པར་རིས་འདི་ནི་ལྷ་ས་གྲོང་ཁྱེར་སྤུས་ཚད་དང་ལག་རྩལ་བལྟ་སྐུལ་ཅུས་ཀྱིས་ཕུའུ་ཁང་བུད་མེད་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་གློག་སྐས་ནང་དུ་ལུས་པའི་སྦྲུམ་མ་སྐྱོབ་བཞིན་པའི་ཚུལ་ཡིན།
3.15རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་དེར་ལྷ་ས་གྲོང་ཁྱེར་སྤུས་ཚད་དང་ལག་རྩལ་བལྟ་སྐུལ་ཅུས་ཀྱིས་ཚེ་སྲོག་ལ་གཅེས་སྤྲས་དང་གློག་སྐས་ལ་དོ་སྣང་བྱེད་པ་ཞེས་པའི་ལྷ་ས་གྲོང་ཁྱེར་གྱི་གློག་སྐས་བདེ་འཇགས་དོད་དྲག་སྦྱོང་བརྡར་བྱེད་རྒྱུ་བརྗོད་གཞིར་བྱས་པའི་3.15ཉིན་གྱི་ཆེད་དོན་བྱེད་སྒོ་སྤེལ་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་འཛད་སྤྱོད་པར་ཆ་འཕྲིན་མཁོ་འདོན་བྱས་པ་དང་མི་དམངས་ལ་སྒྲིག་ཆས་བདེ་འཇགས་ཀྱི་ལག་དེབ་སོགས་དཔྱད་གཞིར་ཕུལ་ཏེ་འཛད་སྤྱོད་པས་རང་སོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་དང་ནུས་པ་གོང་མཐོར་བཏང་ཡོད།