ཧྲེན་ཀྲེན་ནས་ཕེབས་པའི་མཁྱེན་ལྡན་མ་ཝང་ལགས་ཀྱིས་དགའ་སྤྲོ་ཆེན་པོས་ཁ་པར་ཐོགས་ཏེ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་པར་དུ་ལེན་བཞིན་པ།
“བོད་ཀྱི་ཅང་ནན”པིར་གྱིས་བྲིས་ལྟར་མཛེས། ཉིང་ཁྲིའི་ཁམ་སྡོང་བང་རིམ་བཞིན་དུ་བཀྲ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་སྐྱེད་ཚལ་ནང་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དག་དགའ་བདེའི་དཔལ་གྱིས་རབ་ཏུ་མྱོས་ཏེ། མེ་ཏོག་ཚོམ་བུའི་ཁྲོད་ནས་ཕྱིར་ལྡོག་རྒྱུའང་བརྗེད་དེ་མཆིས།
ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྗོངས་རྒྱུ་བ་རྣམས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་ཡུལ་ལྗོངས་ཁུལ་དུ་ཕེབས་ཏེ་པར་ཆས་དང་ཁ་པར་གྱིས་རི་བོ་གནམ་ལྕགས་འབར་བའི་མཛེས་ཉམས་པར་དུ་ལེན་བཞིན་པ།
ད་ལོར་ཉིང་ཁྲིའི་སྐབས་བཅུ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དབུ་འབྱེད་མཛད་པ་དང་དུས་མཚུངས། ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར་བྱ་གཞག་ཉིན་རེ་བཞིན་ཚ་ཚ་འུར་འུར་དུ་འགྱུར་བཞིན་ཡོད་པ་སྟེ། ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་དབུ་འབྱེད་ཉིན་མོ་ཁོ་ནར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་རྐ་ལ་གྲོང་ཚོས་ཡུལ་སྐོར་བ 5000ལྷག་ལ་སྣེ་ལེན་བྱས་པ་དང་། སྒོ་འཛིན་ཡོང་འབབ་སྒོར་ཁྲི3ཟིན་ཡོད་པ་རེད།