ཁ་ལེ་ཧྥོར་ཉི་ཡས་སྨི་གྲུ་བཞི་མ་འབུམ་བདུན་ཅན་གྱི་ཆུ་མཛོད་ནང་ཉི་ཡོལ་འགྱིག་རིལ་ནག་པོ་བྱེ་བ་དགུ་དང་ས་ཡ་དྲུག་བཏབས་པ་ནི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་བརྒལ་བ་ཁོ་ན་ཙམ་མ་ཡིན་པར་དེ་ནི་འཛམ་གླིང་ཐོག་ཉི་ཡོལ་འགྱིག་རིལ་དངོས་སུ་བེད་སྤྱད་དེ་ཆུའི་ཐོན་ཁོངས་ལ་སྲུང་སྐྱོབ་བྱེད་པའི་སྔར་མེད་ཀྱི་བྱ་སྤྱོད་ཅིག་རེད། ཟླ ༨ པའི་ཚེས ༡༡ ཉིན་ཉིན་རེའི་སྦྲགས་སྲིད་ཚགས་པར་གྱིས་གནས་ཚུལ་སྤེལ་བར། ཨ་མེ་རི་ཀའི་ཁ་ལེ་ཧྥོར་ཉི་ཡའི་ལོ་སི་ཨན་ཇོ་གྲོང་ཁྱེར་གྱིས་དངོས་ཤུགས་འབོར་ཆེན་དེ་འདྲ་གཏོང་དོན་ནི་ཡུལ་དེའི་ཆུའི་ཐོན་ཁུངས་གཙོ་ཤོས་ཞི་ཨེར་མ་ཆུ་མཛོད་སྲུང་སྐྱོབ་བྱ་ཆེད་རེད།
ཆུ་ཁར་གཡེང་བའི་འགྱིག་རིལ་འདིས་ཆུ་མཛོད་ཀྱི་རླངས་འགྱུར་འགེབས་སྲུང་ཐུབ་པའི་མི་ཚད། ལོ་རེར་ཀ་ལུན་ཏུན་དུང་ཕྱུར་༣(ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་མ༡༡༣)ཀྱི་ཆུ་ངོས་རླངས་པར་འགྱུར་ཚད་ཇེ་ཉུང་དུ་གཏོང་ཐུབ་པ་དང་། དེ་ལས་གྲོན་ཆུང་བྱས་པའི་ཆུས་མི་འབོར ༨༡༠༠ ཡི་ལོ་གཅིག་གི་སྤྱོད་ཆུ་ཐག་གཅོད་བྱེད་ཐུབ། བཤད་ཚུལ་ལྟར་ན་འགྱིག་རིལ་འདིའི་ཕྱི་ཤུན་ནག་པོས་སྨུག་ཕྱིའི་འོད་འགོག་ཐུབ་པས། སྔོན་སྲིད་གཞུང་གིས་ཆུ་མཛོད་ཁག་གཉིས་སུ་ཕྱེ་ནས་དམིགས་བསལ་གྱི་རྒྱུ་ཆ་སྤྱད་དེ་འགེབས་སྲུང་བྱེད་རྒྱུའི་འཆར་གཞི་བཟོ་སྐབས། སྔོན་དཔག་བྱས་པའི་གྲོན་དངུལ་ནི་ཨ་སྒོར་དུང་ཕྱུར་སུམ་བརྒྱ་ཡིན་མོད། ཐེངས་འདིའི་འགྱིག་རིལ་དེ་བེད་སྤྱོད་བྱས་སྟབས། སྔར་གྱི་སྔོན་རྩིས་ལས་ཨ་རིའི་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔའི་འགྲོ་གྲོན་ཙམ་ལས་གཏོང་མ་དགོས་པ་རེད།
ཁ་ལེ་ཧྥོར་ཉི་ཡ་སྲིད་གཞུང་གིས་རྒྱུ་ཤུགས་འབོར་ཆེན་འདི་འདྲ་བཏང་ནས་ཆུ་མཛོད་ཀྱི་སྤྱོད་ཆུ་ཉར་གསོག་བྱ་དོན་ཡང་གཙོ་བོ་བསྟུད་མར་ལོ་བཞིའི་རིང་གི་ཐན་སྐྱོན་གྱིས་ཡུལ་དེའི་མི་རྣམས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པར་རག་ལས་ཡོད། ཉིག་ཡོག་སྐབས་དོན་ཚགས་པར་གྱིས་གནམ་གཤིས་ཚན་རིག་པའི་གཏམ་དྲངས་ཏེ། ཁ་ལེ་ཧྥོར་ཉི་ཡར་བསྟུན་མར་ལོ་བཞིར་བྱུང་བའི་ཐན་སྐྱོན་ནི་ལོ་ངོ ༡༢༠༠ ཡི་ཚུན་ལ་ཚབས་ཆེ་ཤོས་ཀྱི་ཐན་སྐྱོན་ཞིག་ཡིན་ཡང་སྲིད་ཅེས་བསྒྲགས་ཡོད།
ཁ་ལེ་ཧྥོར་ཉི་ཡའི་ས་འོག་ཆུའི་བསགས་ཚད་དང་ཆུ་མཛོད་ཀྱི་ཆུ་གནས་རྒྱུན་མཐུད་ངང་མར་ཆག་བཞིན་པ་དང་བསྟུན་ནས། ཁ་ལེ་ཧྥོར་ཉི་ཡའི་ས་ཁོ་ཐུའོ་མན་ཐུའོ་ཡི་ལྷོ་ངོས་སུ་ཆགས་པའི་ཁྱིམ་ཚང་གི་སྤང་ཐང་དེ་ཀུན་གྱི་རྒྱས་སྤྲོས་ཆེ་ཤས་སུ་གྱུར་བའི་སྤྱོད་དངོས་ཤིག་ཏུ་ཆགས་ཡོད། ཐ་ན་ཁ་ལེ་ཧྥོར་ཉི་ཡ་སྲིད་གཞུང་གིས་གྲོང་ཁྱེར་སོ་སོའི་སྡོད་དམངས་ཀྱི་གཟའ་རེའི་སྒོ་རར་ཆུ་གཏོང་བའི་ཉིན་གྲངས་ལའང་ཚོད་འཛིན་ནན་མོ་བྱས་ཡོད་པ་རེད། དཔེར་ན། ཐན་སྐྱོན་བར་མ་ཆད་པར་བྱུང་ཚེ་སྡོད་དམངས་ཀྱིས་སྲིད་གཞུང་གིས་བགོ་བཤའ་བརྒྱབ་པ་ལྟར་ཆུ་སྤྱོད་དགོས་པ་ལྟ་བུའོ། །
གོང་གི་པར་རིས་ལས་ལོ་བཞིའི་ཡར་སྔོན་གྱི་ཁ་ལེ་ཧྥོར་ཉི་ཡ་ཨའོ་ལུའོ་ཝེ་ཨེར་ཆུ་མཛོད་ཀྱི་ཆུ་གནས་མར་ཆག་ཚད་མཐོང་ཐུབ།
འཚོ་བའི་སྤྱོད་ཆུ་ཚོད་འཛིན་ནས་ཆུའི་ཐོན་ཁུངས་སྙོམས་སྒྲིག་གི་བར་དུ་སྲིད་གཞུང་གིས་ཆུ་མཛོད་དང་སྤྱོད་ཆུ་བསགས་པར་སེམས་ཤུགས་ཡོད་རྒུ་བཏོན་པ་ཤེས་ཐུབ་ཀྱང་། ཁ་ལེ་ཧྥོར་ཉི་ཡ་ཆགས་ས་དེ་བྱེ་ཐང་ཁྲོད་ཀྱི་སྤང་ས་ཡིན་པ་དང་། གནམ་གཤིས་ཀྱི་རིགས་ལས་ས་དབུས་རྒྱ་མཚོ་ཆེན་པོའི་ནམ་ཟླ་གཙོས་གྲུབ་པས། དབྱར་དུས་ཚ་གདུག་ཆེ་ལ་ཆར་ཆུ་ཉུང་བ་རེད། ཆུ་ཁུངས་གཙོ་བོ་ནེ་ཝ་ཏ་རི་བརྒྱུད་ཀྱི་གངས་ཆུ་ཡིན་ཡང་། ད་ལོའི་ཟླ་བཞི་བ་ནས་བཟུང་ནེ་ཝ་ཏ་རི་བརྒྱུད་ཀྱི་གངས་གསོག་ཚད་དེ་ལོ་རྒྱུས་ཀྱི་ཟིན་ཐོ་ལས་དམའ་ཤོས་སུ་ཆགས་སྟབས། ཁ་ལེ་ཧྥོར་ཉི་ཡའི་ཆུ་མཛོད་ཀྱི་ཆུ་བསགས་ཚད་ཀྱིས་ས་དེར་ལོ་གཅིག་ཙམ་ལས་ཆུ་མཁོ་འདོན་མི་ཐུབ་པའི་གནས་སུ་ལྷུང་ཡོད་པ་རེད།
གངས་ཆུ་ཇེ་ཉུང་དུ་ཕྱིན་པར་བསྟུན་ནས་ཟླ་བདུན་པ་དང་བརྒྱད་པའི་བར་དུ་མེ་སྐྱོན་མཚམས་མི་ཆད་པར་བྱུང་ཞིང་། མངའ་སྡེ་ཡོངས་ཀྱི་ཚ་བ་ཆེ་ལ་སྐམ་གཤིས་དོད་པའི་གནམ་གཤིས་ཀྱིས་རི་ཀླུང་གང་སར་འགོག་ཐབས་མེད་པའི་མེ་སྐྱོན་མཆེད་པ་རེད། མེ་རླུང་གྲོགས་སུ་སྡེབ་པའི་ཐོག ད་ལོར་ཁ་ལེ་ཧྥོར་ཉི་ཡ་ཐན་སྐྱོན་ཧ་ཅང་ཛ་དྲག་ཡིན་སྟབས། ཁ་ལེ་ཧྥོར་ཉི་ཡའི་ནགས་ཚལ་མེ་སྐྱོན་ད་སྔ་བར་གསོད་ཐུབ་མེད་པར་ལུས་ཡོད། སྲིད་གཞུང་གི་མགྲིན་ཚབ་པ་ནས་སྐམ་ཤས་ཆེ་བའི་གནམ་གཤིས་འོག་མེ་སྐྱོན་གྱི་འབྱུང་རྐྱེན་དེ་གཙོ་བོ་གློག་ཞགས་འཁྱུག་པ་ལས་བྱུང་བར་བཤད།
པར་རིས་འདི་ནི་ལས་བྱེད་པས་ཉི་ཡོལ་འགྱིག་རིལ་ཆུར་གཡུགས་པའི་ཚུལ་ཡིན།
པར་རིས་འདི་ནི་ལས་བྱེད་པས་ཉི་ཡོལ་འགྱིག་རིལ་ཆུར་གཡུགས་པའི་ཚུལ་ཡིན།