ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོཊ་སྒྲིག་གཞིའི་2016ལོར་གཞུང་ལས་པ་རྒྱུཊ་སྤྲོད་བསྡུ་ལེན་བྱེད་འགོ་ཚུཊ་པ།

2016-01-12 ཚེ་རྡོ།
ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་བཟོས་པ། 

        གསར་འགོད་པར་རྒྱལ་ཁབ་གཞུང་ལས་ཅུས་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས་2016ལོར་གཞུང་ལས་པ་རྒྱུགས་སྤྲོད་བསྡུ་ལེན་བྱ་རྒྱུའི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་གྲུབ་འབྲས་2016ལོའི་ཟླ་1ཚེས་10ཉིན་ཁྱབ་བསྒྲགས་བྱས་པ་རེད། རྒྱུགས་སྤྲོད་སློབ་མས་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས་2016ལོར་གཞུང་ལས་པ་རྒྱུགས་སྤྲོད་བསྡུ་ལེན་བྱ་རྒྱུའི་ཆེད་དོན་དྲ་ཚིགས(http∶//bm.scs.gov.cn/2016)དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་དྲ་ཚིགས(http∶//www.mohrss.gov.cn) ཡང་ན་རྒྱལ་ཁབ་ཀྱི་གཞུང་ལས་པ་ཅུས་ཀྱི་དྲ་ཚིགས(http∶//www.scs.gov.cn)བཅས་ཀྱི་ཐོག་ནས་ཡིག་རྒྱུགས་སྐར་གྲངས་འདྲི་རྩད་བྱས་ན་འགྲིག་གི་ཡོད་པ་རེད།
        ཀྲུང་དབྱང་ལས་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་རིགས་ཀྱི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་110ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་60ལས་མི་དམའ་བ་དགོས་ཀྱི་ཡོད་པ་རེད།
        ཞིང་ཆེན་རིམ་པའི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་ཀྱི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་105ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་60ལས་མི་དམའ་བ་དགོས་ཀྱི་ཡོད་པ་རེད།
        གྲོང་ཁྱེར(ས་ཁུལ)རིམ་པའི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་100ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་55ལས་མི་དམའ་བ་དགོས་ཀྱི་ཡོད་པ་རེད།
        རྫོང(ཆུས)རིམ་པ་དང་དེ་མན་གྱི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་95ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་50ལས་མི་དམའ་བ་དགོས་ཀྱི་ཡོད་པ་རེད།
        སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱ་རྒྱུའི་ལས་སྟེགས་ཀྱི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཚད་གཞི་གཤམ་གསལ་འདི་ལྟ་སྟེ།
        ནུབ་རྒྱུད་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ(ཧྲན་ཤིས་དང་། ནང་སོག ཅི་ལིན། ཧེ་ལུང་ཅང་། ཀོང་ཤིས། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། ཉིང་ཞ། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་15)གྱི་རྫོང(ཆུས)རིམ་པ་དང་དེ་མན་གྱི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་སྟེགས་ཀྱི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་90ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་45ལས་མི་དམའ་བ་དགོས་ཀྱི་ཡོད་པ་རེད།
        སློབ་ཆེན་ཐོན་པའི་གྲོང་དཔོན་དང“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”སོགས་གཞི་རིམ་ལ་ཞབས་འདེགས་རྣམ་གྲངས་ནང་ཡོད་པའི་མི་སྣ་ཡིས་ཀྲུང་དབྱང་ལས་ཁུངས་དང་ཞིང་ཆེན་རིམ་པའི་ཐད་གཏོགས་ལས་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་རིགས་ཀྱི་ཁ་ཕྱོགས་གཏན་འཁེལ་བའི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་105ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་60ལས་མི་དམའ་བ་དགོས་པ་དང་། གྲོང་ཁྱེར(ས་ཁུལ)རིམ་པའི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ཁ་ཕྱོགས་གཏན་འཁེལ་བའི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་95ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་50ལས་མི་དམའ་བ་དགོས་པ། རྫོང(ཆུས)རིམ་པའི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ཁ་ཕྱོགས་གཏན་འཁེལ་བའི་ལས་སྟེགས་ཀྱི་ཡིག་རྒྱུགས་ནང་མིང་བཀོད་ནས་ཞུགས་པའི་ཡིག་རྒྱུགས་ལོན་པའི་སྐར་གྲངས་ཀྱི་ཚད་གཞི་སྟེ་སྤྱིའི་སྐར་གྲངས་90ལས་མི་དམའ་བ་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་རིགས་ནུས་པའི་རྒྱུགས་སྤྲོད་སྐར་གྲངས་45ལས་མི་དམའ་བ་དགོས་པ་བཅས་རེད།
འབྲེལ་ཡོད་རྩོམ་ཡིག