ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐབས་12པའི་ཚོགས་འདུ་ཐེངས་4་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་འདུར་དོ་ཁུར་བྱེད་པ།

2016-03-14 བསྟན་འཛིན་ཉི་མ།

        ཟླ་3ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཚོགས་པ། པར་རིས་དེ་ནི་ཟུར་ཞུགས་མི་སྣ་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བའི་གནས་ཚུལ་རེད།

        ཟླ་3ཚེས་9ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་གཡུ་སྒྲོན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་འཐུས་མི་ཚོའི་གཏམ་བཤད་ཟིན་བྲིས་སུ་འགོད་པ།

        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་དེ་ཟླ་3ཚེས་12ཉིན་གྱི་ཕྱི་དྲོར་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། པར་རིས་དེ་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ལག་ཐོགས་ཁ་པར་བཀོལ་ནས་མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པར་པར་ལེན་བྱེད་པ།

འབྲེལ་ཡོད་རྩོམ་ཡིག