ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཁེལ་འཐག་ལག་རྩལ། འབབ་འཕར་ཐབས་མཆོག

2016-05-09
        བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དྲུག་བརྒྱ་གྲོང་ཚོའི་བལ་ལས་སྣོན་མཉམ་ལས་ཁང་དེ་2012ལོའི་ཟླ་3པར་བཙུགས་པ་དང་། བལ་གྱི་ཀམ་པ་ལི་དང་། བོད་རུམ། སྣམ་བུ། ཁ་དཀྲིས་སོགས་བལ་གྱི་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར་མཉམ་ལས་ཁང་དེར་ལས་མི་52ཡོད་པ་དེ་དག་གིས་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ད་ཆ་གནའ་བོའི་བོད་ཀྱི་འཁེལ་འཐག་ལག་རྩལ་གྱིས་དྲུག་བརྒྱ་གྲོང་ཚོའི་ཡུལ་མི་རྣམས་འབྱོར་ཕྱུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད་ཅིང་། འདི་ནི་མཉམ་ལས་ཁང་དེའི་ལས་མིས་འཁོར་ཁང་ནང་སྤུན་འཁེལ་བའི་གནས་ཚུལ་ཡིན་པ།
འབྲེལ་ཡོད་རྩོམ་ཡིག