ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གཞིས་རྩེའི་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོས་སྣམ་བུའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་པ།

2016-05-26
        གཞིས་རྩེ་ས་ཁུལ་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོ་ནི་སྣམ་བུའི་ཁྱད་ལྡན་ཐོན་ལས་ཀྱི་ལྟེ་བའི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོ་དེ་གའི་ངལ་རྩོལ་ནུས་ཤུགས80%ཡིས་འབྲེལ་ཡོད་ལག་རྩལ་ཁོང་དུ་ཆུད་པ་དང་།2009ལོར་སྣམ་བུའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ལྷ་རྩེ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར350འཕར་ནས་ལོ་རེར་ཡོང་འབབ་བསྡོམས་སྒོར་ཁྲི160དང་ཁེ་གཙང་ཡོང་འབབ་སྒོར་ཁྲི60ཡན་ཟིན་ཞིང་། འདི་ནི་ཟླ10ཚེས17ཉིན་ལྷ་རྩེ་རྫོང་གི་སྐབས་གསུམ་པའི་སྟོད་གཞས་རིག་གནས་དང་ཚོང་འདུས་ཐོག་སྟོན་པའི་སྣམ་བུ་དང་། པང་གདན། སྐེ་རགས། བོད་ཆས་སོགས་མི་རིགས་ལག་ཤེས་ཐོན་རྫས་ཉོ་ཚོང་བྱེད་པའི་གནས་ཚུལ་ཡིན་པ།།
འབྲེལ་ཡོད་རྩོམ་ཡིག