ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི་ཁག7པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གཟེངས་བསྟོད་ཚོགས་འདུ་འཚོགས་པ།

2016-06-20

ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་། པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཝུའུ་དབྱིང་ཅེས་གསུང་བཤད་གནང་བ།

འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཁག་བདུན་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིར་གཟི་བརྗིད་ལག་ཁྱེར་གནང་བའི་གནས་ཚུལ་ཡིན་པ།

ཚེས་17ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སར་ལྗོངས་ཡོངས་ཀྱི་ཁག་བདུན་པའི་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ལས་དོན་ལ་ཕྱོགས་སྡོམ་སྔར་བས་བྱས་ཏེ་དུས་སྐབས་གསར་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་གངས་ལྗོངས་ས་མཐོར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་ཐེབས་པ་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཝང་གཡུང་ཅུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།

ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་གནང་བ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་300ལྷག་ཙམ་གྱི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་།ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ལོ་གསུམ་རིང་ལས་ཀར་འབད་འབུངས་དང་སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཝུའུ་དབྱིང་ཅེས་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་བློ་ལ་བཅངས་ཏེ་བོད་སྐྱོར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ཏེ་བོད་འཛུགས་སྐྲུན་དང་། བོད་འཕེལ་རྒྱས། བོད་བརྟན་ལྷིང་། བོད་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ལས་འགན་དུ་བརྩིས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་བདེ་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ངང་ལས་དོན་བསྒྲུབས་ཏེ་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་སྤྱོད་ཚུལ་དང་། འགག་སྒྲོལ་དཀའ་སེལ་གྱི་ཀུན་སྤྱོད་བཟང་པོ། སྒྱུར་བཅོས་གསར་གཏོད་ཀྱི་ཁྱད་དུ་འཕགས་པའི་འཇོན་ཐང་། ལས་ཀའི་སྤྱོད་ཚུལ་བཟང་པོ། རང་གཅུན་ནན་པོའི་རྣམ་པ་བཟང་པོ་བཅས་མངོན་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་རེད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གནད་སྨིན་ཤུགས་འདོན་ལ་མཐོང་ཆེན་བྱེད་པ། ཕྱོགས་བསྡུས་ཀྱི་ཕན་འབྲས་ཐོན་པ་བཅས་བྱས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་གསལ་པོ་ཤེས་པ་བྱས་ཏེ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་དཀའ་སྤྱད་འབད་འཐབ་ཟུང་འབྲེལ་དམ་ཟབ་བྱས་ནས་བོད་སྐྱོར་གྱི་སྟོབས་ཤུགས་སྤྱི་འདོམས་དང་། བོད་སྐྱོར་གྱི་ཐོན་ཁུངས་བསྡུ་སྒྲིལ། ནོར་སྲིད་དང་། མ་འཇོག དངུལ་རྩ། ཤེས་ལྡན་མི་སྣ་སོགས་ཐད་ཀྱི་དམིགས་བསལ་རོགས་སྐྱོར་སྲིད་ཇུས་མཐུན་སྦྱོར་དོན་འཁྱོལ་ཡག་པོ། དཔལ་འབྱོར་གྱི་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར། ཐོན་ལས་ཀྱི་བོད་སྐྱོར། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཆེད་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྔ་བར་ཕྱི་གསུམ་དུ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རྣམས་ཐོན་ཁུངས་རྩ་ཆེན་དུ་བརྩིས་ཏེ་སེམས་ཁུར་གཅེས་སྐྱོང་བྱེད་པ་དང་སློབ་གསོ་དང་། དོ་དམ། ཞབས་ཞུའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཁོང་ཚོར་ལས་སྒྲུབ་ལས་གཏོད་དང་། འཇོན་ཐང་ངོམས་རྒྱུར་ལས་སྟེགས་བསྐྲུན་དགོས་པ་དང་འབྲེལ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བརྗེ་པོ་རྒྱག་པ་དང་ལས་འགན་རྩིས་སྤྲོད་རྩིས་ལེན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

ཧན་ཏིང་དང་ཀའོ་པའོ་ཅུན་སོགས་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།

འབྲེལ་ཡོད་རྩོམ་ཡིག