ཟླ་3ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཆེན་དུ་ལྷན་འཛོམས་གྲོས་ཚོགས་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། བོད་ལྗོངས་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧུང་ཝུད(གཡས་ཀྱི་གཉིས་པ)ཀྱིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་ཕྱི་རྒྱལ་བ་བོད་དུ་བསྐྱོད་པའི་ཆོག་མཐུས་རེ་ཞུའི་འགྲོ་ལུགས་གཉེར་སྟངས་ལེགས་སུ་གཏང་ནས་ཆོག་མཆན་སྤྲོད་པའི་དུས་ཡུན་ཐུང་དུ་གཏང་སྟེ་བོད་ལྗོངས་འདི་ཉིད་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་ཁུལ་ཞིག་ཏུ་གཏོད་དགོས་ཞེས་བཏོན།