ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧྲང་ཧའེ་ཡི་ཟ་ཁང་ཞིག་ཏུ་གློག་མིའམ་འཕྲུལ་མིའི་ཞབས་ཞུ་བ་བྱུང་བ།

2016-04-28
        ཕེང་ཕེ་གསར་འགྱུར་དྲ་བར་(www.thepaper.cn)སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་༤ཚེས་༢༥ཉིན། རྒྱ་ནག་སྐད་དུ་ཁེན་ཏེ་ཅི་(肯德基)དང་དབྱིན་སྐད་དུ་KFCཞེས་པའི་འཛམ་གླིང་རང་བཞིན་གྱི་མགྱོགས་ཟས་ཁང་གྲགས་ཅན་དེའི་གྲོང་ཁྱེར་ཧྲང་ཧའེ་ཡི་ཡན་ལག་ཁང་ཞིག་ཏུ་ཏུའུ་མེས་(度秘)ཞེས་པའི་འཕྲུལ་མིའི་ཞབས་ཞུ་བ་ཞིག་གིས་ཐོག་མར་ཞབས་ཞུ་སྒྲུབ་མགོ་ཚུགས་ཡོད་ཅིང་། ཟ་ཁང་དེར་ཟ་མ་ཟ་མཁན་གྱིས་འཕྲུལ་མིར་ཁ་ཕྱོགས་ཏེ་རྒྱ་སྐད་ཀྱིས་རང་ལ་གང་དགོས་ཀྱི་ཟས་མངགས་ཉོ་བྱེད་ཆོག་པ་དང་། ཟས་མངགས་ཉོ་བྱས་ཚར་རྗེས་ཁ་ལོ་བ་མི་དགོས་པའི་གནམ་གྲུ་ཆུང་བ་ཞིག་གིས་མངགས་ཉོ་བྱེད་མཁན་གྱི་མདུན་དུ་ཟ་མ་སྐྱེལ་ཡོང་ལ། འཕྲུལ་མི་འདི་རིགས་ཀྱིས་ཟ་ཁང་གི་ཞབས་ཞུ་བའི་གླ་ཆ་སོགས་ཚུད་པའི་འགྲོ་གྲོན་མི་ཉུང་བ་གྲོན་ཆུང་ཐུབ་ཡོད།
        ཤེས་རྟོགས་བྱུང་བ་ལྟར་ན། འཕྲུལ་མི་དེ་ནི་ཀྲུང་གོའི་འཚོལ་བཤེར་དྲ་བ་སྐད་གྲགས་ཅན་པའེ་ཏུའུ་(百度)ཡིས་གསར་གཏོད་བྱས་པ་ཡིན་ཞིང་། འཕྲུལ་མི་དེའི་རྒྱ་ཡིག་གི་མིང་སྟེ་ཏུའུ་མེས་“度秘”ཞེས་པ་ཡིག་ངོས་ནས་གོ་བ་བླངས་ན་度ཞེས་པ་དྲ་བ་དེའི་མིང་དང་། 秘ཞེས་པ་དྲུང་ཡིག་སྟེ་དེས་པའེ་ཏུའུ་དྲ་བའི་དྲུང་ཡིག་ཅེས་པའི་དོན་མཚོན་པ་མིན་ནམ་སྙམ།
 
        པའེ་ཏུའུ་ལས་གཞན། ཅིན་ཧྭ་ཀྲེ་(进化者)ཞེས་པའི་སྤྱི་གཉེར་ཁང་ཞིག་གིས་ཀྱང་འཕྲུལ་མིའི་ཟ་ཁང་ཞབས་ཞུ་བ་ཐོན་སྐྱེད་བྱེད་བཞིན་ཡོད་པ་སྟེ། གཤམ་གྱི་བརྙན་ཐུང་དུ་གསལ་བ་ནི་སྤྱི་གཉེར་ཁང་དེས་ཐོན་སྐྱེད་བྱས་པའི་འཕྲུལ་མིའི་ཞབས་ཞུ་བས་ཞབས་ཞུ་བྱེད་བཞིན་པའི་རྣམ་པ་ཡིན་ནོ།།
འབྲེལ་ཡོད་རྩོམ་ཡིག