར་བྱེད་མཁན་ཕྱི་རྒྱལ་གྱི་མི་སྣ་ཡོངས་ཀྱི་ངོས་ནས་བརྗོད་ན། དེབ་དེ་ནི་ཀློག་དགོས་ངེས་ཀྱི་བརྩམས་ཆོས་ཤིག་ཡིན་ཞེས་བཤད།
        《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》ཞེས་པའི་སྐད་རིགས་མི་འདྲ་བའི་པར་མ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གིས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་རྩོམ་སྒྲིག་བྱས་པ་དེའི་ནང་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན་སེའི་ཡི་གེ སི་ཕེན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ འཇར་མན་གྱི་ཡི་གེ རི་པིན་གྱི་ཡི་གེ ཕོར་ཐིའུ་ཀལ་གྱི་ཡི་གེ ཧན་གོའི་ཡི་གེ ཝེ་ཐེ་ནམ་གྱི་ཡི་གེ ཚུགས་རྙིང་རྒྱ་ཡིག་བཅས་ཁྱོན་ཡིག་རིགས་སྣ་ཁ་༡༡དང་པར་མ་༡༢ཡོད་པ་དེ་༢༠༡༤ལོའི་ཟླ་བ་དགུ་པར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དངོས་སུ་འགྲེམས་སྤེལ་བྱས་ཡོད། དེབ་དེའི་ནང་ཞིས་ཅིན་ཕིང་གིས་༢༠༡༢ལོའི་ཟླ་བ་༡༡ནས་༢༠༡༤ལོའི་ཟླ་བ་༦བར་གྱི་གསུང་བཤད་དང་། གླེང་མོལ། གཏམ་བཤད། དྲིས་ལན། མཆན་བཀོད། ཤིས་ཚིག་སོགས་རྩོམ་ཡིག་༧༩ཡོད་པ་དེ་ཆེད་དོན་༡༨ལ་དབྱེ་ཡོད།
        ཤེས་རྟོགས་བྱས་པར་གཞིགས་ན། དཔེ་དེབ་དེ་པར་སྐྲུན་བྱས་རྗེས་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ཆེ་གྲས་ཁག་ཏུ་ཞུགས་ནས་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་ར་དང་། རྒྱལ་སྤྱིའི་གཙོ་རྒྱུན་སྨྱན་སྦྱོར། ཕྱི་རྒྱལ་ལས་རིགས་ཁག་བཅས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད། མིག་སྔར་དེབ་དེ་རྒྱལ་ཁབ་དང་ས་ཁུལ་༡༠༠ལྷག་ཙམ་ལ་འགྲེམས་སྤེལ་བྱས་པ་དང་འགྲེམས་སྤེལ་བྱེད་གྲངས་ཁྲི་༥༣༧ཟིན་ཡོད།
འབྲེལ་ཡོད་རྩོམ་ཡིག