ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡའི་བར་དམག་འཁྲུག་སློང་རྩིས་འདུག

2016-01-12 བཀྲ་རྒྱལ།

དྲ་ཐོག་གི་རྒྱུ་ཆ།

འཛམ་གླིང་དུས་ཚགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། བྱང་ཁོ་རེ་ཡའི་གླིང་ཕྲན་ཕྱེད་ཀ་དེ་མེ་མདའི་འཐབ་རྩོད་ཁྲོད་རྩོད་གཞི་གཙོ་བོ་ཞིག་ཏུ་འགྱུར་སྲིད་དམ་ཅེ་ན། འཕྲེད་ཐིག་སོ་བརྒྱད་པའི་གཡས་གཡོན་གྱི་གནས་སྟངས་ཛ་དྲག་ཡིན་པའི་གནས་ཚུལ་ལ་གཞིགས་ཏེ་དབྱེ་ཞིབ་པ་མི་ཉུང་བ་ཞིག་བྱིའུ་ཚེར་ཕུང་ཐོག་སྡོད་པར་ལྟར་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག

ཨ་རིས་ཉིང་རྡུལ་མཚོན་ཆ་སྦྱར་ཆོག་པའིB-52འཐབ་ཇུས་འགད་གཏོད་གནམ་གྲུ་དེ་ཚེས་བཅུ་ཉིན་གླིང་ཕྲན་ཕྱེད་ཀར་བཏང་སྟེ། སྟོབས་ཤུགས་ཕྱིར་ངོམ་པའི་ལམ་ནས་བྱང་ཁོ་རེ་ཡའི་དེ་སྔ་ཁྱབ་བསྒྲགས་བྱས་པའི་མདེའུ་ཆིང་ཏན་ཚོད་ཞིབ་ཀྱི་གནས་ཚུལ་ལ་ཁ་གཏད་འཇལ་རྗེས། ཕྱི་ཚེས་བཅུ་གཅིག་ཉིན་ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུའུ་ནས་ད་ལྟ་ཨ་རིའི་བར་གླིང་ཕྲན་ཕྱེ་ཀར་འཐབ་ཇུས་ཀྱི་དྲག་ཆས་སྔར་ལས་མང་པོ་བཀོད་སྒྲིག་བྱེད་པའི་ཐད་ལ་གྲོས་མོལ་བྱེད་སྒང་ཡིན་ཟེར།

འཕྲེད་ཐིག་སོ་གཉིས་པའི་ཉེ་འཁོར་དུ་བྱང་ཁོ་རེ་ཡང་དང་ལྷོ་ཁོ་རེ་ཡའི་བར་ཕན་ཚུན་ཁ་གཏད་དུ་ལངས་པའི་ཁ་རྡུང་གི་འཐབ་ཚུལ་གྱིས་ཕན་ཚུན་དགྲར་འཛིན་གྱི་ཞེ་འཁོན་ཇེ་གཏིང་ནས་ཇེ་ཟབ་ཏུ་གྱུར། ད་ཆ་ལྷོ་ཁོ་རེ་ཡ་དང་ཨ་རིའི་དམག་ཁྲི་གསུམ་དམག་ཞུགས་ལ་ཨང་གསར་ཆེན་པོ་བྱས་འདུག

ཕྱོགས་གཅིག་ནས་ཉིང་རྡུལ་འགད་གཏོར་གྱིས་དོན་རྐྱེན་ཐེངས་བཞི་སློང་མཁན་གྱི་བྱང་ཁོ་རེ་ཡ་ཡིན་པ་དང་། ཕྱོགས་གཅིག་ནི་དོན་རྐྱེན་སློང་མཁན་ལ་དགའ་བའི་ཨ་རི་ཡིན་པས། གསར་ལམ་ཁ་ཤས་ཀྱིས་དེ་ནི་འཁྲུག་ཆེན་སློང་ཚུལ་ཞིག་མ་ཡིན་ནམ་ཞེས་སེམས་ཁྲལ་བྱེད་པ་ཡང་གནས་ལུགས་མེད་པ་མ་ཡིན། བྱང་ཁོ་རེ་ཡའི་གཞུང་ཕྱོགས་ཀྱི་གསར་ལམ་ནས་ཕྱི་ཚེས་བཅུ་གཅིག་ཉིན་ལ། ཨ་རིས་ལྷོ་ཁོ་རེ་ཡར་ཉིང་རྡུལ་མཚོན་ཆ་སྦྱར་བའི་འཐབ་ཇུས་འགད་གཏོར་གནམ་གྲུ་མངག་གཏོང་བྱས་པ་དེས་དམག་འཁྲུག་མི་བྱེད་ངེས་བྱེད་ཀྱི་ཚུལ་དུ་བསྐྱལ་ཡོད་ཅེས་བསྒྲགས་འདུག

འབྲེལ་ཡོད་རྩོམ་ཡིག