ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《ཉིའུ་ཡོག་དུས་བབ》ཀྱིས་བདམས་པའི2014ལོའི་དེབ་གལ་ཆེན་བརྒྱ་ཐམ་པ།[སྨད]

2015-01-02 ཟླ་བ།
རྟོག་བཟོ་མ་ཡིན་པའི་སྐོར།
 
《ཨ་རིའི་མེ་ལོང: ནོར་མན་རོ་ཁེ་ཝེལ་གྱི་མི་ཚེ་དང་སྒྱུ་རྩལ》(American Mirror: The Life and Art of Norman Rockwell)། ཏེ་པོ་ར་སོ་ལོ་མན(Deborah Soloman)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། རོ་ཁེ་ཝེལ་གྱིས་རང་གི་ངོ་བོ་ལ་དོགས་པ་བྱུང་དུས་དང་སེམས་ཡི་མུག་གིས་མནར་ཞིང་ཁྱིམ་ཚང་འཆམ་པོ་མ་བྱུང་བའི་སྐབས་སུའང་སྔར་བཞིན་རང་གི་ཡོད་ཚད་བློས་གཏོང་བའི་སྤྱོད་པ་སྤྱད་ཡོད་ཅིང་། སོ་ལོ་མན་གྱིས་དེ་ལ་ཞེ་ཐག་པ་ནས་རྗེས་སུ་ཡི་རངས་མཛད་ཡོད།
 
《མི་རྟག་འཆི་བ: འཆི་ཁའི་སྨན་གསོ་དང་དོན་གལ་ཆེན་དག》(Being Mortal: Medicine and What Matters in the End)། ཨ་ཐུལ་ག་བན་དེ(Atul Gawande)ཡིས་བརྩམས། གྲོང་ཁྱེར་ཆེན་མོ/ཧོལ་ཐི(Metropolitan/Holt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། འདི་ནི་ཚེ་སྲོག་གི་ཏིང་འཛིན་གྱི་བློ་ཞིག་སྟེ་རྒ་བའི་རྒུད་པ་དང་ནད་ཀྱི་གདུང་བ་དང་འཆི་བ་སྒོ་དྲུང་འབྱོར་བའི་སྐབས་བྲིས་པ་གཞན་ལས་ཀྱང་རྨད་དུ་བྱུང་།
 
《དགེ་རྒན་དེ་བས་ཡག་པོ་ཞིག་བྱེད: སློབ་ཁྲིད་ཀྱིས་ནུས་པ་ཇི་ལྟར་ཐོན་གྱི་ཡོད་ཚུལ(དང་དེ་མི་ཐམས་ཅད་ལ་ཇི་ལྟར་སློབ་པ)》(Building A Better Teacher: How Teaching Works (and How to Teach It to Everyone))། ཨེ་ལི་ཟ་པེ་སི་གི་རེན(Elizabeth Green)གྱིས་བརྩམས། ནོར་ཏོན(Norton)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། དེབ་འདིའི་ནང་དུ་དགེ་རྒན་རྩེར་སོན་པ་ཞིག་བྱེད་ཐབས་དང་དགེ་རྒན་ལ་གདེང་འཇོག་བྱེད་པའི་ཚད་གཞི་གཉིས་ཀྱི་བར་དུ་འགལ་བ་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་བསྟན་ཡོད།
 
《འུ་ཅག་གིས་དེ་ལས་སྤྲོ་བོ་ཡོད་པ་ཞིག་ལབ་ན་ཆོག་གམ》(Can’t We Talk About Something More Pleasant?)། རོ་ཙི་ཆ་སི་ཐི(Roz Chast)ཡིས་བརྩམས་ཤིང་རི་མོ་བྲིས། པུ་ལོམ་སི་པུ་རེ(Bloomsbury)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། བརྩེ་བ་ལ་ལྷད་མ་འདྲེས་ཤིང་ཡིད་གདུང་བའི་ངང་དུ་བརྩམས་པའི་རི་མོ་དང་ཡི་གེ་འདི་དག་གིས་ཆ་སི་ཐི་ཡི་དགུང་ལོ་དགུ་བཅུ་ལ་སོན་པའི་ཕ་མ་གཉིས་ཀྱི་ཚེ་མཇུག་གི་ལོ་ཟླ་ལ་ཕྱིར་དྲན་གནང་ཡོད།
 
《ཀྲུང་གོའི་གླིང་ཆེན་གཉིས་པ: རུ་ཡོང་ས་ཡ་གཅིག་གིས་ཨ་ཧྥེ་རི་ཁ་རུ་བཙན་རྒྱལ་ཆེན་མོ་ཞིག་ཇི་ལྟར་འཛུགས་པ》(China’s Second Continet: How a Million Migrants Are Building a New Empire in Africa)། ཧོ་ཝར་དི W. ཧྥུ་རེན་ཆི(Howard W. French)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། ཧྥུ་རེན་ཆི་ཡི་དེབ་འདིར་ཨ་ཧྥེ་རི་ཁ་རུ་ལས་ཀ་གནང་ཞིང་འཚོ་བ་རོལ་བཞིན་པའི་ཀྲུང་གོ་པའི་འཚོ་བ་དངོས་ལ་ཞིབ་འཇུག་གཏིང་ཟབ་པ་གནང་ཡོད།
 
《གཅད་ཁང་གྲུ་བཞི: གཞུང་ལས་ཁང་གི་གསང་བའི་ལོ་རྒྱུས》(Cubed: A Secret History of the Workplace)། ནི་ཀིལ་ས་ཝལ(Nikil Saval)གྱིས་བརྩམས། ཉིན་ཆ(Doubleday)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26.95། དེབ་འདི་རུ་ཨ་རིའི་ལྷོ་བྱང་དམག་འཁྲུག་རྗེས་ནས་མགོ་བརྩམས་ཏེ་གཞུང་ལས་ཁང་གི་ཇུས་འགོད་དང་ལག་རྩལ་སོགས་ལ་ཉམས་ཞིབ་གནང་ནས་ལས་ཀའི་ངོ་བོ་འགྱུར་བའི་ཕྱོགས་ཀྱི་གནད་ཞིབ་ཕྲ་དག་ཀྱང་རྙེད་འདུག
 
《སྨག་རུམ་གྱི་གཏིང: ཆི་ལེ་ཡི་གཏེར་དོང་དུ་སྦས་པའི་མི་སོ་གསུམ་གྱི་མ་བཤད་པའི་གཏམ་རྒྱུད་དང་དེ་དག་ལ་ངོ་མཚར་བའི་ངང་ཐར་བ་ཐོབ་ཚུལ》(Deep Down Dark: The Untold Stories of 33 Men Buried in a Chilean Mine, and the Miracle That Set Them Free)། ཧེ་ཁེ་ཐོར་ཐོ་པར(Hétor Tobar)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། ཐོ་པར་གྱིས་གསོན་ཉམས་དོད་པའི་ངང་དུ2010ལོར་ཆི་ལེ་ཡི་གཏེར་དོང་དུ་སྦས་པའི་མི་དག་གིས་དཀའ་བ་དང་འཇིགས་པ་ལ་འཕྲད་པའི་ཚུལ་བྲིས་ཡོད།
 
《སྲིན་པོའི་སྒར: དམག་མི་ཞིག་གིས་གདོན་བསྐྲོད་པ》(Demon Camp: A Soldier’s Exorcism)། ཅེན་ཉི་ཧྥེར་ཕེར་སེ(Jennifer Percy)ཡིས་བརྩམས། སི་ཁི་རི་པི་ནེར(Scribner)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། འདི་ནི་ཕེར་སེ་ཡི་དེབ་ཐོག་མ་ཡིན་ཞིང་གདུང་བས་མནར་བའི་དམག་མི་རྒན་པ་ཞིག་གིས་ཡེ་ཤུའི་ཆོས་ཀྱི་གདོན་བསྐྲོད་ཀྱི་སྒར་ཞིག་ཏུ་ཐར་བ་བཙལ་བའི་སྐོར་བྲིས་ཡོད།
 
《འགན་འཁྲི: རྒྱལ་སྲུང་བློན་ཆེན་གྱི་དྲན་ཐོ》(Duty: Memories of a Secretary at War)། རོ་པེར་ཐི M. གེ་ཚི(Robert M. Gates)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར35། འདི་ནི་བརྗོད་པ་ཁ་གསལ་ཞིང་རྫན་རྫུན་མ་འདྲེས་པ་ཧ་ལམ་ཝ་ཧྲིན་ཐོན་གྱི་དྲན་ཐོ་ཆེས་ཡག་ཤོས་དེ་ཡིན་པར་སྣང་ལ། དེབ་འདིའི་ནང་གི་ཨོ་བྷ་མ་སྲིད་གཞུང་གི་མི་བཟང་ཉུང་ངུའི་ནང་གི་གཅིག་ནི་ཧི་ལ་རེ་ཁི་ལིན་ཐོན(Hillary Clinton)ཡིན་པར་འདུག་གོ །
 
《ཉི་མ་རེ་རེ་བཞིན་འཆི་བ: ནེ་རོའི་ཕོ་བྲང་ནང་གི་སེ་ནེ་ཁ》(Dying Everyday: Seneca at the Court of Nero)། ཅམ་སེ་རོམ(James Romm)གྱིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། གནའ་རབས་ལ་ཞིབ་འཇུག་གནང་མཁན་མཁས་པ་ཞིག་གིས་རོ་མའི་བཙན་རྒྱལ་ཆེན་མོའི་རྒྱལ་པོ་ནེ་རོ་ཡི་བློ་འདྲི་ས་གནང་མཁན་སི་ཐོ་ཨ(Stoicism)ཡི་མཚན་ཉིད་རིག་པའི་གྲུབ་མཐའ་པ་འདིའི་གསང་བ་སྔོག་པའི་ལས་ལ་ཞུགས་ཡོད།
 
《ཅེ་རུ་ས་ལེམ་སྔོན་གྱི་ཨི་ཆེ་མན: དམར་གསོད་གཏོང་མཁན་གྱི་རྩད་ཞིབ་མ་བྱས་པའི་མི་ཚེ》(Eichmann Before Jerusalem: The Unexamed Life of a Mass Murderer)། པེ་ཐི་ན་སི་ཐང་གི་ནེ་སི(Bettina Stangneth)ཡིས་བརྩམས། རུ་སི་མེར་ཐིན(Ruth Martin)གྱིས་བསྒྱུར། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར35། ཨེ་ཏེན་ཐི(Arendt)ཡི་དེབ་དང་བསྡུར་ན་དེབ་འདིའི་ནང་གི་ཨེ་ཆི་མན་ནི་ན་ཙི་བ་གཤའ་མ་ཞིག་རེད།
 
《གླང་ཆེན་ཟླ་བོ: ངེས་པ་ཆེར་མེད་པའི་དཔའ་བོ་ཞིག་དང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཁོ་ལ་གཞན་སྲོག་སྐྱོབ་པར་ཟླ་བོ་མཛད་པའི་སྲོག་ཆགས་དག་གི་མི་སེམས་བསྒུལ་བར་བྱེད་པའི་གཏམ་རྒྱུད》(Elephant Company: The Inspiring Story of an Unlikely Hero and the Animals Who Helped Him Save Lives in World War II)། ཝི་ཁི་ཁོན་སི་ཐན་ཐེན་ཁི་རོ་ཁེ(Vicki Constantine Croke)ཡིས་བརྩམས། རན་ཏོམ་དཔེ་ཁང(Random House)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། དུས་ཁྱད་པར་བ་ཞིག་གི་སྐབས་ཀྱི་དབྱིན་ཇིའི་མི་གསོན་ཉམས་ཀྱིས་ཕྱུག་པ་ཞིག་བྲིས་འདུག
 
《དམག་གྲ་བསྒྲིགས་པའི་ངོ་ལོག་པ: སྤྱི་ཁྱབ་བཀོད་འདོམས་པ་ཅེ་ཧྥེར་སོན་ཏ་ཝེ་སི》(Embattleed Rebel: Jefferson Davis as Commander in Chief)། ཅམ་སི M. མེ་ཁེ་ཧྥེར་སོན(James M. McPherson)གྱིས་བརྩམས། པེན་གྱུན་སྙན་ངག(Penguin Poets)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར32.95། ལྷོ་ཕྱོགས་མནའ་འབྲེལ་གྱི་སྲིད་འཛིན་འདི་ནི་ཁོའི་དུས་རབས་དང་ཁོར་ཡུག་གིས་བཟོས་པ་ཞིག་གོ །
 
《ལྷན་ཅིག་སྐྱེས་པའི་ཚོར་བ་ལ་བརྟག་པ: རྩོམ་བཏུས》(The Empathy Eaxms: Essays)། ལེ་སི་ལའེ་ཅ་མི་སོན(Leslie Jamison)གྱིས་བརྩམས། གི་རེ་ཝོལ་ཧྥུ(Graywolf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར15། ལུས་སེམས་གཉིས་ཀྱི་སྡུག་བསྔལ་དང་དེས་ང་ཚོ་དང་ཕ་རོལ་པོའི་བར་གྱི་འབྲེལ་བ་དང་ཐ་ན་ང་ཚོ་རང་སྟེང་བཅས་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་པའི་སྐོར་ལ་ཉམས་ཞིབ་གནང་བའི་དེབ་ཅིག
 
《བཟོ་གྲྭའི་མི: ཁྱིམ་ཆས་བཟོ་མཁན་ཞིག་ཇི་ལྟར་རྒྱལ་ཁབ་གཞན་དང་འཐབ་ཅིང་རང་ས་རང་ཡུལ་དུ་བསྡད་པ་དང་། ཨ་མེ་རི་ཁའི་གྲོང་རྡལ་ཞིག་བསྐྱབས་པའི་ཚུལ》(Factory Man: How One Furniture Maker Battled Offshoring, Stayed Local — and Helped Save an American Town)། པེ་སི་མ་སེ(Beth Macy)ཡིས་བརྩམས། ལི་ཐེལ། པུ་རོན(Little, Brown)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། མ་སེ་ཡིས་མོའི་ཕ་ཡུལ་གྱི་དཔའ་བོ་ཞིག་བྲིས་ཡོད་ཅིང་རྩོམ་ཉམས་ཉེ་བར་འདྲིས་ཐུབ་པ་དེས་གོ་ལ་ཧྲིལ་པོའི་གནད་དོན་ཉོག་ཆེ་བ་དེ་དག་གོ་བདེ་བ་ཞིག་ཏུ་བཏང་ཡོད།
 
《མཚན་སྙན་གུང་ཇ: རྨས་ཕོག་པའི་མི་སྣ་གྲགས་ཅན་དང་དངུལ་ལོར། ཕོ་མོའི་འདོད་པ། པུ་རོན་ཐེ། ད་དུང་ལག་ཁུག་གི་གལ་ཆེན་རང་བཞིན》(The Fame Lunches: On Wounded Icons, Money, Sex, the Brontës, and the Importance of Handbags)། ཏ་ཧྥུ་ནེ་མེར་ཀིན(Daphne Merkin)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། དེབ་འདིར་ལྷུག་རྩོམ་ཞེ་དྲུག་བཏུས་ཡོད་ཅིང་། མི་སྒེར་སྡུག་བསྔལ་གྱི་སྐབས་སུ་ཁེན་པའི་ཐོན་རྫས་ཆ་མ་ཆོ་རིགས་མང་པོ་ལ་ཡ་མཚར་བའི་ཉམས་བཟུང་ཡོད།
 
《མེ་ནི་ང་ཡི་རུས་པའི་གསེང་དུ་ངག་བསྡམས་གྱུར: དྲན་ཐོ》(Fire Shut up in My Bones: A Memoir)། ཆར་ལེ་སི M. པུ་ལོ(Charles M. Blow)ཡིས་བརྩམས། ཧིའུ་ཐོན། མི་ཧྥུ་ལིན། ཧར་ཁོར་ཐི(Houghton Mifflin Harcourt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། 《ཉིའུ་ཡོག་དུས་བབ》ཀྱི་དཔྱད་པ་པོ་ཡིས་རང་ཉིད་ལོ་ན་ཆུང་དུས་སུ་གཞན་གྱིས་གདུག་རྩུབ་ཀྱིས་གཙེ་དུས་ཀྱི་ཞེ་སྡང་བྲིས་པའི་དེབ་ཅིག
 
《དཔྱིད་ཀ་སླེབས་རྒྱུར་ཤུགས་རྒྱག་པ: གཉེན་བསྒྲིགས་འདྲ་མཉམ་ལ་རྩོད་པའི་ནང་རོལ》(Forcing the Spring: Inside the Fight for Marriage Equality)། ཅོ་པེག་ཁེར(Jo Beckaer)གྱིས་བརྩམས། པེན་གྱུན་སྙན་ངག(Penguin Poets)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར29.95། 2013ལོར་ཆེས་མཐོའི་ཁྲིམས་ཁང་གི་རྐྱེན་གྱིས་མངའ་སྡེ་ཁ་ལི་ཧྥོར་ཉི་ཡ་ཡིས་རྟགས་མཐུན་གཉེན་བསྒྲིགས་མི་ཆོག་པའི་ཁྲིམས་སྲོལ་མེད་པར་བཟོས་པའི་ཚུལ་ལ་ཕྱོགས་ཡོངས་ནས་རྒྱས་པར་བཤད་འདུག
 
《རྒྱ་གར་སྔ་རོལ་གྱི་གན་དྷི》(Gandhi Before India)། ར་མ་ཆན་དི་ར་གུ་ཧ(Ramachandra Guha)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར35། ཨ་ཧྥེ་རི་ཁ་ལྷོ་མ་རུ་ཁྲིམས་རྩོད་པ་གཉེར་བའི་དུས་སུ་ལོ་ན་གཞོན་པའི་གན་ངྷི་ལ་དུས་ཕྱིས་རྒྱ་གར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་མཚན་ཉིད་རིག་པ་དང་འཐབ་བྱུས་ཀྱི་བསམ་བློ་ཆགས་མགོ་བརྩམས།
 
《གེ་ཁི་ཡི་ངོ་མཚར: གསང་རྟགས་ཀྱི་མཛེས་པ་དང་མཛེས་པ་ཡི་གསང་རྟགས》(Geek Sublime: The Beauty of Code, the Code of Beauty)། ཝི་ཁི་རམ་ཆན་དི་ར(Vikram Chandra)ཡིས་བརྩམས། གི་རེ་ཝོལ་ཧྥུ(Graywolf)དཔེ་སྐྲུན་ཁང་གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར16། ཆན་དི་ར་ལགས་ནི་སྒྲུང་འབྲི་མཁན་ཞིག་ཡིན་པར་མ་ཟད་རྩིས་འཁོར་གྱི་སྒྲིག་རིམ་བཟོ་མཁན་ཞིག་ཀྱང་ཡིན་པས་དེབ་འདི་ཀློག་སྤྲོ་ལ་གཏིང་ཟབ་པ་ཞིག་བྲིས་ཏེ་སྒྱུ་རྩལ་དང་ལག་རྩལ་གྱི་བར་དུ་སྦྲེལ་ཐག་ཅིག་འཐེན་འདུག
 
《ཧྥུ་ལོ་རི་ཏ་མགྲོན་ཁང: སི་ཕན་གྱི་ནང་འཁྲུག་ཁྲོད་ཀྱི་བདེན་པ། བརྩེ་བ་དང་འཆི་བ》(Hotel Florida: Truth, Love and Death in the Spanish Civil War)། ཨ་མན་ཏ་ཝེལ(Amanda Vaill)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར30། ཧེ་མིང་ཝེ(Hemingway)དང་མར་ས་གེལ་ཧོན(Martha Gellhorn)གཉིས་དང་གཞན་དགའ་རོགས་ཆ་གཅིག་གི་གནས་ཚུལ་འཁོད་པའི་དེབ།
 
《འགྲོ་བ་མི་ཡི་བསྐལ་བ: འུ་ཅག་གིས་བཟོས་པའི་འཇིག་རྟེན》(The Human Age: The World Shaped by Us)། ཏེན་ཨག་ཁེར་མན(Diane Ackerman)གྱིས་བརྩམས། ནོར་ཏོན(Norton)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། འགྲོ་བ་མིའི་རིགས་ཀྱིས་དབང་བསྒྱུར་བའི་བསྐལ་བ་ཡི་ལག་རྩལ་དང་གསར་གཏོད་ལ་རེ་བཟང་འཆང་མཁན་གྱི་ཚུལ་ལ་ཉམས་ཞིབ་གནང་བའི་དེབ་ཅིག
 
《མཐོང་དུ་མི་བཏུབ་པའི་ཟམ་པ: ཉི་ཁི་སོན་རྒུད་པ་དང་རེའ་གན་དར་བ》(The Invisible Bridge: The Fall of Nixon and the Rise of Reagan)། རི་ཁི་ཕེར་སི་ཐེན(Rick Perlstein)གྱིས་བརྩམས། སི་མོན་དང་ཧྲུ་སི་ཐེར(Simon & Schuster)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར37.50། ཕེར་སི་ཐེན་གྱི་དེབ་འདི་ནི་ཀློག་སྤྲོ་བོ་ཡོད་ལ་མི་སེམས་འགུག་པར་བྱེད་པ་ཞིག་ཡིན་ཏེ་འདི་རུ1973ལོ་ནས1976ལོའི་བར་གྱི་ལོ་དེ་དག་ནི་ད་ལྟའི་ཨ་མེ་རི་ཁ་ལ་ལྟ་བའི་ཁ་ཕྱོགས་ཤིག་ཏུ་བསྟན་ཡོད་པ་རེད།
 
《མཐོང་དུ་མི་བཏུབ་པའི་གཡུལ་ངོ: རྫོགས་མཐའ་བྲལ་བའི་གཡུལ་གྱི་བསྐལ་བའི་རིང་གི་བརྩེ་བ་དང་བོར་བ》(The Invisible Front: Love and Loss in an Era of Endless War)། ཡོ་ཆི་དི་རེ་ཙེན(Yochi Dreazen)གྱིས་བརྩམས། པྲོག་ཞུ(Crown)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། དི་རེ་ཙེན་གྱིས་དམག་མིའི་ཁྱིམ་ཚང་ཞིག་ལ་བྱུང་བའི་རྐྱེན་ངན་གྱིས་དམག་འཁྲུག་རྗེས་ཀྱི་རང་ཤི་རྒྱག་པ་ཡ་ང་བ་དེ་ཇེ་མང་དུ་འགྲོ་བའི་ཚུལ་ལ་ཞིབ་ཏུ་བརྟག་ཡོད།
 
《མིའི་རིགས་ཀྱི་མཐོང་དུ་མི་བཏུབ་པའི་ལོ་རྒྱུས: DNAདང་ལོ་རྒྱུས་ཀྱིས་འུ་ཅག་གི་ངོ་བོ་དང་འབྱུང་འགྱུར་ཇི་ལྟར་བཟོས་པའི་ཚུལ》(The Invisible History of the Human Race: How DNA and History Shape Our Identities and Our Futures)། ཁི་རི་སི་ཐིན་ཁེན་ནེ་ལེ(Christine Kenneally)ཡིས་བརྩམས། ཝི་ཁིན(Viking)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། ཁེན་ནེ་ལེ་ཡིས་བློ་རིག་རྒོད་ཅིང་སྤྲོ་བ་འཕེར་པོའི་ངང་ནསDNAལས་ལེན་ཐུབ་པ་ཐམས་ཅད་བྲིས་འདུག
 
《སྙིང་རྗེ་བ་ཙམ: དྲང་བདེན་དང་སྐྱོབ་པའི་གཏམ་རྒྱུད་ཅིག》(JUST MERCY: A Story of Justice and Redemption)། པུ་རེ་ཡན་སི་ཏེ་ཝེན་སོན(Bryan Stevenson)གྱིས་བརྩམས། སི་ཕིའེ་གེལ་དང་གི་རོ(Spiegel & Grau)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། སྤྱི་ཚོགས་ཀྱི་ལས་འགུལ་སྐྱོང་མཁན་ཁྲིམས་རྩོད་པ་ཞིག་གིས་ཉེས་ལོག་བསྐྱོན་ཏེ་བསད་པའི་སྐྱེས་པ་ཞིག་གི་གཏམ་རྒྱུད་ཡིན་ཞིང་བཀླགས་ཚེ་མི་རྣམས་ལ་ཅི་ཞིག་ལག་ལེན་དུ་གདབ་པར་འབོད་པ་གཏོང་བ་དང་འདྲ།
 
《ལི་མོ་ནོབ》(Limonov)། ཨེ་མན་ཉི་ཨེལ་ཁ་ཧི་ཨེ་ཧི(Emmanuel Carrère)ཡིས་བརྩམས། ཅོན་ལམ་པེར་ཐི(John Lambert)ཡིས་བསྒྱུར། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར30། རྩོམ་པ་པོས་གནད་དོན་གལ་ཆེན་དག་ལ་བཅངས་པའི་ལྟ་བ་དག་རིགས་དགར་ཐབས་བྲལ་བའི་ཨུ་རུ་སུའི་རྩོམ་པ་པོ་ཡི་རྣམ་ཐར་གྱི་དེབ་འདིའི་ནང་དུ་བྲིས་འདུག
 
《ཕམ་ཁ་ཕྲན་བུ》(Little Failure)། ག་རེ་ཧྲི་ཐེན་གར་ཐི(Gary Shteyngart)ཡིས་བརྩམས། རན་ཏོམ་དཔེ་ཁང(Random House)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། ཧྲི་ཐེན་གར་ཐི་ཡིས་གསོན་ཉམས་ལྡན་པའི་ངང་ནས་ཁོ་ཚང་ཨུ་རུ་སུའི་གྲོང་ཁྱེར་ལེ་ཉིང་ནས་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་གི་རྒྱལ་ཡུམ་ཤོག་ཁ་རུ་གནས་སྤར་བའི་བྱུང་བ་དང་ཁོ་རང་རྩོམ་པ་པོར་གྱུར་ཚུལ་གྱི་བརྒྱུད་རིམ་བཅས་བྲིས་ཡོད།
 
《ཝོལ་ཝོའི་ནང་གི་སྨྱོན་མ: ང་ཡི་ཁོང་ཁྲོས་ཤ་ཁྲག་ཁོལ་བའི་ལོ་ཟླ》(The Madwoman in the Volvo: My Year of Raging Hormones)། སན་དྲ་ཚིན་ལོ(Sandra Tsing Loh)ཡིས་བརྩམས། ནོར་ཏོན(Norton)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.95། ལོ་ལགས་ཀྱི་རྗེས་དྲན་ཟིན་ཐོ་འདིས་མོ་ལ་འགྱུར་བ་བྱུང་དུས་སྐབས་ཀྱི་འཕར་ཆག་ཆེ་བའི་མྱོང་བ་དག་མ་གསང་དྲང་བོར་བརྗོད་འདུག
 
《ན་ཕོ་ལོན: མི་ཚེ》(Napoleon: A Life)། ཨན་དི་རུ་རོ་པེར་ཚི(Andrew Roberts)ཡིས་བརྩམས། ཝི་ཁིན(Viking)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར45། རོ་པེར་ཚི་ཡིས་དམག་དཔུང་འདི་དང་རྩ་འཛུགས་འདིའི་གཏོར་ཤུགས་ཀྱིས་བརྟས་པའི་ཚུལ་འབའ་ཞིག་ཡིད་དབང་འགུག་པ་ཞིག་བརྗོད་འདུག
 
《གསོན་པོའི་ནང་ན་མི་བཟང་མེད: ཨབ་གྷན་གྱི་མིག་ནང་གི་ཨ་མེ་རི་ཁ་དང་། ཐ་ལི་པན། ད་དུང་དམག་འཁྲུག》(No Good Men Among the Living: America, the Taliban, and the War Through Afghan Eyes)། ཨ་ནན་དི་གོ་ཕལ(Anand Gopal)གྱིས་བརྩམས། གྲོང་ཁྱེར་ཆེན་མོ/ཧོལ་ཐི(Metropolitan/Holt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། ད་ལྟའི་གནས་སྟངས་ལ་ལྟ་ལུགས་འཇིགས་སུ་རུང་བ་ཞིག་གིས་བརྟག་པ་སྟེ། ཨབ་གྷན་ཚོ་ནོར་འདུག
 
《ང་མ་ཡིན: འཇར་མན་གྱི་བྱིས་པའི་དུས་ཀྱི་དྲན་ཐོ》(Not I: Memoires of a German Childhood)། ཅོ་ཆིམ་ཧྥེ་སིད(Joachim Fest)ཀྱིས་བརྩམས། མར་ཏིན་ཆལ་མེར་སི(Martin Chalmers)ཡིས་བསྒྱུར། གཞན་པ་དཔེ་སྐྲུན་ཁང(Other Press)གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར16.95། རྩོམ་པ་པོའི་པ་ལགས་ཀྱིས་ཧི་ཐི་ལེར(Hitler)ལ་ངོ་རྒོལ་བྱས་པའི་དབང་གིས་ཁྱིམ་མི་གང་པོ་ཉེན་ཁ་ལ་འཕྲད་པའི་གནས་ཚུལ་བྲིས་ཡོད།
 
《འགོག་ཁབ་རྒྱག་པ: འབྲུམ་སྨན་འཛུགས་པ》(On Immunity: An Inocuation)། ཨུ་ལ་པི་སི(Eula Biss)ཡིས་བརྩམས། གི་རེ་ཝོལ་ཧྥུ(Graywolf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར24། པི་སི་ལགས་ཀྱིས་ཚན་རིག་དང་ལྷ་སྒྲུང་། རྩོམ་རིག་བཅས་སྤྱད་ནས་འགོག་ཁབ་རིག་པའི་ཉེ་འཁོར་གྱི་སེམས་ཀྱི་འཇིགས་པ་དང་དངངས་པའི་སྨུག་པ་མཐུག་པོ་དེ་ཡིད་ཀྱི་དང་བ་འདྲེན་པར་བྱེད་པ་ཞིག་བྲིས་འདུག
 
《འབྲོ་བ: ཨ་རིའི་གྲོང་ཁྱེར་ཞིག་ནང་གི་བྲོས་བྱོལ་གྱི་འཚོ་བ》ཨ་ལི་སེ་གོབ་མན(Alice Goffman)གྱིས་བརྩམས། ཆི་ཁ་གོ་སློབ་ཆེན(University of Chicago)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། ན་གཞོན་སྤྱི་ཚོགས་རིག་པ་སྨྲ་བ་ཞིག་གིས་བྲིས་པའི་ཨ་རིའི་ཧྥི་ལ་དེལ་ཧྥིའ(Philadelphia)ཡི་མི་ནག་དབུལ་པོ་དག་འདུག་སའི་ཤོག་ཁ་ཞིག་གི་མི་རྒྱུད་རིག་པའི་སྙན་ཞུ་རྨད་དུ་བྱུང་བ་ཞིག
 
《ང་ལ་འབྲི་ཁོམ་མེད་པའི་རྩོམ་བརྒྱ་ཐམ་པ: ཆར་གདུགས་དང་གྲི་རྩེད། ཁྲོམ་སྐོར་དང་ཁྱི། མེ་བརྡ། བྱིས་པ། ད་དུང་ཟློས་གར་ཁང》(100 Essays I Don’t Have Times To Write: On Umbrellas and Sward Fights, Parades and Dogs, Fire Alarms, Children, and Theater)། ས་རཱ་རུ་ཧལ(Sarah Ruhl)གྱིས་བརྩམས། ཧྥ་པེར་དང་ཧྥ་པེར(Faber & Faber)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར23། འཁྲབ་གཞུང་རྩོམ་པ་པོ་འདིས་ཉིན་རྒྱུན་གྱི་འཚོ་དོན་ཙག་ཙིག་དང་བྱིས་པ་དག་གི་བར་ཆད་འོག་ཏུ་རྩོམ་གསར་དུ་འབྲི་བའི་རིག་པའི་ཡུན་ཇི་ལྟར་བསྐྱངས་པའི་སྐོར་བྲིས་ཡོད།
 
《ལྷ་ཚོགས་མཆོད་ཁང་ནང་གི་གསང་བ》(The Parthenon Enigma)། ཅོན་པུ་རེ་ཐོན་ཁོན་ནེ་ལེ(Joan Breton Connelly)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར35། རྨད་དུ་བྱུང་ཞིང་བློ་སྒོ་འབྱེད་ཐུབ་པའི་ལོ་རྒྱུས་ཀྱི་དེབ་འདི་རུ་གནའ་རྫས་རྟོག་ཞིབ་པ་ཞིག་གིས་རིག་གཞུང་གི་ཆུ་ཚད་རྩེར་ཕུད་པ་སྤྱད་ནས་ལྷ་ཚོགས་མཆོད་ཁང་ནང་གི་རྒྱན་རིས་ཕྱོགས་ལ་ཉམས་ཞིབ་ཟབ་མོ་གནང་ཡོད།
 
《རིན་ལ་མི་ལྟ་བའི་ཅི་ཐུབ་གང་ཐུབ: འདོད་པ། དབང་ཆ། ད་དུང་རྫོགས་རྒྱུ་མེད་པའི་དམག་འཁྲུག》(Pay Any Price: Greed, Power, and Endless War)། ཅམ་སེ་རི་སེན(James Risen)གྱིས་བརྩམས། ཧིའུ་ཐོན། མི་ཧྥུ་ལིན། ཧར་ཁོར་ཐི(Houghton Mifflin Harcourt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། 《ཉིའུ་ཡོག་དུས་བབ》ཀྱི་གསར་འགོད་པ་དང་ཕུ་ལི་ཚེར(Pulitzer)གྱི་བྱ་དགའ་ཐོབ་མཁན་འདིའི་དེབ་གལ་ཆེ་ལ་སྟོབས་དང་ལྡན་པ་འདི་རུ་ལོ་ཡི་རིམ་པ་ལྟར་དུ་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་དམག་འཁྲུག་ནང་གི་ནག་ཉེས་དམར་རྗེན་དུ་འཁོད་ཡོད།
 
《ཕེ་ནེ་ལོ་ཕེ་ཧྥི་ཚི་གེ་རལ་དི: མི་ཚེ》(Penelope Fitzgerald: A Life)། ཧེར་མི་ཨོ་ནེ་ལི(Hermione Lee)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར35། རྣམ་ཐར་གྱི་དེབ་དཔེ་མེད་པ་འདི་རུ་ཁོ་ཐག་ཆོད་པར་གཟུང་དཀའ་ཞིང་ཚེ་མཇུག་ལ་སྙན་གྲགས་འཕེལ་བའི་བུད་མེད་བརྩམས་སྒྲུང་པ་དང་རྣམ་ཐར་པ་ཆེན་མོ་འདིའི་མི་ཚེ་བྲིས་ཡོད་ཅིང་། མོས་ལོ་ང་བརྒྱད་ཀྱི་སྟེང་དུ་དེབ་དང་པོ་པར་ཏུ་བཏབ་ཅིང་ལོ་བརྒྱད་ཅུར་སོན་པ་དང་གྲགས་པས་ས་སྟེང་ཁྱབ།
 
《རྒྱབ་སྐྱོར་བ: ཕྲུ་གུ་མངལ་ལས་དབྱུང་དབང་ལ་རེ་བ་འདོན་པ》(Pro: Reclaiming Abortion Rights)། ཁ་ས་ཕོ་ལི་ཐི(Katha Pollitt)ཡིས་བརྩམས། ཕི་ཁ་ཏོར(Picador)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། སྒྲོག་གཏམ་འདིའི་ནང་དུ་ཕོ་ལི་ཐི་ཡིས་བུད་མེད་དག་གིས་ཕྲུ་གུ་མངལ་ལས་དབྱུང་བའི་སླད་དུ་དགོངས་དག་ཞུ་བ་མཚམས་འཇོག་དགོས་པར་བསྐུལ་ཡོད་ཅིང་དེ་ལ་སྤྱི་ཚོགས་ལེགས་ཕྱོགས་ཀྱི་དགེ་མཚན་ཆེན་པོ་ཡོད་ཅེས་ཟེར།
 
《རོ་པེར་ཐི་ཕི་སི་ཡི་ཐུང་ཞིང་ཡ་ང་བའི་མི་ཚེ: ཉིའུ་ཝར་ཁི་ལ་བྲལ་ཏེ་ཤིང་ད་བྱིད་མཐུན་ཚོགས་ཀྱི་སློབ་གྲྭར་འགྲིམ་པའི་གཞོན་ནུ་ཁྱད་དུ་འཕགས་པ་ཞིག》(The Short and Tragic Life of Robert Peace: A Brilliant Young Man Who Left Newark for the Ivy League)། ཅེ་ཧྥུ་ཧོབ་སི(Jeff Hobbs)ཡིས་བརྩམས། སི་ཁི་རི་པི་ནེར(Scribner)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། ཉིའུ་ཅེར་སེ(New Jersey)ཡི་དབུལ་པོའི་ཤོག་ཁ་ནས་ཡེལ(Yale)སློབ་ཆེན་འགྲིམ་པའི་གཞོན་ནུ་ཞིག་དུ་ནག་དང་འབྲེལ་བའི་རྐྱེན་ངན་ཞིག་གི་ཁྲོད་ཚེ་ལས་འདས་པའི་མི་སེམས་སྡུག་གིས་གནོན་པར་བྱེད་པའི་བརྒྱུད་རིམ་དེ་བྲིས་ཡོད།
 
《ཁ་འདོགས་ཐེངས་དྲུག་པ: རང་བྱུང་མ་ཡིན་པའི་ལོ་རྒྱུས》(The Sixth Extinction: An Unnatural History)། ཨེ་ལི་ཟ་པེ་ཁོལ་པེར་ཐི(Elizabeth Kolbert)ཡིས་བརྩམས། ཧོལ་ཐི(Holt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། དེབ་འདིས་ཁ་གསལ་ལ་ལུང་རིགས་བཙན་པོའི་ངང་དུ་འགྲོ་བ་མི་ཡིས་བྱས་པའི་གནམ་གཤིས་ཀྱི་འགྱུར་བ་དེས་སའི་གོ་ལའི་ཁོར་ཡུག་གི་འགྱུར་བ་དྲག་པོ་དང་སྲོག་ཆགས་མང་པོ་རྩ་མེད་དུ་འགྲོ་བའི་ནང་དུ་ནུས་པ་ག་འདྲ་ཞིག་ཐོན་གྱི་ཡོད་པ་ལ་རྟོག་ཞིབ་ནན་པོ་ཞིག་བྱས་ཡོད།
 
《གྲོགས་པོའི་ཁྲོད་ཀྱི་མྱུལ་མ: ཁིམ་ཧྥིལ་པེ་དང་ངོ་ལོག་ཆེན་པོ》(A Spy Among Friends: Kim Philby and the Great Betrayal)། པེན་མེ་ཁེན་ཐེར(Ben Mac-intyre)གྱིས་བརྩམས། པྲོག་ཞུ(Crown)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། དེབ་འདི་རུ་དབྱིན་ཇིའི་མཐོ་རིམ་གྱི་མྱུལ་མའི་འགོ་བ་ཞིག་ཕྱིས་སུ་ཨུ་རུ་སུའི”བྱི་ལོང”ཞིག་ཡིན་པ་ཧ་གོ་བའི་ཚུལ་བྲིས་ཡོད་ཅིང་། ཅོན་ལེ་ཁར་རེ(John le Carré)ཡི་སྒྲུང་ཀློག་པ་དང་གཉིས་སུ་མི་འདུག་ནའང་དོན་ལ་ནི་སེམས་ཞིབ་མོས་མགོ་རྔ་བསྒྲིགས་པའི་དོན་ངོ་མ་ཞིག་ཡིན།
 
《གལ་ཆེ་བའི་དོན་དག: མིས་བཟོས་འཇིག་རྟེན་བསྐྲུན་བྱེད་ཀྱི་རྒྱུ་ཆ་ངོ་མཚར་བ་དག་ལ་འཇུག་པ》(Stuff Matters: Exploring the Marvelous Materials that Shape Our Man-Made World)། མར་ཁི་མིའོ་ཏོ་ནི་ཁི(Mark Miodownik)ཡིས་བརྩམས། ཧིའུ་ཐོན། མི་ཧྥུ་ལིན། ཧར་ཁོར་ཐི(Houghton Mifflin Harcourt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། འོ་སྐོལ་གྱིས་སྤྱིར་བཏང་བ་དང་དཀྱུས་མ་རུ་མཐོང་བའི་རྒྱུ་ཆ་སྟེ་ཤོག་བུ་དང་ཨར་འདམ་དང་ཤེལ་སྒོ་དང་འགྱིག་ཤོག་ལ་སོགས་པའི་ནང་དུ་དོན་ལ་ངོ་མཚར་མང་པོ་བསྐུངས་ཡོད།
 
《དགེ་རྒན་གྱི་དམག་འཁྲུག: ཨ་རིའི་རྒོལ་བ་ཆེས་ཐེབས་ཤོས་ཀྱི་ལས་རིགས་ཀྱི་ལོ་རྒྱུས》(The Teacher Wars: A History of America’s Most Embattled Profession)། ཏ་ན་གོལ་སི་ཐེན(Dana Goldstein)གྱིས་བརྩམས། ཉིན་ཆ(Doubleday)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26.95། གོལ་སི་ཐེན་གྱིས་སྤྱི་བཙུགས་སློབ་གསོའི་མ་ལག་ལ་ཉམས་ཞིབ་གསོན་ཤ་དོད་ལ་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་བྱས་པའི་མཐར་ལེགས་པར་བཅའ་ཐབས་ཀྱི་ལྟ་བ་བཏོན་ཡོད།
 
《ཟླ་དགུ་པའི་ནང་གི་ཉིན་བཅུ་གསུམ: ཏ་ཝིད་སྒར་གྱི་ཁར་ཐེར། པེ་གིན་དང་ས་ཏད》(Thirteen Days in September: Carter, Begin and Sadat at Camp David)། ལོ་རེན་སེ་ཝའེ་ཐི(Lawrence Wright)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། 1978ལོའི་རྒྱུན་རིང་ཞིང་འགལ་བ་ཆེ་བའི་ཕྱི་འབྲེལ་གྱི་རྩོད་པ་དེས་ཨི་སི་རེལ་དང་ཨེ་ཅིབ་ཀྱི་ཞི་བདེའི་སྒྲོམ་གཞི་བསྐྲུན་ཡོད་པ་རེད།
 
《འདི་ཡིས་ཡོད་ཚད་བསྒྱུར་བར་བྱས: མ་རྩ་རིང་ལུགས་དང་གནམ་གཤིས་གདོང་ཐུག་པ》(This Changes Everything: Capitalism vs the Climate)། ནའོ་མི་ཁེ་ལེན(Naomi Klein)གྱིས་བརྩམས། སི་མོན་དང་ཧྲུ་སི་ཐེར(Simon & Schuster)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར30། མོའི་བློ་སྤོབས་ཀྱིས་བརྟས་ཤིང་ཞིབ་ཆ་དོད་པའི་དབྱེ་ཞིབ་ལས་ཁེ་ལེན་གྱིས་འགྲོ་བ་མིའི་རིགས་གནོད་འཚེ་ཆེན་པོ་དག་ལས་སྔར་བཞིན་གཡོལ་ཐུབ་ཀྱི་ཡོད། ཡིན་ནའང་ད་ལྟའི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་འོག་ཏུ་ལག་ལེན་ལ་གདབ་ཐབས་མེད་པར་དགོངས།
 
《འདོར་བ》(Thrown)། ཁེ་རེ་ཧོ་ལེ(Kerry Howley)ཡིས་བརྩམས། ས་ར་པན་ཏེ(Sarabande)དཔེ་སྐྲུན་ཁང་གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར15.95། རིགས་དགར་ཐབས་བྲལ་བའི་དེབ་འདིའི་ནང་དུ་བློ་འཁྲལ་འཁྲུལ་གྱི་དགོད་གཏམ་དང་ལས་ཀ་ཁ་གསལ་པོ་ཞིག་ཡོད་ལ། དྲག་རྩལ་གྱི་འཇིག་རྟེན་ཞིག་བརྒྱུད་ནས་སྙན་ངག་གི་ཁམས་མངོན་པར་མཐོ་ལ་བརྗིད་དང་ལྡན་པ་ཞིག་འཚོལ་བཞིན་འདུག
 
《བྲག་ཆ་ཆུ་མིག་ཏུ་བསྐྱོད་པ: རྩོམ་པ་པོ་དང་ཆང་རག》(The Trip to Echo Spring: On Writers and Drinking)། ཨོ་ལི་ཝིའ་ལེན་གི(Olivia Laing)ཡིས་བརྩམས། ཕི་ཁ་ཏོར(Picador)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། འགུག་ཤུགས་ཆེ་ལ་བརྩེ་བ་དྲག་པོ་ཞིག་གི་ལམ་ནས་ཆང་རག་བཏུང་རྒྱུར་མོས་པའི་རྩོམ་པ་པོ་དྲུག་གི་གཏམ་རྒྱུད་བྲིས་ཡོད། དེ་དག་ནི་རེ་རེ་བཞིན་ཅོན་ཆེ་ཝེར(John Cheever)དང་ཐེ་ནེ་སི་ཝིལ་ལེམ་སི(Tennessee Williams)། ཅོན་པེ་རེ་མན(John Berryman)། ཨེར་ནེ་སིད་ཧེ་མིང་ཝེ(Ernest Hemingway)། F. སི་ཁོ་ཐི་ཧྥི་ཚི་གེ་རལ་དི(F. Scott Fitzgerald)། རེ་མོན་དི་ཁར་ཝེར(Raymond Carver)བཅས་སོ།།
 
《ཨ་རི་པ་རྣལ་མ: ཐེག་ས་སི་ཡི་སྲོག་གཅོད་པ་དང་སྙིང་རྗེ》(The True American: Murder and Mercy in Texas)། ཨ་ནན་དི་གི་རི་ཏ་ར་ཏ་སི(Anand Giridharadas)ཡིས་བརྩམས། ནོར་ཏོན(Norton)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། དེབ་འདི་རུ་ཨ་མེ་རི་ཁའི་རྨི་ལམ་གྱི་ནང་དུ་ཕན་ཚུན་ཤིན་ཏུ་འཐབ་པའི་ཡུལ་ལྗོངས་ཤིག་བྲིས་ཡོད། 11/9རྗེས་ཀྱི་སྙིང་ནད་ཀྱི་དབང་གིས་ཉེས་པ་བྱེད་པ་དང་དེ་ལ་བསམ་ཚུལ་བསམ་ཡུལ་ལས་འདས་པ་འདོན་པ་གཉིས་དེབ་འདིའི་ནང་གདོང་ཐུག་བརྒྱབ་ཡོད།
 
《འཛམ་གླིང་གི་གོ་རིམ》(World Order)། ཧེན་རེ་ཁི་སིན་གེར(Henry Kissinger)གྱིས་བརྩམས། པེན་གྱུན་དཔེ་སྐྲུན་ཁང(Penguin Press)གིས་བསྐྲུན། ཨ་སྒོར36། ཁི་སིན་གེར་གྱི་ཚིག་ཉུང་ལ་ཉམས་མཛེས་ཤིང་ལུང་རིགས་རྒྱ་ཆེར་སྤྱད་ཡོད་པའི་བརྩམས་ཆོས་འདི་ཡིས། འདས་ཟིན་པར་ཡིད་འཁྲེང་བའི་ཐེ་ཚོམ་རིང་ལུགས་པ་ཞིག་གིས་མ་འོངས་པའི་མི་རབས་འགའི་དངོས་ཡོད་རིང་ལུགས་ཀྱི་ཆབ་སྲིད་ལ་གནང་བའི་བསླབ་བྱ་དང་ཉེན་བརྡ་ཞིག་གོ །[རྫོགསོ](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག