ཟླ4བའི་ཚེས18ཉིན་ལ་2016ལོའི་ཕུ་ལི་ཚེའི་རྟགས་མ་ཐོབ་མཁན་གྱི་མཚན་ཐོ་དེ་ཁོ་ལོམ་པི་ཡ་སློབ་ཆེན་ནས་ཡོངས་བསྒྲགས་བྱས། ཨ་རིའི་ཉིག་ཡོ་དུས་ཚགས་ཀྱི་བརྙན་ལེན་གསར་འགོད་པ་བཞི་དང་ལུ་ཐོའུ་གསར་འགྱུར་ཁང་གི་བརྙན་ལེན་རུ་ཁག་བཅས་ཀྱིས་བླངས་པའི་ཡོ་རོབ་ཡུལ་འཁྱར་བའི་ཉམས་ཉེན་སྐོར་གྱི་གསར་འགྱུར་པར་རིས་ལ་ཐོལ་བྱུང་གསར་འགྱུར་པར་ལེན་གྱི་བྱ་དགའ་ཐོབ། པར་རིས་འདི་ནི་2015ལོའི་ཟླ8པའི་ཚེས11ཉིན་ལ་ཀེ་རི་སེའི་ཁོ་སི་གླིང་ཕྲན་གྱི་མཚོ་ཁོངས་སུ་སི་རི་ཡའི་ཡུལ་འཁྱར་བའི་གྲུ་ཆུང་ཞིག་ཆག་སྐྱོན་ཤོར་རྗེས་མཚོ་ངོས་སུ་གཡེང་བའི་རྣམ་པ་རེད།
2015ལོའི་ཟླ11པའི་ཚེས7ཉིན་ལ། ཡུལ་འཁྱར་བ་གྲངས་མེད་པ་ཞིག་གིས་རྐྱལ་གོས་ཀེ་རི་སིའི་ལའེ་སི་པའོ་གླིང་ཕྲན་དུ་གཡུགས་བཞག་པ།
2015ལོའི་ཟླ9བའི་ཚེས5ཉིན་ལ་ཧང་ག་རིའི་བྷུ་ཏ་ཕི་སི་ས་ཆར་སི་རི་ཡ་ནས་ཡོང་བའི་བཟའ་མི་ཡོངས་བྷུ་ཏ་ཕི་སི་ནས་ཝེ་ཡེ་ནའི་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་དུ་རྐུབ་མེད་ཐང་ལ་ཉལ་བ།
2015ལོའི་ཟླ9བའི་ཚེས16ཉིན་ལ་ཧང་ག་རི་དང་སེར་ཝེ་ཡའི་ས་མཚམས་སུ། ཉེན་རྟོག་པས་ས་མཚམས་བརྒལ་ནས་སེར་ཝེ་ཡར་བསྐྱོད་བཞིན་པའི་ཡུལ་འཁྱར་བར་སུར་པན་ཁ་ཚའི་རླངས་པ་དང་ཆུ་སྒྱོགས་སོགས་གཏོར། འདི་ནི་སྐྱེས་པ་ཞིག་གིས་དེའི་ཁྲོད་རང་གི་བུ་སྐྱོབ་བཞིན་པའི་ཚུལ་རེད།
2015ལོའི་ཟླ8པའི་ཚེས15ཉིན་ལ། ཀེ་རི་སེའི་ཁོ་སི་གླིང་ཕྲན་དུ། དབྱི་རག་བ་Laith Majidཡངས་ཤ་དོད་པའི་འགྱིག་གྲུ་ཞིག་ལ་བསྡད་དེ་བདེ་བླག་ངང་ཁོ་སི་གླིང་ཕྲན་ལ་འབྱོར་རྗེས་ཤ་མཆེད་ཀྱི་བུ་ཕྲུག་གཉིས་ལ་དམ་དུ་འཁྱུད་དེ་ངུ་དགོད་བྱས་བྱུང་།
2015ལོའི་ཟླ11པའི་ཚེས1ཉིན་ལ། ཡུལ་འཁྱར་བའི་བེམ་རོ་ཞིག་རླབས་ཀྱིས་མཚོ་ངོགས་སུ་གཡུགས་འདུག
ཡུལ་འཁྱར་བ་མང་པོ་ཀེ་རི་སེའི་ཁོ་སི་གླིང་ཕྲན་དུ་ཕྱོགས་པའི་དབང་གིས་གླིང་ཕྲན་གྱི་ཡུལ་འཁྱར་བའི་ཐོ་འགོད་ལྟེ་གནས་སུ་ཐོ་འགོད་བྱེད་མཁན་ཚང་ཁ་ཤིག་ཤིག་བྱེད། འདི་ནི་མི་ཚོགས་ཀྱི་འཕག་འཚག་ཁྲོད་ཡུལ་འཁྱར་བ་ཞིག་གིས་ངལ་ཐང་ཅུང་རེ་གསོ་བཞིན་པའི་ངང་ཚུལ་རེད།
2015ལོའི་ཟླ8པའི་ཚེས27ཉིན་ལ། སི་རི་ཡའི་ཡུལ་འཁྱར་བ་ལྕགས་རིར་འཛུལ་ནས་ཧང་ག་རིར་ཆས་བཞིན་པ།
གྲུ་གཟིངས་ཆེན་པོ་ཞིག་གིས་ཀེ་རི་སེའི་པི་ལའེ་ཨའི་ཧྥུ་སི་གྲུ་ཁ་རུ་ཡུལ་འཁྱར་བ2500བསྐྱལ་ཡོང་བ་དང་། ཨ་ཧྥུ་ཧན་གྱི་མི་ཞིག་གིས་རླངས་འཁོར་ནས་ཕྱི་ལ་ལྟ་ཞོར་ཡུལ་འཁྱར་གྱི་ས་ཚིགས་རྗེས་མའི་ཕྱོགས་སུ་བཞུད་པར་སྟ་གོན་བྱེད།
ཧང་ག་རིའི་པི་ཆི་ཁའེ་གྲོང་བརྡལ་དུ། ཡུལ་དེའི་ཉིན་རྟོག་པས་ཡུལ་འཁྱར་བ་བཟའ་མི་ཡོངས་མེ་འཁོར་དུ་སྡོད་དུ་མ་བཅུག་པས། ཁོ་ཚོ་ཐབས་ཟད་ཀྱིས་ལྕགས་ལམ་དུ་འགྱེལ་ནས་ངོ་རྒོལ་བྱས།
ཀེ་རི་སེ་དང་མ་ཆི་ཏུན་གཉིས་ཀྱི་ས་མཚམས་སུ་དྲག་ཆར་བུ་ཡུག་ཁྲོད་ལམ་ལ་ཆས་བཞིན་པའི་སི་རི་ཡའི་ཡུལ་འཁྱར་བ་ཞིག་གིས་བྲང་གི་བྱིས་པར་ཡིད་སེམས་ཀྱིས་མ་ནུས་པར་འོ་བྱེད་པ།