ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་།

2016-06-24

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མིན་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་ལ་མཇལ་འཕྲད་གནང་།

ཞིས་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་ཕན་ཚུན་བར་ཧ་ཅང་ཡིད་ཆེས་བྱེད་པའི་འཐའ་ཇུས་གྲོགས་པོ་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མང་པོ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་། མཐོ་རིམ་ཇུས་འགོད་བྱ་བ་བཟང་བོར་བསྒྲུབས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་ནང་གི་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་མ་ཟད། ཞིང་ལས་དང་རྨང་གཞིའི་སྒྲིག་ཆས། རྒུད་སྐྱོབ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཞིས་ཅིན་ཕིང་གིས་གསུངས་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བའི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་དང་། ད་རུང་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དང་མཉམ་དུ་འབད་བརྩོན་བྱས་ནས། ཧྲང་ཧེ་སྙིང་སྟོབས་དར་སྤེལ་དང་རྒྱུན་འཁྱོངས་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ཁོངས་གཏོགས་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་དང་དར་རྒྱས་གོང་འཕེལ་ཡོང་བར་བྱས་རྗེས་སྔར་ལས་མང་པོ་འཇོག་འདོད་ཡོད་ཟེར།

ལཱ་ཧི་མིན་གྱིས་བཤད་རྒྱུར། ཐ་ཅི་ཁི་སི་ཐན་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། ཀྲུང་གོ་ཕྱོགས་དང་རྨང་གཞིའི་སྒྲིག་ཆས་དང་གློག་ཤུགས་གསར་གཏོད། ཞིང་ལས། ས་གནས། མི་གཞུང་། བདེ་འཇགས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ལ། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཞི་བའི་གཅིག་གྱུར་གྱི་ལས་དོན་ཆེན་མོར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ནན་ཧེ་རྒྱ་མཚོའི་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ནས། ནན་ཧེ་རྒྱ་མཚོའི་གནད་དོན་རྒྱལ་སྤྱི་ཅན་དུ་སྒྱུར་བར་ངོ་རྒོལ་བྱེད་ཀྱིན་ཡོད་ཟེར།

འབྲེལ་ཡོད་རྩོམ་ཡིག