སི་རི་ཡའི་ཡུལ་བྱོལ་པས་ཞལ་ཁེབས་གྱོན་ནས་ལེ་པ་ནོན་གྱི་རྨོ་ཞིང་དུ་སོ་མ་ར་ཙ་འདེབས་བཞིན་ཡོད། སི་རི་ཡ་ནས་ཡོང་བའི་ལས་མི་ཞིག་གིས་ལེ་པ་ནོན་ནས་ཞིང་ལས་གཉེར་ནས་ལོ་ངོ་དུ་མ་ཕྱིན་སོང་། དེ་སྔོན་ཁོ་ཚོས་ཡུལ་དེར་ཟླ་བ་ཁ་ཤས་ལ་ངལ་རྩོལ་བྱས་རྗེས་ཕ་ཡུལ་ལ་ལོག་པ་རེད། ཡིན་ནས་ཐད་བསྐྱོད་ཚོགས་པ་དབྱི་སི་ལན་རྒྱལ་ཁབ་དར་འཕེལ་བྱུང་རྗེས། ཕ་ཡུལ་དུ་ལོག་ཀྱང་ཉེན་ཁ་ཆེན་པོ་ཡོད། ལྷག་པར་ཁོ་ཚོའི་ལས་ཀ་དུ་ནག་ལ་འབྲེལ་བ་ཡོད་ཕྱིར་དབྱི་སི་ལན་རྒྱལ་ཁབ་ཀྱིས་ནག་ཉེས་ཆེན་པོ་ཞིག་ཏུ་བརྩིས་ཡོད་པ་རེད། ལོ་བཅོ་ལྔར་སོན་པའི་ཨའེ་ཧྲ་ན་རེ། གལ་སྲིད་དབྱི་སི་ལན་རྒྱལ་ཁབ་ཀྱིས་རང་ཚོའི་ལས་ཀ་འདི་ཡིན་པ་ཤེས་རྗེས་གསོད་ངེས་པ་ཤ་སྟག་ཡིན་ཟེར།
ལེ་པ་ནོན་གྱི་རླངས་འཁོར་འཇོག་ས་ཞིག་ཏུ། སོ་མ་ར་ཙ་མང་པོ་ཞིག་སྤུངས་འདུག བུད་མེད་ཅིག་དང་ལོ་༡༣ལ་སོན་པའི་བྱིས་པ་ཞིག་གམ་དུ་འགྲེང་ནས་སོ་མ་ར་ཙ་དེ་དག་ལས་སྣོན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། ཁོ་ཚོ་ནི་སི་རི་ཡའི་ལ་ཁཱ་ནས་ཡོང་བའི་ཡུལ་བྱོལ་བ་ཡིན། ཁོང་ཚོའི་ཕ་ཡུལ་དབྱི་སི་ལན་རྒྱལ་ཁབ་ཀྱིས་བཟུང་བས། ལེ་པ་ནོན་ལ་བྲོས་ཡོང་ནས་ཅུང་བདེ་འཇགས་ཡིན་སར་གུར་ཕབ་ནས་བསྡད་པ་རེད། འདི་ནི་ལོ༢༩ལ་སོན་པའི་སི་རི་ཡའི་བུད་མེད་ཀྱིས་ཟླ་གཉིས་ཀྱི་སྔོན་ལ་ལོ་ལྔར་སོན་པའི་བུ་དང་། ཟླ་བ་གཉིས་ཙམ་འགོར་བའི་བུ་ཆུང་བ་བཅས་འཁྲིད་དེ་གནས་འདིར་ཡོང་།
ལེ་པ་ནོན་གྱི་ཞིང་བདག་ཧའེ་ཡན་ཏེས་བཤད་རྒྱུར། ལ་ཁཱ་ནས་ཡོང་བའི་ཞིང་པ་འདིར་ཡོང་ནས་ང་ལ་ལོ་བརྒྱད་རིང་ལ་ལས་རོགས་བྱས་སོང་ཟེར། དབྱི་སི་ལན་རྒྱལ་ཁབ་དར་ནས་བཟུང་ལེ་པ་ནོན་གྱི་ཞིང་པས་ནམ་དུས་ཡིན་ཡང་སི་རི་ཡའི་མི་ལ་དོགས་ཟོན་གྱི་མིག་གིས་བལྟས་ཡོང་།
སི་རི་ཡའི་བུད་མེད་འདིས་ཁོ་མོས་རྨོ་ཞིང་དབྱིན་མུའུ10བཏབས་ཡོད་མོད། ནམ་རྒྱུན་ཡུལ་དེའི་རིགས་རྒྱུད་རིང་ལུགས་པས་གློ་བུར་དུ་རྒོལ་དཀྲུག་བྱེད་སྲིད། ལེ་པ་ནོན་གྱི་ཡུལ་དེའི་གྲོང་མིས་ང་ཚོར་Daeshཞེས་དམོད་མོ་བྱེད། དེ་ནི་ཁོ་ཚོས་དབྱི་སི་ལན་རྒྱལ་ཁབ་ལ་དམོད་པའི་འབོད་སྟངས་ཤིག་རེད། ཉན་པ་ཙམ་གྱིས་དགོད་བྲོ་བ་ཞིག་རེད་མོད། ས་དེར་ཡོང་བའི་སི་རི་ཡའི་མི་དེ་དག་ལ་དབྱི་སི་ལན་རྒྱལ་ཁབ་ཀྱི་རྒྱབ་ལྗོངས་ཡོད་པས། ལེ་པ་ནོན་མང་པོ་ཞིག་གིས་སི་རི་ཡའི་མི་ལ་ཧ་ཅང་གཟབ་གཟབ་བྱེད།
ལེ་པ་ནོན་དུ་སོ་མ་ར་ཙ་འདེབས་འཛུགས་བྱེད་པ་ནི་ཁྲིམས་འགལ་ཡིན་ཡང་། མ་རུང་བའི་བྱ་སྤྱོད་དེ་ལས་ཁེ་བཟང་རག་ཐུབ་རྒྱུ་ཡོད་སྟབས་མི་མང་པོ་ཞིག་དེ་ལ་ཆགས་འདུག ལེ་པ་ནོན་དུ་ལས་ཀ་སྒྲུབ་ན་ཆ་སྙོམས་ཀྱི་ཟླ་ཕོགས་དེ་ཨ་སྒོར༧༠༠རེད། ཡིན་ནས་སོ་མ་ར་ཙ་འདེབས་འཛུགས་ཀྱིས་ཉིན་གཅིག་ལ་ཨ་སྒོར་ཁྲི༡༠༠༠༠༠རག་ཐུབ་ཅེས་ཤེའེ་ལི་ཧྥུ་ཡིས་སོ་མ་ར་ཙ་འདེབས་འཛུགས་ཀྱི་ཞིང་བདག་ལ་དེ་ལྟར་ལབ་བྱུང་། དེ་བས་སོ་མ་ར་ཙ་འདེབས་མཁན་གྱི་སི་རི་ཡའི་བུད་མེད་ཀྱིས་ཉིན་གཅིག་ལ་ཨ་སྒོར་༡༦བཙལ་ཐུབ་པ་དང་། ཡོང་འབབ་དེས་ཁྱིམ་མིར་རོགས་རམ་ཡག་པོ་རེ་བྱེད་ཐུབ་པ་རེད།
ལེ་པ་ནོན་དུ་སོ་མ་ར་ཙ་འདེབས་མཁན་ཚོར་མཚོན་ན་སི་རི་ཡར་ལོངས་སུ་སྤྱོད་མི་ཐུབ་པའི་རང་དབང་ཞིག་འདི་ནས་ལོངས་སུ་སྤྱོད་ཐུབ་ཡོད། སྔོན་ཆད་ང་ཚོ་སྒོ་ཕྱིར་ཆས་སྐབས་མགོ་ནས་མཇུག་བར་བཏུམས་དགོས་ལ། ཐ་ན་མིག་གཉིས་ཀྱང་ཕྱིར་མངོན་མི་རུང་། གལ་ཏེ་ད་ལྟ་ངའི་ཚུགས་ཀ་འདི་ལྟར་སི་རི་ཡ་ནས་སྒོ་ཕྱིར་ཆས་ཚེ་དབྱི་སི་ལན་རྒྱལ་ཁབ་ཀྱིས་ལྕག་གིས་ཤུགས་ཀྱིས་གཞུས་ངེས་པ་སྨྲས་མེད་ཡིན་ཞེས་ལྭ་བ་གྱོན་བཞིན་པའི་ཞལ་ཁེབས་ཅན་གྱི་བུད་མེད་ཅིག་གིས་དེ་ལྟར་བརྗོད་བྱུང་། ཁོ་མོས་མུ་མཐུད་དུ་བཤད་རྒྱུར། ལེ་པ་ནོན་དུ་སོ་མ་ར་ཙ་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་ཅུང་བདེ་པོ་ཞིག་རོལ་ཐུབ་པས། སི་རི་ཡར་ཡོད་པའི་ཁྱོ་ག་དང་བྱིས་པ་གཉིས་འདིར་འཁྲིད་ཡོང་འདོད་ཡོད། ཡིན་ཡང་ལ་ཁཱ་ནས་བྲོས་ཡོང་ན་ཉིན་ལྔ་རིང་ལ་ཧ་ལམ་རྐང་ཐང་ཁོ་ནས་བསྐྱོད་དགོས་པའི་དཀའ་ཁག་ཆེན་མོ་ཡོད་ཅེས་ལབ་བྱུང་ལ། ཕྱིར་བྱོལ་སྟངས་ཞིབ་ཕྲ་འདྲི་དུས་ཁོ་མོས་མི་འདོད་པར་གསང་བྱུང་།