འདི་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་སྐབས་ཐོན་ལས་འཕེལ་རྒྱས་ལ་བརྟེན་པ་དང་ཡུལ་བབ་ལ་བསྟུན་ཏེ“མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་མཉམ་ལས”བྱེད་པའི་གཉེར་སྐྱོང་དོ་དམ་བྱེད་སྟངས་སྤྱད་དེ། ཞིང་འབྲོག་ལས་དང་། མི་རིགས་ལག་ཤེས་ཐོན་རྫས། མཐའ་མཚམས་ཚོང་དོན་ཐོན་ལས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྣེ་ཁྲིད་བྱས་ཤིང་། འདི་ནི་པ་སྣམ་རྫོང་དགའ་སྡོང་དར་རྒྱས་སྲོལ་རྒྱུན་རྒྱན་གོས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཟོ་པས་གྱོན་གོས་འཚེམ་པའི་གནས་ཚུལ་ཡིན་པ།