ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“ཀྲུང་གོའི་ནུབ་རྒྱུད་རིག་གནས་བྱ་སྤྱོད”ཡོ་རོབ་ཏུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

2016-05-19
        ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི“ཡིད་དབང་འཕྲོག་པའི་ནུབ་རྒྱུད”ཅེས་པའི་གླུ་གར་འཁྲབ་སྟོན་ཞིག་ཚེས་15ཉིན་གྱི་དགོང་དྲོ་དབྱི་ཐ་ལིའི་སྨི་ལན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་ལས“ཀྲུང་གོ་ཤེས་ཚོར་བྱེད—ཀྲུང་གོའི་ནུབ་རྒྱུད་རིག་གནས་བྱ་སྤྱོད”ཡོ་རོབ་ཏུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
        ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས“ཡིད་དབང་འཕྲོག་པའི་ནུབ་རྒྱུད”ཅེས་པའི་གླུ་གར་འཁྲབ་སྟོན་ཐོག་བོད་ཀྱི་སྲོལ་རྒྱུན་སྒྲ་སྙན་ཞབས་བྲོ《བདེ་རྩལ་འཁྱུག་པའི་གར་འགྲོས》ཞེས་པ་འཁྲབ་པ།
        ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཞིག་གིས“ཡིད་དབང་འཕྲོག་པའི་ནུབ་རྒྱུད”ཅེས་པའི་གླུ་གར་འཁྲབ་སྟོན་ཐོག་གླིང་སྒྲུང་ནང་གི《རྟ་རྒྱུག་རྒྱལ་འཇོག》ཤོད་བཞིན་པ།
        ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་འཁྲབ་སྟོན་པས“ཡིད་དབང་འཕྲོག་པའི་ནུབ་རྒྱུད”ཅེས་པའི་གླུ་གར་འཁྲབ་སྟོན་ཐོག་ཞབས་བྲོ་འཁྲབ་བཞིན་པ།
འབྲེལ་ཡོད་རྩོམ་ཡིག