ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

《ཉིའུ་ཡོག་དུས་བབ》ཀྱིས་བདམས་པའི2014ལོའི་དེབ་གལ་ཆེན་བརྒྱ་ཐམ་པ།[སྟོད]

2015-01-02 ཟླ་བ།
(རྟོག་བཟོའི་རྩོམ་རིག་དང་སྙན་ངག་དང་། རྟོག་བཟོ་མ་ཡིན་པའི་བརྩམས་ཆོས་འདུས་པའི་དེབ་འདི་དག་ནི《ཉིག་ཡོག་དུས་བབ》ཀྱི་དེབ་དཔྱད་པར་ངོས་ཀྱི་རྩོམ་སྒྲིག་པས་བདམས་པའོ།།)

རྟོག་བཟོ་དང་སྙན་ངག་གི་སྐོར།
 
《འུ་ཅག་གི་རུས་མིང་ཡོད་དོ་ཅོག》(All Our Names) ཏི་ནོ་མེན་གི་སི་ཐུ(Dinaw Mengstu)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.95། མེན་གི་སི་ཐུ་ཡི་སྒྲུང་འདིས་གདུང་བ་ཟབ་མོ་དང་ཡིད་ཆེས་དཀའ་བའི་བདེན་པ་ཁུར་ནས་ཨ་མེ་རི་ཁའི་དཀྱིལ་ནུབ་ཕྱོགས་ཀྱི་སྤྱི་པའི་ཞབས་ཞུ་བ་ཞིག་དང་གཉེན་ཉེ་མེད་པའི་ཨ་ཧྥེ་རི་ཁ་པ་ཞིག་བར་གྱི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་བྲིས་ཡོད།
 
《འདབ་ཆགས་ཀུན་གྱིས་གཞས་གཏོང་གིན་འདུག》(All the Birds, Singing)། ཨེ་ཝི་ཝེལ་དི(Evie Wyld)ཡིས་བརྩམས། ལྷ་ཚོགས་མཆོད་ཁང(Pantheon)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར24.95། སྒྲུང་འདིས་སྡུག་བསྔལ་གྱིས་ཁེངས་པའི་ངང་ནས་བས་མཐའ་རུ་གནས་པའི་དབྱིན་ཇིའི་གླིང་ཕྲན་ཞིག་ཏུ་གཅིག་པུར་སྡོད་པའི་ལུག་རྫི་བུད་མེད་ཅིག་འདས་པའི་ལོ་ཟླ་དང་ཇི་ལྟར་འབྲལ་ཐབས་བྱས་པའི་ཚུལ་བརྗོད་འདུག
 
《ངེད་ཅག་གིས་མཐོང་དུ་མི་བཏུབ་པའི་འོད་ཡོད་དོ་ཅོག》(All the Light We Cannot See)། ཨན་ཟོ་ཉེ་དོ་ཨེར(Anthony Doerr)གྱིས་བརྩམས། སི་ཁི་རི་པི་ནེར(Scribner)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། སྒྲུང་འདིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་རྒྱབ་ལྗོངས་སུ་བྱས་ནས་ཧྥ་རན་སིའི་བུ་མོ་ལོང་བ་ཞིག་དང་འཇར་མན་གྱི་དྭ་ཕྲུག་ཅིག་གི་ཕན་ཚུན་རྐྱ་འཐབ་པའི་མི་ཚེ་བྲིས་ཡོད།
 
《ཨ་རིའི་གསར་གཏོད》(American Innovations)། རིབ་ཁ་གཱལ་ཆེན(Rivka Galchen)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར24། དེབ་འདིའི་ནང་གི་སྒྲུང་ཐུང་ཕལ་མོ་ཆེ་རུ་ལོ་ན་སུམ་ཅུའི་གཡས་གཡོན་གྱི་བརྩེ་བ་ལ་མགོ་འཐོམ་པའི་གྲོང་ཁྱེར་གྱི་བུད་མེད་དག་གི་འཚོ་བ་བྲིས་ཡོད།
 
《མར་ག་རེ་ཐི་ཟ་ཆེར་ལྐོག་གསོད་བྱེད་པ: སྒྲུང་ཐུང་ཕྱོགས་བསྒྲིགས》(The Assassination of Margaret Thatcher: Stories)། ཧི་ལར་རེ་མན་ཐེལ(Hilary Mantel)གྱིས་བརྩམས། ཇོན་མ་ཁེ་ར་ཨེ/ཧོལ་ཐི(John Macrae/Holt)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། མན་ཐེལ་གྱིས་བྱང་ཆ་ཤིན་ཏུ་དོད་པའི་རྩོམ་འབྲི་ཐབས་ཁྱད་པར་བ་དེ་ལ་བརྟེན་ནས་དེང་རབས་ཀྱི་དཔེ་ཆོས་དང་ལྡན་པའི་སྒྲུང་སྤྲོ་བས་ཕྱུག་པ་འདི་དག་བྲིས་ཡོད་ལ། མི་རྣམས་ལ་མོས་ནི་ཉོག་དྲ་ཆེ་བའི་རྩོམ་གྱི་རྒྱུ་ཆ་ལྐོག་ཏུ་གྱུར་པ་ཞིག་ལ་བརྟེན་པའི་སྣང་བ་སྟེར།
 
《རྩེད་མོ་བ་ཆུང་ངུའི་གཞས》(The Ballad of a Small Player)། ལོ་རེན་སེ་ཨོ་སི་པོ་རེན(Lawrence Osborne)ཡིས་བརྩམས། ཧོ་གར་སི(Hogarth)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། འདི་ནི་ཨོ་སི་པོ་རེན་གྱི་སྒྲུང་ལས་སྨྱོ་ཧམ་གྱིས་ཁེངས་པ་ཞིག་སྟེ། རྩེད་མོ་དེ་ཨོ་མེན་གྱི་རྒྱལ་འཇོག་ཅོག་ཙེའི་སྟེང་དུ་བྱུང་ཞིང་མི་སྣ་གཙོ་བོ་ནི་ནང་སེམས་སྡུག་བསྔལ་གྱིས་ཟིན་པའི་རྒྱུ་ནོར་ཧམ་ཟ་མཁན་ཁྲིམས་ལ་བྱོལ་བཞིན་པ་ཞིག་གོ །
 
《ཁྱིའི་ཟུག་སྐད: སྒྲུང་ཐུང་ཕྱོགས་བསྒྲིགས》(Bark: Stories)། ལོར་རིའེ་མཱོ་རེ(Lorrie Moore)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར24.95། འདི་ནི་མཱོ་རེ་ཡི་ལོ་ངོ་བཅུ་དྲུག་རིང་གི་སྒྲུང་ཕྱོགས་བསྒྲིགས་ཀྱི་དེབ་ཐོག་མ་ཡིན་ཞིང་། དེབ་ཀྱི་པར་གཞི་ལྷོད་ཆ་ཆེ་བ་དེའི་ཕྱིར་ཀློག་པ་པོས་བག་ལྷོད་ལྷོད་ཀྱིས་གཏམ་རྒྱུད་རེ་རེ་བཀླག་སྟེ་མོའི་རྩོམ་གྱི་བྲོ་བ་ཁྱད་པར་བ་དེ་མྱང་ཆོག
 
《རབ་ཏུ་འབར་བའི་འཇིག་རྟེན》(The Blazing World)། སི་རི་ཧ་སི་ཐི་ཝེད་ཐི(Siri Hustvedt)ཡིས་བརྩམས། སི་མོན་དང་ཧྲུ་སི་ཐེར(Simon & Schuster)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། ཧ་སི་ཐི་ཝེད་ཐི་ཡི་སྒྲུང་ནི་རིམ་པ་མང་པོ་ཞིག་གིས་གྲུབ་ཡོད། སྒྲུང་འདིར་གསར་དུ་བྱེད་མཁན་ཞིག་གི་མི་ཚེ་དང་མཚན་སྙན་དེ་སྒྱུ་རྩལ་གྱི་སྡེ་ཡི་སྐྱེས་པ་མཆོག་ཏུ་རྩི་བའི་ལྟ་བ་ཡིས་ཇི་ལྟར་བརླགས་པའི་ཚུལ་བྲིས་ཡོད།
 
《རུས་པའི་ཆུ་ཚོད་འཁོར་ལོ》(The Bone Clocks)། ཏ་ཝིད་མིད་ཆེལ(David Mitchell)གྱིས་བརྩམས། རན་ཏོམ་དཔེ་ཁང(Random House)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར30། 《སྤྲིན་གྱི་ས་བཀྲ》(Cloud Atlas)ཡི་རྩོམ་པ་པོའི་དེབ་གསར་པ། དེབ་འདི་མི་རྣམས་མགོ་ཡུ་འཁོར་བར་བྱེད་པའི་ཡུལ་ཕ་རོལ་པོ་རུ་འཕུར་ཏེ་ཆ་རྒྱུས་ཆེ་བའི་དབྱིན་ཇི་དང་འདས་པོའི་གཡོ་སྒྱུས་ཁེངས་པའི་འཇིག་རྟེན་བར་གྱི་འབྲེལ་བ་རིམ་གྱིས་མོག་པོར་གྱུར།
 
《ཁྱད་མཚར་བའི་དངོས་པོ་གསར་པའི་དེབ་ཐེར》(The Book of Strange New Things)། མི་ཆེལ་ཧྥ་པེར(Michel Faber)གྱིས་བརྩམས། ཧོ་གར་སི(Hogarth)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། ཧྥ་པེར་ནི་དོན་དང་དངོས་པོ་གསར་ལ་ཁྱད་མཚར་བའི་རིགས་འབྲི་བའི་མཁས་པ་ཞིག་ཡིན། ཧམ་སེམས་ཆེ་ལ་རིགས་དགར་ཐབས་བྲལ་བའི་སྒྲུང་འདི་རུ་སའི་གོ་ལ་ཡི་ཡེ་ཤུའི་ཆོས་པ་ཞིག་གིས་གོ་ལ་གཞན་པས་དད་པ་དང་སློབ་སྟོན་ལ་འདུན་པའི་རེ་བ་ཚིམ་དུ་བཅུག་པའི་སྐོར་བྲིས་ཡོད།
 
《ཨ་རི་བ་མིང་མེད་དག་གི་དེབ་ཐེར》(The Book of Unknown Americans)། ཁི་རི་སི་ཐི་ན་ཧེན་རི་ཁའེ་ཟི(Crisitina Henriquez)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར24.95། དེབ་ནང་གི་ལ་ཏིང་ཨ་མེ་རི་ཁ་བ་རུ་ཡོང་དག་རང་གི་ཁྱད་ཆོས་ཉམས་པའི་ཉེན་ཁ་ལ་འཕྲད་ཡོད།
 
《བྱིས་པ། ཁ་བ། བྱེའུ》(Boy, Snow, Bird)། ཧེ་ལེན་ཨོ་ཡེ་ཡེ་མི(Helen Oyeyemi)ཡིས་བརྩམས། ཆུ་མགོ(Riverhead)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། ཨོ་ཡེ་ཡེ་མི་ཡི་སྒྲུང་འདིས《གངས་དཀར་བུ་མོ》(Snow White)ཡི་རིག་གནས་ཚད་གཞི་ལས་རིགས་རྒྱུད་ཀྱི་ལྟ་གྲུབ་ཕྱི་མ་དང་རིགས་རྒྱུད་ཀྱི་མི་བརྟན་པའི་གནས་སྟངས། མི་རིགས་མདོག་ཅན་ལ་གཙོ་རྒྱུགས་སྲིད་དབང་གི་ཁས་ལེན་ཐོབ་མིན་སྐོར་གྱི་གཏམ་རྒྱུད་བསླབ་བྱ་ལྟ་བུ་ཞིག་བྲིས་ཡོད།
 
《སྲོག་གཅོད་ཐེངས་བདུན་གྱི་ལོ་རྒྱུས་མདོར་བསྡུས》(A Brief History of Seven Killings)། མར་ལོན་ཅམ་སི(Marlon James)ཡིས་བརྩམས། ཆུ་མགོ(Riverhead)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28.95། ཉམས་ལྷོད་ལ་སྟོབས་དང་ལྡན་པའི་སྒྲུང་འདིས1976ལོར་གཞས་པ་གྲགས་ཅན་པོབ་མར་ལའེ(Bob Marley)ལྐོག་གསོད་བྱེད་པའི་ཚོད་ལྟ་དེ་ལྟེ་བར་བྱས་ནས་ཅ་མེ་ཁ་ཡི་སྲིད་དབང་དང་གྲལ་རིམ། རིགས་རྒྱུད་དང་གདུག་རྩུབ་ཀྱི་སྐོར་བྲིས་ཡོད།
 
《མི་ནུས་པ་དང་མི་འདོད་པ》(Can’t and Won’t)། ལེ་ཏིའ་ཏ་ཝི་སི(Lydia Davis)ཡིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། ཏ་ཝི་སི་ཡི་སྒྲུང་ཐུང་དག་ཏུ་འཇིག་རྟེན་དང་གསང་བ་གཉིས་སྐུད་པ་གཅིག་ཏུ་གནས་ཤིང་འཚེ་བ་ནི་དུས་རྟག་ཏུ་མི་རྣམས་ཀྱི་ཉེ་སར་མཆིས་སོ།།
 
《གཞས་འཁྱག་པ》(The Cold Song)། ལིན་ཨུལ་མན(Linn Ullmann)གྱིས་བརྩམས། པར་པ་ར་ཇེ་ཧ་ཝེ་ལན་དི(Barbara J. Haveland)ཡིས་བསྒྱུར། གཞན་པ་དཔེ་སྐྲུན་ཁང(Other Press)གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར15.95། ཨུལ་མན་གྱི་སྒྲུང་འདི་རུ་སེམས་ལ་ཉེས་བཤགས་དང་འགྱོད་པ་ཡིས་ཁེངས་པའི་ནོར་ཝེ་ཡིས་ཁྱིམ་ཚང་ཞིག་བྱིས་གཉོར་མ་བསད་པའི་གྱོད་གཞི་ཞིག་ཏུ་ལྷུང་བའི་སྐོར་བྲིས་ཡོད།
 
《ཁ་དོག་བྲལ་བའི་ཐེ་སུ་ཁུ་རུ་ཐ་ཟ་ཁི་དང་ཁོའི་གནས་མཇལ་གྱི་ལོ》(Colorless Tsukuru Tazaki and His Years of Pilgrimage)། ཧ་རུ་ཁི་མུ་ར་ཁ་མི(Haruki Murakami)ཡིས་བརྩམས། ཧྥིལ་ཕུ་ག་པི་རིལ(Philip Gabriel)གྱིས་བསྒྱུར། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.95། སྐྱེས་པ་ཞིག་དར་མ་རུ་ཆགས་པའི་དྲན་པའི་རྨ་ཁ་དང་ཁོས་མ་བརྒྱུད་ཐབས་མེད་ཡིན་པའི་གྲིབ་མས་ཁྱབ་པའི་ལམ་བུ་ཡི་སྐོར་གྱི་སྒྲུང་།
 
《ཚོད་དཔག་སྡེ་ཁག》(DEPT. of Speculation)། ཅེན་ཉེ་ཨོ་ཧྥིལ(Jenny Offill)གྱིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར22.95། ཨོ་ཧྥིལ་གྱི་སྒྲུང་གཉིས་པ་འདི་ནི་དོན་ཕྲན་ཚེགས་དང་ཞིབ་ཏུ་བརྟག་པ། གང་དུ་བསམ་པ། ལྟ་བ་མི་འདྲ་བ་སོགས་གཞི་བྱས་ནས་བྲིས་པའི་གཉེན་དོན་སྐོར་གྱི་སྒྲུང་ཞིག་རེད།
 
《ཁྱི》(The Dog)། ཅོ་སེ་ཧྥུ་ཨོ་ཉེལ(Joseph O’Neill)གྱིས་བརྩམས། ལྷ་ཚོགས་མཆོད་ཁང(Pantheon)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.95། འདི་ནི་ཨོ་ཉེལ་གྱི《ནེ་སེར་ལན་དི》(Netherland)ཡི་རྗེས་སུ་བྲིས་པའི་སྒྲུང་གསར་པ་དེ་རེད། བདེ་བར་མི་བྱེད་ཅིང་སྟབས་བདེ་ལ་གྲ་མཛེས་པའི་སྒྲུང་འདི་རུ་ཉིའུ་ཡོག་གི་ཁྲིམས་རྩོད་པ་མི་ཚེ་ལ་མགོ་འཁོར་ཞིང་སེམས་སྡུག་གིས་ཁེངས་པ་ཞིག་གིས་ཉེན་ཁ་ཆེ་ལ་འདྲ་མཉམ་མིན་པའི་ཏུ་པེ(Dubai)ཡི་ལས་ཀའི་རྗེས་སུ། སེམས་ཀྱི་ནང་ནི་ཕྱི་ཡི་འཇིག་རྟེན་ལས་ཀྱང་ངམ་གནག་པ་ཤེས་པའི་གཏམ་རྒྱུད་བྲིས་ཡོད།
 
《བདེ་བས་བརྟས་པ》(Euphoria)། ལི་ལེ་ཁིན(Lily King)གྱིས་བརྩམས། ནུབ་རྒྱ་མཚོ་ཆེན་མོའི་ཟླ་དེབ(Atlantic Monthly)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། ཁིན་གྱི་སྒྲུང་འདི་རུ་མར་ག་རེ་ཐི་མེ་དི(Margaret Mead)མི་ཚེ་རིང་མོའི་ནང་གི་དུས་ཡུན་ཐུང་ངུ་ཞིག་ཉེན་ཁ་ཆེ་བའི་རྒྱལ་ཁབ་གཞན་གྱི་ཡུལ་ཞིག་དང་མི་རྣམས་འཚབ་པར་བྱེད་པའི་གཏམ་རྒྱུད་ཅིག་ཏུ་བྲིས་ཏེ་ཕན་ཚུན་རྩོད་པ་ལ་དགའ་བའི་མི་གཞི་དང་འདོད་པ་བསྟན་ཡོད།
 
《ང་ཡིས་ཁྱེད་ལ་གཏན་དུ་བཤད་མི་སྲིད་ཐམས་ཅད》(Everthing I Never Told You)། སེ་ལེ་སི་ཐེ་ཨུན(Celeste Ng)གྱིས་བརྩམས། པེན་གྱུན་དཔེ་སྐྲུན་ཁང(Penguin Press)གིས་བསྐྲུན། ཨ་སྒོར26.95། སྒྲུང་འདིས་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་དུ་ཨ་རིའི་ཨོ་ཧི་ཨོ(Ohio)རུ་རྐྱེན་ངན་ཞིག་གིས་མི་རིགས་མཉམ་འདུས་ཀྱི་ཁྱིམ་ཚང་ཞིག་ཇི་ལྟར་སོ་སོར་བཀར་བའི་ཚུལ་བཤད་ཡོད།
 
《F》(F)། ཏན་ཉེལ་ཁེལ་མན(Daniel Kehlmann)གྱིས་བརྩམས། ཁ་རོལ་པུ་རོན་ཅན་ཝེ(Carol Brown Janeway)ཡིས་བསྒྱུར། ལྷ་ཚོགས་མཆོད་ཁང(Pantheon)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.95། ཁེལ་མན་གྱི་སྐྱོ་བ་དང་སྤྲོ་བ་འདྲེས་མའི་སྒྲུང་འདི་རུ་སྤུན་གསུམ་རྒྱུས་མངའ་མེད་པའི་པ་ལགས་ཀྱིས་དོར་བའི་ཤུལ་ཏུ་ཇི་ལྟར་སྲོག་འཚོ་བ་གཉེར་བའི་སྐོར་བྲིས་ཡོད།
 
《དམ་ཚིག་བརྟན་ལ་དགེ་བ་དང་ལྡན་པའི་མཚན་མོ》(Faithful and Virtuous Night)། ལོ་ཨི་སེ་གི་ལུ་ཁི(Louise Glück)ཡིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར23། འདི་ནི་སྙན་ངག་པའི་སྙན་ངག་བཏུས་དེབ་གསར་ཤོས་ཏེ་མཆོག་ཏུ་གྱུར་པའི་སྒྱུ་རྩལ་དང་གཞན་དྲིང་མི་འཇོག་པའི་རྩོམ་སྟངས་ཀྱིས་འཆི་བས་བྱིན་པ་མཐའ་དག་ལ་ཨ་ལན་སྤྲད་ཡོད།
 
《ཁྱིམ་གྱི་འཚོ་བ》(Family Life)། ཨ་ཁི་ཧེལ་ཧྲར་མ(Akhil Sharma)ཡིས་བརྩམས། ནོར་ཏོན(Norton)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར23.95། ཧྲར་མ་ཡི་སྒྲུང་གཏིང་ཟབ་ལ་མི་རྣམས་བདེ་བ་དང་བྲལ་བར་བྱེད་མོད་རྩ་བ་ཤིན་ཏུ་ཞི་ཞིང་འཇམ། སྒྲུང་དུ་གཞོན་ནུ་ལོ་ཆུང་ཞིག་རྐྱེན་ངན་བྱུང་ཞིང་ཁ་ཕྱོགས་བོར་བའི་རྒྱ་གར་གྱི་རུ་ཡོང་གི་ཁྱིམ་ཚང་ཞིག་ནས་ནར་སོན་པའི་ཚུལ་བྲིས་ཡོད།
 
《ཟླ་བདུན་པའི་ཚེས་བཞི་ཉིན་གྱི་ཆུ་ཕྲན》(Fourth of July Creek)། སི་མི་སི་ཧེན་དེར་སོན(Smith Henderson)གྱིས་བརྩམས། ཨེ་ཁོ/ཧར་ཕེར-ཁོ་ལིན་སི(Ecco/Harper-Collins)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26.99། ཧེན་དེར་སོན་གྱི་ཡིད་དབང་འགུག་པའི་སྒྲུང་འདི་རུ1980ལོར་མོན་ཐ་ན(Montana)ཡི་ལུས་སེམས་ངལ་གྱིས་ལྕི་བའི་སྤྱི་པའི་ཞབས་ཞུ་པ་ཞིག་བྱིས་པ་གཏུམ་དྲག་ཆེ་བ་ཞིག་དང་ཁོའི་མི་ཆོས་ཀྱི་བརྩེ་བ་དང་བྲལ་བའི་པ་ལགས་དང་འཕྲད་པའི་ཚུལ་བྲིས་ཡོད།
 
《བུ་མོ་དག་ནི་ཅ་ལག་ཕྱེད་ཀ་ཞིག་གོ》(A Girl Is a Half-formed Thing)། ཨེ་མེར་མེ་ཁེ་པུ་རེ་དེ(Eimear McBride)ཡིས་བརྩམས། ཁོ་ཧྥེ་ཁང་དཔེ་སྐྲུན་ཁང(Coffee House Press)གིས་བསྐྲུན། ཨ་སྒོར24། ཨེར་ལན་གྱི་རྩོམ་པ་པོ་ཁྱད་མཚར་ལ་གསོན་ཉམས་ཀྱིས་བརྟས་པ་ཞིག་གི་སྒྲུང་ཐོག་མ།
 
《ངས་ཉམ་ཐག་པའི་རུ་ཡོང་དེ་ཚོ་སྙིང་རྗེ་ཡི་འདུག》(I Pity the Poor Immigrant)། ཟ་ཁ་རེ་ལ་ཟར(Zakary Lazar)གྱིས་བརྩམས། ལི་ཐེལ། པུ་རོན(Little, Brown)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། ལ་ཟར་གྱི་སྒྲུང་ཡག་པོ་འདི་རུ་མི་སེམས་ཀྱིས་ཅི་ཞིག་རྙེད་པའི་སྐོར་བྲིས་ཡོད་ཅིང་དེའི་ནང་དུ་ཨ་རིའི་གསར་འགོད་པ་མེ་ཡེར་ལན་སི་ཀེ(Meyer Lansky)དང་ཨི་ཟི་རེལ་གྱི་སྙན་ངག་པ་ཞིག་ལྐོག་གསོད་བཏང་བའི་གཏམ་རྒྱུད་ཀྱང་ཡོད།
 
《ཧབ་ཆ་རྒྱག་པའི་གཅན་གཟན་དེ་ཚོ》(The Laughing Monsters)། ཏེ་ནི་སི་ཅོན་སོན(Denis Johnson)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། ཅོན་སོན་གྱི་ཉམས་ལྷོད་པའི་སྟོང་བ་རིང་ལུགས་ཀྱི་སྒྲུང་འདི་རུ་ཨ་ཧྥེ་རི་ཁ་ཡི་ལྐོག་ཇུས་པ་དང་མྱུལ་མ་མགོ་སྟོང་གཉིས་ཀྱི་གཏམ་རྒྱུད་བྲིས་ཡོད་ཅིང་ཁོར་ཡུག་ལ་ཞིབ་ཆ་དོད་པ་བྲིས་ཡོད་པ་ནི་ཁོའི་སྔོན་དུས་ཀྱི་གསར་འགྱུར་གྱི་འབྲི་སྟངས་རྒྱུན་བསྐྱངས་པའོ།།
 
《ལེ་ན་ཧྥིན་ཁི་ལེ་ཡི་སྒྱུ་མའི་ཟོ་བ》(Lena Finkle’s Magic Barrel)། ཨན་ཡ་ཝུ་ལི་ཉི་ཆི(Anya Ulinich)ཡིས་བརྩམས་ཤིང་པར་བཅུག་རི་མོ་བྲིས། པེན་གྱུན་དཔེ་སྐྲུན་ཁང(Penguin Press)གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར17། ཝུ་ལི་ཉི་ཆི་ཡིས་རི་མོའི་སྒྲུང་འདི་རུ་མི་སྣ་གཙོ་བོ་རུ་ཡོང་གི་བུད་མེད་དེ་དང་མོའི་གཉེན་དོན་དང་རོལ་པའི་གཏམ་རྒྱུད་བཤད་ཡོད།
 
《ངས་ཁྱོད་ལ་མ་གསང་བཤད་དུ་ཆུགས: ཧྥུ་རན་ཁེ་པ་སི་ཁོམ་པེ་ཡི་དེབ་ཐེར》(Let Me be Frank with You: A Frank Bascombe Book)། རི་ཆར་དི་ཧྥོར་དི(Richard Ford)ཡིས་བརྩམས། ཨེ་ཁོ/ཧར་ཕེར-ཁོ་ལིན་སི(Ecco/Harper-Collins)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.99། དེབ་ནང་གི་ཕན་ཚུན་འབྲེལ་བའི་གཏམ་རྒྱུད་བཞི་བོ་རུ་ཧྥོར་དིའི་སྨྱུག་འོག་གི”མི་དཀྱུས་མ”སེམས་སྡུག་གིས་ཁེངས་པ་དེས་ཆར་རླུང་དྲག་པོ་སན་དེ(Hurricane Sandy)ཡིས་བཅོམ་པའི་ཤུལ་གྱི་ཉིའུ་ཅེར་སེ(New Jersey)ཡི་མི་རྣམས་ཀྱི་འཚོ་བ་ལ་ཉམས་ཞིབ་བྱས་པ་བྲིས་ཡོད།
 
《ལི་ལཱ》(Lila)། མ་རི་ལེན་ནེ་རོ་པིན་སོན(Marilynne Robinson)གྱིས་བརྩམས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། སྡུག་བསྔལ་དང་དཀའ་ངལ་གྱི་བྱུང་བ་ཡོད་པའི་བུད་མེད་ཅིག་གིས་རོ་པིན་སོན་གྱི་སྨྱུག་འོག་ལས་གསར་དུ་བཟོས་པའི་གྲོང་རྡལ་ཆུང་ངུ་ཅེ་རེ་དེ་རུ་འཚོ་བ་གསར་པ་ཞིག་གི་མགོ་བརྩམས་པའི་ཚུལ་བྲིས་ཡོད།
 
《རྩངས་པ་སྒས་རལ་སྐྱིད་སྡུག་གི་དགའ་རོགས་དག 1932ལོའི་ཕ་རི་སི》(Lovers at the Chameleon Club, Paris 1932)། ཧྥུ་རན་སིན་ཕུ་རོ་སི(Francine Prose)ཡིས་བརྩམས། ཧར་ཕེར(Harper)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26.99། ཕུ་རོ་སི་ནི་ཚོར་བ་རྣོ་བའི་སེམས་ཁམས་རིག་པ་བ་ཞིག་རེད་ལ། ཁོའི་སྨྱུག་འོག་གི་ལུ་ཝི་ལ་སི་ནི་ཧྥ་རན་སི་ཡི་ལྭ་བ་མཚར་པོ་གོན་པའི་འཁོར་ལོའི་འགྲན་བསྡུར་པ་ཞིག་དང་ན་ཙི(Nazi)ཡི་ལས་རོགས་ཤིག་སྟེ་མི་ངམ་གནག་འཇིགས་སུ་རུང་བ་ཞིག་ཡིན་པ་རེད།
 
《སྒྱུ་མ་མཁན་གྱི་རྒྱལ་ཁམས》(The Magician’s Land)། ལེབ་གི་རོ་སི་མན(Lev Grossman)གྱིས་བརྩམས། ཝི་ཁིན(Viking)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། འདི་ནི་དེབ་སྔོན་རྗེས་བར་གསུམ་ལས་སྟོབས་ཆེ་ཤོས་ཀྱི་རྗེས་མ་སྟེ་ཡུལ་བྱོལ་བའི་སྒྱུ་མ་མཁན་ཞིག་གིས་ཉེན་ཁ་ཆེ་བའི་རྐུན་མའི་འཚོ་བ་སྐྱོང་གྲབས་བྱས་པའི་སྐོར་བྲིས་ཡོད།
 
《ཐང་སྟོང་གི་སྙན་ཞུ》(The Moor’s Account)། ལེ་ལ་ལ་ལ་མི(Laila La-lami)ཡིས་བརྩམས། ལྷ་ཚོགས་མཆོད་ཁང(Pantheon)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26.95། ཨ་རིའི་མི་ནག་ཉེན་རོལ་པ་ཐོག་མ་ཨི་སི་ཐི་པ་ཉི་ཁི་ཡིས་རྟོག་པས་བཟོས་པའི་མི་ཚེའི་ལོ་རྒྱུས་བཤད་པའི་སྒྲུང་།
 
《མ་ཡུལ། ཕ་ཡུལ། སྐྱེ་ཡུལ་གྱི་ཕོ་མོ》(Motherland Fatherland Homeland Sexuals)། ཕ་ཐྲི་སིའ་ལོ་ཁེ་ཝུ་དི(Patricia Lockwood)ཡིས་བརྩམས། པེན་གྱུན་སྙན་ངག(Penguin Poets)དཔེ་སྐྲུན་ཁང་གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར20། ལོ་ཁེ་ཝུ་དི་ཡི་སྙན་དེབ་འདི་སྙན་དེབ་གཞན་བས་ཁོང་ཁྲོ་ཆེ་ཞིང་སྤྲོ་བས་བརྟས་པ་ཞིག་དང་། ཀུན་ལས་འུ་ཅག་གི་དུས་རབས་ལ་འཚམས་ཤིང་གཞན་ལས་ཁྱད་མཚར་བ་ཞིག་གོ །
 
《ང་ཡི་འབད་པ། བམ་པོ་གསུམ་པ: བྱིས་དུས》(My Struggle Book 3: Boyhood)། ཁར་ཨོ་ཝེ་ཁི་ནོ་སི་གར་དི(Karl Ove Knausgarrd)ཡིས་བརྩམས། ཏོན་པར་ཐི་ལེ་ཐི(Don Bartlett)ཡིས་བསྒྱུར། གླིང་ཚོམ(Archipelago)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། འདི་ནི་ཁི་ནོ་རི་གར་དི་ཡི་མར་སེལ་ཕུ་རོ་སི་ཐི(Marcel Proust)ཡི་ལུགས་ཀྱི་རང་རྣམ་གྱི་ཚུལ་ལྟར་བྲིས་པའི་སྒྲུང་བམ་པོ་དྲུག་གི་བདག་ཉིད་ཅན་གྱི་བམ་པོ་གསུམ་པའོ།།
 
《བྱང་གི་གཏིང་ལ་བསྲིངས་པའི་ལམ་དོག་མོ》(The Narrow Road to the Deep North)། རི་ཆར་དི་ཧྥུ་ལ་ན་གན(Richard Flanagan)གྱིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.95། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་འབར་མ་དང་ཐེ་ལན་དི་གཉིས་ཀྱི་བར་ལ་ལྕགས་ལམ་འཕངས་པའི་གཏམ་རྒྱུད་ཤོད་པའི་སྒྲུང་འདི་རུ་མི་གཤིས་གཤོམ་པོ་དེ་བརྗོད་དུ་མེད་པའི་སྡུག་བསྔལ་ལས་རྣམ་པར་རྒྱལ་བའི་ཚུལ་བྲིས་ཡོད།
 
《ནོ་ར་ཝེབ་སི་ཐེར》(Nora Webster)། ཁོ་ལམ་ཐོའི་པིན(Colm Toibin)གྱིས་བརྩམས། སི་ཁི་རི་པི་ནེར(Scribner)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27། ཐོའི་པིན་གྱི་སྒྲུང་ཚིག་འདུས་ཤིང་རྨད་དུ་བྱུང་བ་འདིས་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུའི་མཇུག་དང་བདུན་ཅུའི་མགོ་ལ་ཨེར་ལན་གྱི་སྐྱེས་མ་ཞིག་ཁྱོ་ག་བསམ་ཡུལ་ལས་འདས་པར་ཚེ་ལས་འདས་རྗེས་རང་བཙན་གྱི་ལས་ལ་ཞུགས་པའི་ཚུལ་བྲིས་ཡོད།
 
《ལག་སྒམ་ནང་གི་འཇིགས་པ》(Panic in a Suitcase)། ཡེ་ལེ་ན་ཨེ་ཁེ་ཏི་ཨོར་སི་ཀ་ཡ(Yelena Akhtiorskaya)ཡིས་བརྩམས། ཆུ་མགོ(Riverhead)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར27.95། ཡུག་ཁེ་རེན(Ukraine)གྱི་ཁྱིམ་ཚང་ཞིག་གིས་པུ་རོ་ཁི་ལེན(Brooklyn)དུ་འཚོ་བ་བསྐྱལ་ཞིང་ཕ་ཡུལ་དྲན་པའི་འདུན་པ་འགོག་མེད་དུ་འཁོར་བའི་ཚུལ་བྲིས་པའི་སྒྲུང་ཞིག
 
《གླ་སྤྲོད་པའི་སྐུ་མགྲོན》(The Paying Guests)། ས་ར་ཝོ་ཐེར་སི(Sarah Waters)ཡིས་བརྩམས། ཆུ་མགོ(Riverhead)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28.95། དཀའ་ངལ་གྱིས་ཁེངས་པའི་འཚོ་བ་དང་། ཚུལ་དང་མི་མཐུན་པའི་ཕོ་མོ་འདོད་པ། ལྐོག་གསོད་དང་བདེན་པ་བཅས་ནི་སྒྲུང་འདིའི་བརྗོད་བྱ་ཡིན། དེ་ལྟ་ནའང་སྒྲུང་དེ་སྔར་བཞིན་སྤྲོ་བས་ཁེངས་པ་ཞིག་ཡིན་ཏེ་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་རྗེས་ཀྱི་ལོན་ཏོན་དུ་བྱུང་བའོ།།
 
《ཏེ་རེ་ཁེ་ཝོལ་ཁོ་ཐི་ཡི་སྙན་ངག 1948-2013》(The Peotry of Derek Walcott 1948-2013)། གེ་ལེན་མེ་ཁེ་སི་ཝེལ(Glyn Maxwell)ཡིས་བདམས་ཤིང་བསྒྲིགས། ཧྥར་རར། སི་ཐྲོ་སི་དང་གི་རོ་ཁི་སི(Farrar, Straus & Giroux)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར40། བམ་པོས་ཆེ་ཞིང་མེད་དུ་མི་རུང་བའི་ལེགས་བཏུས་དེབ་འདི་ནི་དགུང་ལོ་གྱ་བཞི་ལ་སོན་པའི་ཝོལ་ཁོ་ཐི་ཉིད་ཀྱི་སྒྱུ་རྩལ་གྱི་སྨྱུག་རྩེ་ལས་རྐང་བ་རེ་རེ་དང་རེ་རེ་བྱས་ནས་གྲུབ་ཡོང་བ་ཞིག་གོ །
 
《བསྐྱར་དུ་འགྲེམ་པ》(Redeployment)། ཧྥེལ་ཁི་ལེ(Phil Klay)ཡིས་བརྩམས། པེན་གྱུན་དཔེ་སྐྲུན་ཁང(Penguin Press)གིས་བསྐྲུན། ཨ་སྒོར26.95། དེབ་འདི་རུ་སྔོན་མཚོ་དམག་སྐམ་སའི་རུ་ཁག་ཏུ་ཞུགས་མྱོང་བའི་རྩོམ་པ་པོ་འདིའི་སྒྲུང་ཐུང་བཅུ་གཉིས་བཏུས་ཡོད་ཅིང་། རྩོམ་པ་པོས་སྙིང་ཉེ་བའི་ལམ་ནས་དབྱི་རག་གི་དམག་འཁྲུག་གིས་བསླངས་པའི་ཡིད་ཀྱི་འཕྲོ་འདུ་ཞིག་དང་། ཐར་ཐབས་མེད་པའི་ངང་ཚུལ་དང་སྡུག་བསྔལ་སོགས་རིམ་པར་བྲིས་ཡོད།
 
《ང་རང་འདི་ལྟར་དྲན་པར་གྱིས》(Remember me Like This)། པུ་རེད་ཨན་སོན་ཉི་ཅོན་སི་ཐོན(Bret Anthony Johnston)གྱིས་བརྩམས། རན་ཏོམ་དཔེ་ཁང(Random House)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26། ཅོན་སི་ཐོན་གྱི་འབྲི་རྩལ་ལ་བྱང་ཆ་དོད་ཅིང་ཡིད་ཀྱི་དང་བ་འདྲེན་པར་བྱེད་པའི་སྒྲུང་ཐོག་མ་འདིའི་ནང་དུ་གཡོ་ཡིས་ཁྲིད་པའི་བྱིས་པ་སླར་ཁྱིམ་མི་དང་ལྷན་འཛོམས་བྱུང་བའི་གཏམ་རྒྱུད་ཅིག་བྲིས་ཡོད།
 
《ཚབ་ཏུ་རོལ་བའི་མི་ཚེ》(A Replacement Life)། པོ་རི་སི་ཧྥི་ཧྲི་མན(Boris Fishman)གྱིས་བརྩམས། ཧར་ཕེར(Harper)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25.99། ཧྥི་ཧྲི་མན་གྱི་སྤོབས་པ་ཆེ་ཞིང་ཧམ་སེམས་མཐོ་བ། བློ་རིག་བཀྲ་ཞིང་བསྟན་བཤིག་ཚ་པོའི་སྒྲུང་ཐོག་མ་འདི་རུ་ཉིའུ་ཡོག་ཏུ་གནས་བཅས་པའི་སོ་ཝེད(Soviet)ཀྱི་རུ་ཡོང་རྩོམ་པ་པོ་ཞིག་གིས་བྱང་ཆ་དོད་ལ་བདེ་བ་དང་བྲལ་བའི་ངང་ནས་ན་ཙི་ཡི་དམར་གསོད་ཆེན་མོ་ཡི་གུན་གསབ་གཞལ་བྱེད་ཀྱི་ཡར་ཞུ་ཡི་གེ་རྫུན་མ་ཞིག་བྲིས་པའི་གཏམ་རྒྱུད་འཁོད་ཡོད།
 
《རྗེ་ངར་གྱི་གླུ》(Song of the Shank)། ཅེ་ཧྥུ་རེ་རེ་ནར་དི་ཨེ་ལེན(Jeffery Renard Allen)གྱིས་བརྩམས། གི་རེ་ཝོལ་ཧྥུ(Graywolf)དཔེ་སྐྲུན་ཁང་གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར18། ཨེ་ལེན་གྱི་སྒྲུང་ཡག་པོ་འདི་རུ་ཁེར་འདུག་གི་ནད་ཕོག་ཅིང་རྣོ་སྦྲེང་དཀྲོལ་བའི་སྐྱེས་སྟོབས་ཀྱི་ཤེས་རབ་འཕེལ་བའི་བྱིས་པ་ཐོ་མ་སི་ཝི་གིན་སི(Thomas Wiggins)ཡི་གཏམ་རྒྱུད་དང་ཨ་རིའི་ལྷོ་བྱང་དམག་འཁྲུག་དང་བསྐྱར་དུ་བསྐྲུན་པའི་ལོ་རྒྱུས་བཅས་གཞི་གཅིག་ཏུ་བསྲེས་ནས་བརྗོད་ཡོད།
 
《10:04》(10:04)། པེན་ལེར་ནེར(Ben Lerner)གྱིས་བརྩམས། ཧྥ་པེར་དང་ཧྥ་པེར(Faber & Faber)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར25། འདི་ནི་ལེར་ནེར་གྱི་སྒྲུང་གཉིས་པ་ཡིན་ཞིང་སྔ་མ་ནང་བཞིན་རྨད་དུ་བྱུང་བ་ཞིག་རེད། དེབ་འདིར་པུ་རོ་ཁི་ལེན་གྱི་སྒྲུང་བཤད་པ་པོ་རང་གི་རང་བཞིན་སུ་ཡིན་གྱི་ཆ་ལ་ཡིད་དོགས་པས་ཁེངས་པ་དེས་རང་གི་གྲོགས་པོ་མཛའ་ཤོས་དེ་ལ་བྱིས་པ་ཞིག་གི་ཡོད་དུ་འཇུག་པར་རོགས་བྱེད་པའི་ཚུལ་བྲིས་ཡོད།
 
《བུ་མོ་སུམ་ཅུ》(30 Girls)། སུ་སན་མི་ནོ་ཐི(Susan Minot)ཡིས་བརྩམས། ཁེ་ནོབ་ཧྥུ(Knopf)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར26.95། མི་ནོ་ཐི་ཡི་སྒྲུང་འདི་རུ་ཨ་ཧྥེ་རི་ཁའི་འོས་ལངས་དམག་དཔུང་གདུག་རྩུབ་ཤིན་ཏུ་ཆེ་བ་ཞིག་བྲིས་ཡོད་ཅིང་སྨྱུག་ཁ་རབ་རིབ་མིན་པར་གསལ་ཞིང་དྲང་ལ་ཟོལ་གྱིས་མ་བཅོས་པ་ཞིག་འདུག
 
《གྱེས་པ་དག་དང་བསྡད་པ་དག: བམ་པོ་གསུམ་པ། ནེ་ཕོ་ལི་ཐན་གྱི་སྒྲུང་ལས་བར་གྱི་དུས་ཚོད》(Those Who Leave and Those Who Stay: Book 3, The Neapolitan Novel: “Middle Time”) ཨི་ལེ་ན་ཧྥེ་རན་ཐི(Elena Ferrant)ཡིས་བརྩམས། ཨན་གོལ་དི་སི་ཐེན(Ann Goldstein)གྱིས་བསྒྱུར། ཨུ་རོབ་རྩོམ་སྒྲིག་དཔེ་སྐྲུན་ཁང་གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར18། ཧྥེ་རན་ཐི་ཡི་མུ་འབྲེལ་སྒྲུང་གི་བམ་པོ་གསུམ་པ་འདི་རུ་ཉོག་འཛིང་ཆེ་ལ་རྒྱུན་རིང་བའི་གྲོགས་པོའི་མཛའ་བཤེས་ཤིག་བྲིས་ཡོད།
 
《རྩིག་པར་འཁྲིལ་མཁན》(The Wall Creeper)། ནེལ་ཙིན་ཁི(Nell Zink)ཡིས་བརྩམས། ཏོ་རོ་སེ(Dorothy)། གཅིག་པར་བསྐྲུན་འཆར་གཞི། དེབ་དཀྱུས་མ། ཨ་སྒོར15། ཙིན་ཁི་ཡི་སྤྲོ་ངར་ཆེ་ལ་ཟིང་ཆ་དོད་པའི་སྒྲུང་ཐོག་མ་འདི་ནི་ཁོར་ཡུག་སྐོར་གྱི་བརྩམས་ཆོས་ཤིག་སྟེ་མི་རྣམས་ཀྱི་བསམ་ཡུལ་ལས་འདས་ཤིང་རྒྱུན་ལྡན་གྱི་བསམ་སྟངས་ལས་འགོངས་པ་ཞིག་རེད།
 
《ང་ཚོ་ནི་འུ་ཅག་རང་ཉིད་མ་ཡིན་ནོ》(We Are Not Ourselves)། མ་སིའུ་ཐོ་མ་སི(Mathew Thomas)ཡིས་བརྩམས། སི་མོན་དང་ཧྲུ་སི་ཐེར(Simon & Schuster)དཔེ་སྐྲུན་ཁང་གིས་བསྐྲུན། ཨ་སྒོར28། ཐོ་མ་སི་ཡི་རྨད་དུ་བྱུང་བའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་རིང་མོ་འདི་རུ་ཨེར་ལན་ནས་ཡིན་པའི་ཨ་མེ་རི་ཁའི་ཁྱིམ་ཚང་ཞིག་གི་མི་རབས་གསུམ་གྱི་བྱུང་རབས་བྲིས་ཡོད།
 
《གསང་བའི་སྲོག་ཆགས་ཀྱིས་རྒོལ་དུས》(When Mystical Creatures Attack!)། ཁེ་སི་ལེན་ཧྥོན་དི་སི(Kathleen Founds)ཡིས་བརྩམས། ཨི་ཨོ་ཝ་སློབ་ཆེན(University of Iowa)གྱི་དཔེ་སྐྲུན་ཁང་གིས་བསྐྲུན། དེབ་དཀྱུས་མ། ཨ་སྒོར16། ངམ་གནག་ལ་ཕུན་སུམ་ཚོགས་ཤིང་ཚིག་ཉུང་དོན་འདུས་པའི་སྒྲུང་ཐུང་འདི་དག་གིས་ཧྥོན་དི་སི་ནི་ཕུལ་དུ་བྱུང་བའི་ཀུན་སྤྱོད་སྨྲ་བ་ཞིག་ཡིན་པ་ར་སྤྲད་ཅིང་ཁོང་ལ་ཨུ་རུ་སུའི་རྩོམ་པ་པོ་ལྟ་བུའི་ངར་ཤུགས་དང་ལྡན་ནོ།།[མུ་འགོད](རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག