ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2016ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

2016-03-25 ཁྲི་སེམས་དཔའ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས24ཉིན་གྱི་སྔ་དྲོར་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2016ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས། ཁོང་གིས་ཁ་བྱང་ལ《མཉམ་དུ་གསོན་ཤུགས་གིས་བརྟས་པའི་ཨེ་ཤ་ཡའི་རེ་སྨོན་གསར་པ་བཞེངས》ཞེས་པའི་གསུང་བཤད་གནང་། འཛམ་གླིང་གི་རྒྱལ་ཁབ62ཀྱི་ཆབ་སྲིད་དང་ཚོང་དོན་དང་ཤེས་རིག་བཅས་ལས་རིགས་སོ་སོའི་འཐུས་མི2100འགོ་རྩོམ་པའི་མཛད་སྒོར་ཞུགས།

ལི་ཁེ་ཆང་གིས་བསྟན་དོན། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དེ་སྔར་བཞིན་སྙོམས་སྒྲིག་གི་ཁྲོད་དུ་ལུས་ཡོད་ལ། ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་མདུན་དུ་ཡང་དཀའ་ཁག་ཆེན་པོ་ལྷགས་ཡོད། ཁོས་གིས་ཨ་ཤ་ཡའི་རྒྱལ་ཁབ་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་དམིགས་ནས་དྲན་ཚུལ་འགའ་བརྗོད་བྱུང་སྟེ། གཅིག་ནས་མཉམ་དུ་ཞི་བདེ་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས། ཁྱིམ་མཚེས་བར་མཛའ་མཐུན་དང་ཞི་བདེ་མཉམ་གནས་བྱེད་པ་ནི་ས་ཁུལ་ཞི་བདེ་བརྟན་འཇགས་ཡོང་བའི་རྨང་རྡོ་ཡིན། གཉིས་ནས་མཉམ་དུ་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་བསྣན་ནས། ཉོ་ཚོང་སྲུང་སྐྱོང་རིང་ལུགས་ངོ་རྒོལ་བྱེད་དགོས། གསུམ་ནས་མཉམ་དུ་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་དགོས།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པ་དང་། ཕན་ཚུན་འབྲེལ་མཐུད་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་དགོས། བཞི་ནས་མཉམ་དུ་སྒོ་འབྱེད་བསྟུན་མཁས་ལ་སྐུལ་འདེད་དང་། ཨེ་ཤེ་ཡའི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་མཉམ་དུ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་ཞིག་བསྐྲུན་དགོས།

ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་རྒྱས་བཤད་མཛད། ཁོང་གིས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་གནས་ཚུལ་སྡུག་པོ་དེས་ཤུགས་རྐྱེན་ངན་པ་ཐེབས་སྲིད། ཀྲུང་གོའི་དཔལ་འབྱོར་དེ་རིགས་སྒྱུར་རིམ་སྤོར་དང་འགག་སྒྲོལ་དུས་སྐབས་སུ་གནས་ཡོད་པས། དཀའ་ཁག་ནི་གཡོལ་ཐབས་མེད་པ་ཞིག་ཡིན། ང་ཚོས་ཡིད་ཆེས་བརྟན་པོ་བཅངས་པའི་མཚུངས་སུ་དཀའ་ངལ་ལ་ཡང་གཟུར་གཡོལ་བྱ་མི་རུང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལྟར། དཔལ་འབྱོར་གོང་སྤེལ་གྱི་རྒྱུན་རྣམ་གསར་པར་འཚམ་པ་དང་། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ། གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་དང་སྒོས་སུ་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། འགུལ་ནུས་འདང་ངེས་ཡིན་ཞིང་འཕར་ཚད་མཐོ་འབྲིང་སྒོས་མགྱོགས་པོར་འཕེལ་བ་རྒྱུན་འཁྱོངས་དང་།ཆུ་ཚད་མཐོ་འབྲིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་དགོས།

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ང་ཚོར་དཔལ་འབྱོར་འཁོར་རྒྱུག་དང་ཉེན་ཁ་སྣ་ཚོགས་འགོག་པའི་སྲིད་ཇུས་རབས་དང་རིམ་ཡོད་པས། ད་དུང་གོང་དུ་སྤེལ་བའི་རྒྱུན་སྲིང་གི་སྒུལ་ཤུགས་གཏོད་དགོས། དེའི་སྒུལ་ཤུགས་ནི་བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བ་དང་། ང་ཚོས་སྲིད་དབང་ཁུ་བསྡུ་དང་། ནོར་ཁྲལ་དང་དངུལ་རྩ་སྒྲིག་སྲོལ་སོགས་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་བར་བསྒྱུར་བ་དང་། ཁྲོམ་ར་ཅན་གྱི་བྱེད་ཐབས་ལྟར་བུ་ལོན་དེ་མ་རྐང་དུ་བསྒྱུར་བ། འདི་ལོར་གོ་སྐབས་དང་བསྟུན་ནས་ཤང་ཀང་དང་འབྲེལ་མཐུད་གཏིང་ཟབ་ཡོང་བར་ཁྱབ་གདལ་དུ་གཏོང་དགོས། སྒུལ་ཤུགས་ནི་གྲུབ་ཚུལ་ལེགས་སྒྲིག་ལས་བྱུང་བ་ཡིན། དཔལ་འབྱོར་གསར་པ་འཕེལ་རྒྱས་དང་འགུལ་ནུས་གསར་པ་གསོ་སྐྱོང་བྱེད་དགོས་ན། སྲོལ་རྒྱུན་གྱི་འགུལ་ནུས་མཐོར་འདེགས་གཏོང་དགོས། འགུལ་ཤུགས་ནི་དམངས་འཚོ་ལེགས་བཅོས་གཏོང་བ་ལས་བྱུང་། ལས་ཞུགས་དང་སློབ་གསོ། སྨན་གསོ། རྒན་གསོ། སྡོད་ཁང་བཅས་དམངས་འཚོ་འགན་ལེན་ཆེན་པོ་ལྔའི“བདེ་འཇགས་དྲ་བ”བརྟན་པོར་གཏོང་དགོས། སྒུལ་ཤུགས་ནི་ད་དུང་མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་བྱེད་ནུས་ལས་བྱུང་ཞིང་། དེས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་ངེས་སོ།།

འགོ་རྩོམ་པའི་མཛད་སྒོའི་ཐོག་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཧྥུའུ་ཐེན་ཁང་ཕུའུ་ནས་དགའ་བསུའི་ཤིས་ཚིག་གསུང་། དེའི་འཕྲོར་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སུན་དང་། ལོ་སིའི་ཙུང་ལི་ཐུང་ཤིང་། ལི་ཐུ་ཝན་ནི་ཡའི་ཙུང་ལི་པུ་ཐེ་ཁོ་ཝེ་ཆིའུ་སི། ནེ་པ་ལའི་ཙུང་ལི་ཨོ་ལི། ཐེ་གོའི་ཙུང་ལི་པ་ཡུས། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་ཁཱ་ལ།འབར་མའི་ཙུང་ཐུང་གཞོན་པ་སའེ་མའོ་ཁང་། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ས་ཅིན་ཐཱ་ཡེ་ཧྥུ། ཧན་གོའི་ཙུང་ལི་གཞོན་པ་ལིའུ་དབྱི་ཀའོ། ཨུ་རུ་སུའི་ཙུང་ལི་གཞོན་པ་ཏེ་འོར་ཁོའོ་ཝུའེ་ཆི། ཝེ་ཐེ་ནམ་གྱི་ཙུང་ལི་གཞོན་པ་ཧྥན་ཕིང་མོན་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ།

དབྱང་ཅིན་དང་ཀྲོའུ་ཞའོ་ཁྲོན་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད།

འབྲེལ་ཡོད་རྩོམ་ཡིག