ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པཎ་ཆེན་གྱི་ཕྱག་དབང་འཐོབ་འདོད་ན་ཅི་ལྟར་བྱ་འོས་པ་གསར་འགོད་པའི་མྱོང་བ་དང་སྦྱར་ནས་གླེང་བ།

2016-05-23 དབང་མོ།
        ཉིན་འདི་འགར་པཎ་ཆེན་གྱིས་བོད་དུ་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། གལ་སྲིད་ཁོང་གི་ཕྱག་དབང་འཐོབ་པར་འདོད་ན་འདི་ནི་སྐལ་བ་བཟང་ཤོས་རེད། དེའི་ཕྱིར་རྩོམ་སྒྲིག་པས་ཁྱོད་ལ་པཎ་ཆེན་མཆོག་གི་ཕྱག་དབང་འཐོབ་པར་འདོད་ན་ཅི་ཞིག་བྱ་འོས་པའི་ཤེས་བྱ་འགའ་ཞིག་སྤེལ་བར་བྱ།
པཎ་ཆེན་བཅུ་གཅིག་པས་མཇལ་བ་ཚོར་གཟིགས་བཞིན་པ།
        དེ་ལ་ཐོག་མར་ཁྱོད་ལ་ལས་སྐལ་བཟང་བོ་ཞིག་དགོས་ངེས་རེད། མི་ལ་ལ་ཞིག་གིས་པཎ་ཆེན་གང་དུ་ཡོད་པ་དང་བྱེད་སྒོ་ཅི་ཞིག་སྤེལ་བཞིན་པ་སོགས་ལའང་གསལ་ཆ་མེད་རུང་སྟབས་ལེགས་ནས་འཕྲད་སྲིད་པ་དང་། མི་ལ་ལས་སྔ་མོ་ནས་སྐད་ཆ་དྲིས་ཤིང་བསྒུགས་ནའང་གོ་སྐབས་ཤོར་འགྲོ་བ་མང་པོ་ཡོད། འདི་ནི་ལས་སྐལ་ཞིག་རེད་ཅེས་བརྗོད་ཆོག བོད་བརྒྱུད་ནང་བསྟན་དུ་པཎ་ཆེན་ནི་འོད་དཔག་མེད་ཀྱི་སྤྲུལ་བ་རུ་འདོད་ཅིང་། མི་རབས་ནས་མི་རབས་ལ་བརྒྱུད་པའི་དུས་ཀྱི་འཁོར་ལོའི་གདམ་པ་ཟབ་མོའི་རྒྱུད་འཛིན་པ་ཡིན་པས། ཁོང་ཉིད་སྤྲུལ་སྐུའི་རྣམ་རོལ་དུ་ཕེབས་ནས་འགྲོ་བ་སེམས་ཅན་ཐམས་ཅད་འཇིགས་རུང་གི་འཁོར་བའི་དོང་ལས་སྒྲོལ་བར་ངོས་འཛིན་པ་ཡིན། འདི་ཅུང་སྟབས་བདེ་བོར་སྨྲས་ན་སངས་རྒྱས་ཆོས་ལུགས་དུ་དུས་ཀྱི་འཁོར་ལོས་མེའི་འཇིགས་པ་དང་ཆུའི་འཇིགས་པ། ནད་ཀྱི་འཇིགས་པ། དམག་འཁྲུག་གི་འཇིགས་པ་སོགས་བཟློག་ཐུབ་པ་དང་། པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་གདམ་པ་ཟབ་མོ་འདིའི་དབང་སྐུར་བ་རེད། པཎ་ཆེན་རིན་པོ་ཆེས་འགྲོ་བ་སེམས་ཅན་ཀུན་གྱི་ཕྱིར་དུ་བདག་ཉིད་འཚང་མི་རྒྱ་བར་སྤྲུལ་བའི་སྐུ་རུ་འགྲོ་དོན་ལ་ཕེབས་པ་ཡིན། དེའི་ཕྱིར་ལས་སྐལ་བཟང་བོ་ཞིག་མེད་ན་ཕྱག་དབང་སོགས་འཐོབ་རྒྱུ་ལས་སླ་བོ་མིན།
        ས་ག་ཟླ་བར་གྲལ་བསྒྲིགས་པའི་མི་ཚོགས་ཀྱི་མདུན་དུ་འགྲེང་ཞིང་ཕྱག་དབང་ལ་བསྒུག་པའི་མི་རྣམས།
        གཉིས་པ་ནི་ཁྱོད་རང་ཕྱི་ཡི་རྒྱུ་འགྲུལ་ལ་དགའ་མོས་ཡོད་མཁན་ཞིག་ཡིན་འོས་སྟེ། པཎ་ཆེན་གྱི་སྙན་པའི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་དུ་ཁྱབ་ཡོད་མོད། འོན་ཀྱང་ནམ་རྒྱུན་བོད་ལྗོངས་དང་ཡུན་ནན། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ཀྱི་བོད་ཁུལ་དུ་ཕེབས་པ་ཧ་ཅང་མང་། པཎ་ཆེན་བཅུ་གཅིག་པ་ཁོང་གིས་སྤྲུལ་སྐུ་ཞེས་པ་ནི་མིང་ཙམ་མིན་པར་འགྲོ་དོན་གྱིས་འཇོག་དགོས། སྤྱོད་ལམ་དངོས་ཀྱིས་ཆོས་སྤེལ་ཞིང་འགྲོ་བ་དྲངས་ན་གཞི་ནས་སྤྲུལ་སྐུའི་མིང་དོན་མཚུངས་ཞེས་གསུངས་མྱོང་། དེའི་ཕྱིར་འགྲོ་བའི་དོན་དུ་ཁོང་ཉིད་དུས་རྟག་པར་བོད་ཁུལ་གྱི་ས་ཆ་སོ་སོར་ཆོས་ཀྱི་བྱེད་སྒོ་སྤེལ་བ་དང་ཕྱག་དབང་དང་བཀའ་ཆོས་སོགས་གནང་བཞིན་ཡོད། གལ་སྲིད་པཎ་ཆེན་ཕེབས་ཡོད་པ་གོ་ཐོས་བྱུང་ན་མི་རྣམས་རྒན་བསྐྱོར་གཞོན་ཁྲིད་ཀྱིས་འདུས་ཡོང་ཞིང་། རྒྱང་ཐག་རིང་བའི་རི་ཁུལ་གྱི་མི་ཚོགས་ཀྱང་རི་ལམ་ཀྱག་ཀྱོག་དེད་ནས་སྦག་སྦག་སོགས་བཞོན་དེ་འདུས་ཡོང་བ་རེད། འདི་འདྲའི་དད་པ་ནི་གྲོང་ཁྱེར་གྱི་མི་ཚོ་དགའ་ལྡན་བྱིན་ཆགས་གླིང་ལ་སྤོས་འབུལ་བར་འགྲོ་བ་དང་བསྡུར་ཐབས་མེད། མི་ལ་ལ་ཕྱི་རྒྱལ་ནས་ཆེད་དུ་ཕེབས་པའང་ཡོད་ལ། རྒྱལ་ནང་གི་ཡུལ་སྐོར་བའང་གྲངས་མང་པོ་ཡོད། དཔེར་ན་1999ལོར་པཎ་ཆེན་གྱིས་བཀྲ་ཤིས་ལྷུན་པོ་ནས་ཐེངས་དང་པོར་ཚེ་དབང་གནང་དུས་དེ་རུ་འདུས་པའི་མཇལ་བ་སྤྱི་ལེ་གཉིས་ལྷག་ལ་གྲལ་བསྒྲིགས་ཡོད། དེའི་ཕྱིར་ཁྱོད་རང་རྒྱུ་འགྲུལ་ལ་དགའ་ཞིང་ས་ཆ་འདི་དག་ལ་རྒྱུན་པར་འགྲོ་བཞིན་ཡོད་ན་མཇལ་བ་ཚོ་སྐོར་དང་སྐོར་བྱས་ནས་པཎ་ཆེན་ལ་མཇལ་བར་འགྲོ་བ་མཐོང་སྲིད་ལ་ཁོང་གི་ཕྱག་དབང་ཡང་ཐོབ་སྲིད།
        ས་ག་ཟླ་བར་ཕྱག་དབང་ལ་རེ་བའི་མི་ཚོགས་ཁྲོད་ཀྱི་རྒན་སྐྱོར་བྱིས་ཁྲིད་བྱས་པའི་བུད་མེད་རྣམས།
        གསུམ་པ་ནི་སྒྲིག་ལམ་དང་ཡུལ་ཕྱོགས་ཀྱི་གོམས་གཤིས་བརྩི་སྲུང་དགོས་པ་སྟེ། འདི་ནི་གལ་ཆེན་པོ་ཞིག་ཡིན། པཎ་ཆེན་ནི་ཆོས་སྲིད་སྤྱི་ཚོགས་གང་གི་ཆ་ནས་ཀྱང་གོ་གནས་ཧ་ཅང་མཐོ་བས། ཁོང་ལ་མཇལ་མཁན་མི་གྲངས་ཁྲི་ཕྲག་མང་པོ་ཡོད། དེའི་ཕྱིར་ཀུན་གྱི་བདེ་འཇགས་བསྲུང་ཕྱིར་ངེས་པར་དུ་བདེ་སྲུང་གི་སྒྲིག་ལམ་ངེས་ཅན་ཞིག་དགོས་པ་ཡིན། བོད་ཡུལ་ས་ཆ་ཁག་ལ་རང་རང་གི་ཡུལ་སྲོལ་ཡོད་ཅིང་། ཆོས་ཕྱོགས་ཀྱི་བླ་མའི་མདུན་དང་བྱེད་སྒོའི་སྐབས་སུ་ཡུལ་སྲོལ་འདི་དག་ནམ་རྒྱུན་ལས་ཀྱང་བརྩི་སྲུང་ནན་མོ་བྱ་དགོས། དེའི་ཕྱིར་ཆ་ལུགས་གསར་ཤས་ཆེ་ན་ལེགས་པོ་མེད་དེ། དཔེར་ན་དོར་ཐུང་དང་སྨད་གཡོག་ཐུང་ངུ་གྱོན་པ། གསང་དོར་ཕྱིར་མངོན་པ་སོགས་ནི་མ་གུས་པའི་ཚུལ་དུ་ངོས་འཛིན་ཞིང་མཇལ་བའི་མི་ཚོགས་ལས་ཕྱིར་བསྐྲོད་ཀྱང་སྲིད་པ་རེད། འདི་ནི་མི་དང་མིས་གཅེར་བུ་ལ་བཟུང་བའི་ལྟ་ཚུལ་དང་འབྲེལ་བ་ཡོད་སྲིད་མོད། ཡར་ཀླུང་ཁོག་ནས་བསྡད་ན་ཡར་ལྷ་ཤམ་པོར་མཆོད་དགོས་པའི་དཔེ་བཞིན་ཡུལ་སྲོལ་གོམས་གཤིས་བརྩི་སྲུང་ནི་ཧ་ཅང་གལ་ཆེ་བས་རྩོམ་སྒྲིག་པས་ཆེས་མཐར་ནན་གྱིས་ཞུས་པ་ཡིན།
འབྲེལ་ཡོད་རྩོམ་ཡིག