ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྕང་ར་ཤང་གིས་མང་ཚོགས་ཚོའི་དཔེ་ཀློག་གི་དཀའ་ངལ་སེལ་རོགས་བྱས་པ།

2016-04-04 མང་མཁར་པ།

པར་རིས་ནི་ལྕང་ར་ཤང་རུང་ཁང་གྲོང་ཚོའི་མང་ཚོགས་ཚོས་ཞིང་ཁྱིམ་དཔེ་ཁང་དུ་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ།

ཞིང་འབྲོག་མང་ཚོགས་ཚོའི“དཔེ་དེབ་ཉོ་དཀའ་བ་དང་། གཡར་དཀའ་བ། བལྟ་དཀའ་བ”བཅས་ཀྱི་དཀའ་ངལ་སེལ་སླད་རྒྱལ་རྩེ་རྫོང་ལྕང་ར་ཤང་རུང་ཁང་གྲོང་ཚོས་ས་གནས་མང་ཚོགས་ཚོར་མཁོ་གལ་ཆེ་བའི་ཞིང་ལས་ཚན་རྩལ་སྐོར་གྱི་ཤེས་བྱའི་དཔེ་དེབ་ཞིང་ཁ་དང་རྣང་མཚམས་སུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་སྟེ། ཡིག་ཆ་གཞི་རིམ་དུ་སྐྱེལ་བ་དང་། ཚན་རིག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་བཅས་ཀྱིས་ཞིང་པ་ཚོར“དུས་ཐོག་ཆར་པ”ལྟ་བུའི་ལེགས་སྐྱེས་བསྩལ་ཏེ་འདེབས་འཛུགས་དང་། གསོ་སྤེལ་ཁྲོད་དུ་འཕྲད་པའི་གནད་དོན་སེལ་རོགས་བྱས་པ་རེད།

འབྲེལ་ཡོད་རྩོམ་ཡིག