དབྱིན་ཇིའི《ཉིན་རེའི་སྦྲགས་ཚགས་ཀྱིས》 ཟླ ༨ པའི་ཚེས ༡༩ ཉིན་གསར་འགྱུར་སྤེལ་དོན། ཧིན་རྡུ་ཉི་ཞི་ཡའི་ནགས་ཚལ་ཁྲོད་དུ། གྲོག་མའི་ཚོགས་ཅིག་གིས་སྟར་ཕྲེང་གསུམ་སྒྲིག་ཏེ་རྡོག་རྩ་གཅིག་སྦྲེལ་གྱིས་ཤིང་འབྲས་དབོར་འདྲེན་བྱེད་བཞིན་འདུག བརྙན་ལེན་པས་ཡ་མཚན་གྱི་རྣམ་པ་འདི་པར་བླངས་འདུག
པར་ནང་དུ། གྲོག་མའི་གྲལ་གཅིག་གིས་སྡོང་བོའི་ཡལ་ག་ཕྲ་བུའི་སྟེང་དུ་འཛེགས་ཏེ། ཤིང་འབྲས་ལ་སོ་བཏབས་ནས་འཐུས། ཁོ་ཚོའི་ལུས་ཙུང་ཆུང་ཆུང་དེར་སྟོབས་ཤུགས་ཧང་སང་དགོས་པ་འདུག་ལ། རང་ལུས་ལས་ཆེ་བའི་ཤིང་འབྲས་དེ་དག་དབོར་འདྲེན་བྱེད་པར་དཀའ་ཁག་ཅུང་ཙམ་ཡང་མི་འདུག ཤིང་འབྲས་དེ་གྲོག་ཚང་དུ་སྤོར་བའི་ཆེད་དུ། གྲོག་མ་ཚོ་སྟར་ཕྲེང་གསུམ་ལ་སྒྲིག་ཏེ་ཡལ་གའི་སྟེང་ནས་ཐུར་དུ་དཔྱངས་དགོས་པ་དང་། རྣམ་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་འདུག ཁོ་ཚོའི་མདུན་དུ་སྡོམ་དཀར་ཆེན་པོ་ཞིག་སླེབས་པས་ན། གྲོག་ཚོགས་མཉམ་དུ་འདུས་ཏེ་ངོ་རྒོལ་བྱེད་ཀྱི་འདུག
གྲོག་མ་ཐུར་དུ་དཔྱངས་པ།
གྲོག་མས་སྟར་ཕྲེང་སྒྲིག་པའི་རྣམ་པ།
གྲོག་མ་ཐུར་དུ་དཔྱངས་པ།
གྲོག་མ་ལས་འཕྲོས་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས།
ཤིང་འབྲས་དབོར་བཞིན་པའི་གྲོག་མ་ཚོ།
སྡོམ་དཀར་དང་གྲོག་མ་འཛིང་རེས་བྱེད་བཞིན་པ།
ཆུང་བ་མིག་གིས་མཐོང་མི་ཐུབ་པའི་རྣམ་པ་འདི་བརྙན་ལེན་པ Eko Adiyanto ཡི་པར་ཆས་ཀྱིས་ད་གཟོད་ཕྱིན་སྟོན་བྱུང་ཐུབ་པ་རེད།