ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ3པའི་ཚེས10ཉིན་གྱི་སྔ་དྲོ་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས། ཡུལ་དངོས་ནས་ཡུ་གུར་རིགས་ཀྱི་བུད་མེད་འཐུས་མི་ཞིག་གིས་ལི་ཁེ་ཆང་ལ་ཞྭ་མོ་མེ་ཏོག་མ་ཕུལ། ཙུང་ལིས་མཛའ་བརྩེ་ལྡན་པའི་ངང་ནས་འཐུས་མི་རེ་རེར་ཕྱག་འཇུ་གནང་ཞིང་།“ཁྱོད་ཚོ་ས་ཐག་རིང་བོ་ནས་སླེབས་པ་ཡིན་པས། ངས་འཐུས་མི་རེ་རེར་ཕྱག་འཇུག་གནང་དགོས”ཞེས་གསུང་།