ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ«སྲོང་བཙན་སྒམ་པོའི»ཐོག་མའི་འཁྲབ་སྟོན།

2016-05-03
        ཟླ༤བའི་ཚེས༢༨ཀྱི་དགོང་མོའི་ཆུ་ཚོད་བརྒྱད་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་གཙོ་སྒྲུབ་བྱས་ཤིང་རྨ་ལྷོ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་བོད་ཀྱི་ལོ་རྒྱུས་ཟློས་གར་ཆེན་མོ«སྲོང་བཙན་སྒམ་པོ»ཟི་ལིང་དུ་ཐོག་མར་འཁྲབ་སྟོན་བྱས།
        སྲོང་བཙན་སྒམ་པོ་ནི་བོད་ཀྱི་ལོ་རྒྱུས་སྟེང་གཞན་གྱིས་ཚབ་བྱེད་དཀའ་བའི་མི་སྣ་གྲགས་ཅན་ཞིག་ཡིན། ཁོང་གི་སྐུ་དུས་སུ་རྒྱ་བལ་གཉེན་དུ་བསྡེབས་ནས་མཐའ་འཁོར་མཛའ་མཐུན་གྱིས་བསྐྱངས། ཐོན་མི་རྒྱ་གར་དུ་བཏང་ནས་རིག་པའི་མེ་དཔུང་བསྒྲོན། མཐའ་བཞི་དབང་དུ་བསྡུས་ནས་བོད་ཁམས་གཅིག་གྱུར་བྱས་པ་སོགས་མཛད་པ་འཕྲིན་ལས་རྒྱ་ཆེན་བསྐྱངས་ནས་བོད་བཙན་པོའི་རྒྱལ་རབས་འཛུགས་མཁན་གྱི་མི་བུ་དེ་ཡིན། ཟློས་གར་འདིར་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་པ་འབུར་དུ་ཐོན་ཞིང་གསོན་ཉམས་ལྡན་ལ་ཡིད་འགྱུར་ཤུགས་དྲག་པོས་ཀུན་ནས་བརྒྱན་ཡོད་པ་མ་ཟད། འཁྲབ་གཞུང་དུ་ལོ་རྒྱུས་དངོས་གཙོ་སྨྲ་བའི་བླང་བྱ་དང་དུ་བླངས་ནས་འཁྱོག་བརྗོད་དང་རབ་རྟོག་སོགས་སྤངས་པས་འཁྲབ་སྟོན་གྱི་མགོ་མཇུག་བར་གསུམ་དུ་གཟིགས་མཁན་ཀུན་ལ་སྔར་མེད་ཀྱི་སྤྲོ་བ་སྦྱིན་ཐུབ།
        སྤྱི་ལོ་དུས་རབས་བདུན་པའི་མགོ་ཙམ་དུ་སླེབས་ཙ་ན་སྤུར་རྒྱལ་པའི་ཆབ་སྲིད་རྒྱ་བསྐྱེད་ནས་བོད་ཁམས་གཅིག་གྱུར་བྱེད་པའི་འཕྲིན་ལས་ཀྱི་སྒོ་འཕར་ཐོག་མར་ཕྱེ་བ་ཡིན་ཞིང་། ལུགས་གཉིས་གསེར་གྱི་འཁོར་ལོ་བསྒྱུར་བ་ཆེན་པོ་གྲགས་སྙན་སྲིད་གསུམ་ཁྱོན་ལ་ཁྱབ་པའི་མི་རིགས་ཀྱི་དཔའ་བོ་རླབས་ཆེན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་མེ་གླང་ལོ་སྤྱི་ལོ༦༡༧ལོར་བོད་དབུས་ཀྱི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་འཁྲུངས། སྐབས་དེར་ཡབ་རྒྱལ་པོ་གནམ་རུ་སྲོང་བཙན་གྱིས་བོད་དབུས་གཙང་གཉིས་རེ་ཞིག་གཅིག་གྱུར་བྱས་པར་བརྟེན་དབང་སྒྱུར་གྲལ་རིམ་ནང་ཁུལ་དུ་ཟིང་འཁྲུག་ཆེན་པོ་བསླངས། གནམ་རི་སྲོང་བཙན་ལ་དུག་དྲངས་ནས་སྐུ་ཚེ་མཐར་མ་ཕྱིན་པས། སྲས་སྲོང་བཙན་སྒམ་པོའི་སྐུ་ན་གཞོན་ཡང་ཡབ་རྒྱལ་པོའི་སྲིད་ཁྲིར་མི་བཞུགས་ཀ་མེད་བྱུང་བས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱེད་རྒྱུའི་ཁུར་ཆེན་དེ་རང་ཤུགས་སུ་སྲས་སྲོང་བཙན་གྱི་ཕྲག་ཏུ་བབས་ཏེ་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་བཙན་པོའི་གོ་ཆ་བགོས་ཏེ། རང་ཕྱོགས་ལ་བློ་དཀར་བའི་བློན་པོ་གསར་པ་རྣམས་ལ་བརྟེན་ནས་དུག་ལས་བྱེད་མཁན་གྱི་གཏེ་བོ་ཚར་གཅོད་བྱས་ཏེ་ནང་ཁུལ་བདེ་ལ་བཀོད་པར་བརྟེན། གཞི་ནས་བོད་ཁམས་གཅིག་གྱུར་བྱུང་སྟེ་བོད་ཆེན་པོའི་རྒྱལ་ཁབ་འཛུགས་པའི་འཕྲིན་ལས་རླབས་ཆེའི་འཆར་བཀོད་བསྐྲུན་ཞིང་ཐབས་མཁས་ཀྱིས་ཡབ་མེས་གོང་མའི་སྲིད་དོན་རྒྱུན་སྐྱོང་སྔར་མེད་གོང་འཕེལ་མཛད་པ་ལགས་པས་འདིར་ཕྱག་རྗེས་གཙོ་བོ་གནང་བ་ཟློས་གར་གྱི་བརྗོད་བྱ་བྱས་ནས་འཁྲབ་ཡོད།
གནམ་རི་སྲོང་བཙན།
སྣ་ནམ་གྱིས་གནམ་རི་སྲོང་བཙན་སྲོང་བཙན་ལ་དུག་ཆང་འདྲེན་བཞིན་པ།
གནམ་རི་ལ་དུག་དྲངས་རྗེས་རབ་དུ་དགའ་བའི་སྣ་ནམ།
དུག་ཕོག་རྗེས་སྲོང་བཙན་ལ་རྒྱལ་སྲིད་སྤྲོད་པ་དང་ཁ་ཆེམས་འཇོག་པ།
སྲིད་ཁྲིར་མངའ་གསོལ་བའི་སྲོང་བཙན་སྒམ་པོ།
རྒྱལ་ཁམས་གཅིག་གྱུར་དང་ཡབ་ཀྱི་དགྲ་ཤ་ལེན་པར་དམ་བཅའ་བ།
སྲིན་མོ་གན་རྐྱལ་དུ་གནས་པའི་བོད་ཡུལ་གྱི་ས་ཁམས།
གཅེས་བློན་དག་དང་མཉམ་དུ་རྒྱལ་སྲིད་ལ་གྲོས་བྱེད་བཞིན་པ།
རྡོ་དཔང་ལ་བཞག་ནས་རྒྱལ་བློན་རྣམ་པའི་མནའ་བོར་བའི་ཚུལ།
འབྲོ་བཟའ།
ཐོན་མི་བོད་དུ་འབྱོར་བའི་སྐད་གོ་ནས་སྲོང་བཙན་ཐུགས་དགྱེས་པ།
སྲོང་བཙན་གྱིས་ཐོན་མི་སློབ་དཔོན་དུ་བསྟེན་པ།
མེད་དུ་མི་རུང་བའི་བློན་ཆེན་བཞི་དང་མཉམ་དུ་ཞང་ཞུང་ལ་དམག་འདྲེན་པར་གྲོས་བྱེད་པ།
སྣ་ནམ་འགྱོད་པ་ཚད་མེད་སྐྱེས་ནས་རང་སྲོག་གཅོད་པ།
ཁྱུང་བོ་སྤུང་སད་ཟུ་ཙེས་རང་སྲོག་གཅོད་པ།
བོད་ཁམས་གཅིག་གྱུར་བྱས་རྗེས་རྒྱན་བློན་རྣམས་མཉམ་དུ་དགའ་སྐྱིད་ལ་རོལ་བ།
འབྲེལ་ཡོད་རྩོམ་ཡིག