ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འབྲུ་ཆུའི་རབ་ཁའི་མཐའ་མཇུག་གི་གྲུ་པ་ཉི་མ་ཚེ་རིང་།

2016-04-29
        བུ་འཕྲིན་ལས་དཔལ་ལྡན་གྱིས་ཡབ་ཉི་མ་ཚེ་རིང་སྐྱོར་ནས་སྡེ་བའི་མ་ཎི་ཁང་ལ་སྐོར་བ་བྱེད་པ།
 
        འདི་ལོར་དགུང་ལོ་83ལ་ཕེབས་པའི་བོད་རིགས་བགྲེས་སོང་འབྲུག་འབུམ་ཉི་མ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲུ་ཆུའི་གྲུ་མདའ་གནའ་བོའི་རབ་ཁའི་གྲུ་པ་རབས་ལྔ་པ་ཡིན་ཞིང་། ད་སྐབས་བོད་ཐང་གནའ་ལམ་གྱི་རབ་ཁ་གལ་ཆེན་འདི་འབྲུ་ཆུ་ཟམ་ཆེན་གྱིས་ཚབ་བྱས་ཡོད་པས། སྔོན་ཆད་ཉི་མ་ཚེ་རིང་དང་ཁོང་གི་ཡབ་མེས་མི་རབས་ཀྱིས་རབ་ཁ་འདི་ནས་འགྲོ་འོང་བྱེད་མཁན་དང་དངོས་ཟོག་ཕར་སྐྱེལ་ཚུར་ལེན་བྱས་པའི་ལོ་རྒྱུས་འདས་ནས་སླར་མི་ཡོང་བར་གྱུར་པ་རེད།
        བགྲེས་སོང་ཉི་མ་ཚེ་རིང་གིས་གསར་འགོད་པར"ཁོ་བོ་ལོ་20ནས་བཟུང་ཀོ་གྲུ་ཁ་ལོ་བསྒྱུར་ཏེ་འབྲུ་ཆུ་ངོགས་གཉིས་ཀྱི་མང་ཚོགས་དང་དངོས་ཟོག་ཕར་སྐྱེལ་ཚུར་ལེན་བྱས་པ་ཡིན"ཞེས་བརྗོད། 1963ལོར་འབྲུ་ཆུའི་ཟམ་ཆེན་བཙུགས་པས། ཀོ་གྲུ་བཏང་ནས་འབྲུ་ཆུར་བརྒལ་བའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།
        མིག་སྔར་ཡུལ་ཤུལ་ཁུལ་གྱིས་གྲོང་ཁྱེར་བར་གྱི་ཆུ་ཁར་གཡེང་ནས་འགྲོ་བའི་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་། ཉི་མ་ཚེ་རིང་གི་བུ་འཕྲིན་ལས་དཔལ་ལྡན་གྱིས་ཚོང་གཉེར་གོ་སྐབས་འདི་དམ་འཛིན་བྱས་ནས་ཆུ་ཁར་གཡེང་ནས་འགྲོ་བའི་ལུས་རྩལ་ཀུང་སི་ཞིག་གཉེར་ཏེ་ཡུལ་སྐོར་བ་ཚོའི་ཡིད་དབང་བཀུག་ནས་ཁྱིམ་དུ་ལུས་པའི་ཀོ་གྲུ་དེ་ཡང་བསྐྱར་འབྲུ་ཆུར་སྐྱོད་ཐུབ་པར་བྱ་རྩིས་ཡོད།
        བགྲེས་སོང་ཉི་མ་ཚེ་རིང་འབྲུ་ཆུ་འགྲམ་གྱི་གནའ་བོའི་བོད་པའི་སྡོད་ཁང་ནང་བཞུགས་ཏེ་ཞེ་ལྷོད་བག་ཕེབས་ངང་འབྲུ་ཆུ་ཤང་ཤང་དུ་འབབ་པ་ཉན་བཞིན་པ་དེ་ནི་སྔོན་ཆད་ཀྱི་འདས་དོན་བརྗོད་བཞིན་པ་ལྟ་བུ་སྣང་ངོ་།།
བགྲོས་སོང་ཉི་མ་ཚེ་རིང་གཅིག་པུ་འབྲུ་ཆུ་ཟམ་ཆེན་ཐོག་བགྲོད་བཞིན་ཡོད་པ།
བགྲོས་སོང་ཉི་མ་ཚེ་རིང་གིས་རང་ཁྱིམ་གྱི་མཆོད་ཁང་དུ་མཆོད་མེ་བསྒྲོན་པ།
སྔོན་ཆད་བཀོལ་སྤྱོད་བྱས་པའི་ཀོ་གྲུ་དང་གྲུ་ཁེམ་ལ་ལྟ་བ།
 
འབྲེལ་ཡོད་རྩོམ་ཡིག