ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མངོན་མིན་རིག་གནས་རྒྱུན་འཛིན་པའི་ཁྲིད་སྦྱོང་ཁ་གསབ་དངུལ་སྤར་རྒྱུ།

2016-04-04
ཀ +

        ཚེས་30ཉིན་གསར་འགོད་པས་རིག་གནས་པུའི་དུས་ཚིགས་དང་པོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2016ལོ་ནས་བཟུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་ཁྲི་2བར་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ཁ་གསབ་རོགས་དངུལ་དེ་གཙོ་བོ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁྲིད་སྦྱོང་ཐད་སྤྱོད་རྒྱུ་ཡིན་པ་ལས་འཚོ་བའི་ཁ་གསབ་རོགས་དངུལ་མིན་པ་རེད།

        2008ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཁྲིད་སྦྱོང་ཐད་ཁ་གསབ་རོགས་དངུལ་སྤྲོད་འགོ་བཙུགས་པ་དང་། ཁ་གསབ་ཚད་གཞི་ནི་མི་རེར་ལོ་རེར་སྒོར་8000ཡིན་ཞིང་། 2011ལོར་ཁ་གསབ་ཚད་གཞི་སྒོར་ཁྲི་1བར་མཐོ་རུ་བཏང་ཡོད། རིག་གནས་པུའུ་མངོན་མིན་རིག་གནས་ཤུལ་བཞག་སིའི་སྐོར་ཞིབ་པ་མཱ་ཧྲེང་ཏེ་ཡིས“ད་ཐེངས་སླར་ཡང་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་བཏང་བ་དེས་རྒྱུན་འཛིན་པ་ཁག་གཅིག་ཁྲིད་སྦྱོང་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་དང་། རྒྱུན་འཛིན་པའི་ཧུར་བརྩོན་རང་བཞིན་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཡོངས་ལ་ཁྲིད་སྟོན་བྱས་ཏེ་རྒྱུན་འཛིན་པར་སྲུང་སྐྱོང་བྱེད་པའི་ཐད་དོ་ཁུར་དང་སྣང་ཆེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད་པ་རེད།

འབྲེལ་ཡོད་རྩོམ་ཡིག