ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཡོའུ་ཏའོ་ཚིག་མཛོད་ཀྱིས་འཕྲིན་སྦྲེལ་དྲ་བའི་བོད་རྒྱ་ཤན་སྦྱར་སྤྱོད་སྒོ་ཐོག་མ་སྤེལ།

2015-04-17 ལྷ་མོ་ཚེ་སྐྱིད།

ཡོའུ་ཏའོ་ཚིག་མཛོད་ཀྱིས་འཕྲིན་སྦྲེལ་དྲ་བའི་བོད་ཡིག་ཚིག་མཛོད་ཐོག་མ་སྤེལ་བ།

ཡོའུ་ཏའོ་ཚིག་མཛོད་ཀྱིས་འཕྲིན་སྦྲེལ་དྲ་བའི་བོད་རྒྱ་ཤན་སྦྱར་སྤྱོད་སྒོ་ཐོག་མ་སྤེལ་བ།

ཉེ་སྔོན། ཡོའུ་ཏའོ་ཚིག་མཛོད་དང་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་སྒོས་བོད་རྒྱ་ཤན་སྦྱར་གྱི་སྤྱོད་སྒོ་དངོས་སུ་དྲ་ལམ་དུ་སྤེལ་ཏེ་རྒྱ་ཆེ་བའི་བོད་རིགས་མང་ཚོགས་དང་སྒོས་སུ་བོད་ཡིག་ལོ་ཙཱ་དང་སློབ་སྦྱོང་ལ་མཁོ་བའི་གྲོགས་པོ་རྣམས་ལ་རིན་མེད་དང་ཆེད་ལས། སྟབས་བདེའི་བོད་རྒྱ་སྐད་གཉིས་ཡིག་སྒྱུར་གྱི་ཞབས་ཞུ་བསྒྲུབ་པ་རེད།

  འཕྲིན་སྦྲེལ་དྲ་བའི་དུས་སྐབས་སུ། རྒྱལ་ཁབ་མང་པོའི་སྐད་རིགས་ལོ་ཙཱ་ནི་ཡོའུ་ཏའོ་དང་ཀུའུ་ཀུ པའེ་ཏུའུ་སོགས་འཕྲིན་སྦྲེལ་དྲ་བའི་སྟེགས་བུ་རུ་འཕེལ་རྒྱས་ཅུང་འཐུས་ཚང་བྱུང་ཡོད་ནའང་། མི་རིགས་མང་པོའི་རྒྱལ་ཁབ་ཅིག་ལ་མཚོན་ན། རང་རྒྱལ་གྱི་མི་རིགས་སྐད་ཡིག་ཆ་འཕྲིན་ཅན་དང་སྐད་རིགས་ཤན་སྦྱར་ཐད་ད་དུང་མི་འདང་ས་ཆེན་པོ་ཡོད་པ་དང་། ད་དུང་མི་རིགས་རིག་གནས་རྒྱུན་འཛིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པར་ལྷག་ཡོད། བོད་ཡིག་ལ་ཆ་མཚོན་ན། མིག་སྔར་བོད་ལྗོངས་ས་ཁུལ་གྱི་འབྲིང་ཆུང་སློབ་གྲྭ97%ཡིས་སྐད་གཉིས་སློབ་གསོ་མངོན་འགྱུར་བྱུང་ཡོད་པ་དང་མཚུངས་སུ་ཧ་ལམ་མི་ཁྲི800ཡིས་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་ཡོད། ཡིན་ཡང་ཆེད་ལས་ཡིག་སྒྱུར་གྱི་ལག་ཆ་ཤིན་ཏུ་ཉུང་ཞིང་། མི་རིགས་དཔེ་སྐྲུན་ཁང་གཞུང་ཕྱོགས་ཀྱིས་བཤད་པ་ལྟར་ན། 《རྒྱ་བོད་ཤན་སྦྱར་ཚིག་མཛོད》ཤོག་ངོས་པར་གཞི་ནི་ལྷ་ས་ས་ཁུལ་གྱི་ཞིན་ཧྭ་དཔེ་ཁང་དུ་དཔེ་དེབ་བཅུ་ཁ་ལས་མི་འདུག་པས་ད་དུང་དགོས་མཁོ་ཡེ་ནས་སྐོང་ཐུབ་ཀྱི་མེད།

དེར་བརྟེན། རྒྱལ་ནང་གི་མིང་དུ་གྲགས་པའི་འཕྲིན་སྦྲེལ་དྲ་བའི་སྐད་རིགས་ཞབས་ཞུའི་ཁེ་ལས་ཤིག་ཡིན་པའི་ཆ་ནས་ཝང་དབྱི་ཡོའུ་ཏའོ་ཡིས་བོད་རྒྱ་ཤན་སྦྱར་སྤྱོད་ནུས་སྤེལ་རྒྱུར་བློ་ཐག་བཅད་དེ་མི་རིགས་སྐད་ཡིག་ཤན་སྦྱར་བྱེད་མཁན་གྱི་དགོས་མཁོ་སྐོང་བ་ཡིན། ཡོའུ་ཏའོ་བོད་ཡིག་ཐ་སྙད་མཛོད་ཀྱིས《རྒྱ་བོད་ཤན་སྦྱར་ཚིག་མཛོད》ཀྱི་ཐ་སྙད་ཁྲི8ལྷག་བསྡུས་ཤིང་། དེང་རབས་རྒྱ་ཡིག་གཙོར་བཟུང་སྟེ་སྤྱིར་བཏང་དུ་སྤྱོད་པའི་ཐ་སྙད་ལས་གཞན་ད་དུང་རྒྱུན་སྤྱོད་ཀྱི་ཡིག་སྐད་ཐ་སྙད་དང་གཏམ་དཔེ། ཡུལ་སྐད་ཐ་སྙད། དེ་མིན་རིག་ཚན་ཐ་སྙད་སོགས་ཀྱང་བསྡུས་ཏེ་བོད་ཡིག་ལྟ་ཀློག་མང་ཆེ་བ་དང་། སློབ་སྦྱོང་། འབྲེལ་འདྲིས་སོགས་ཀྱི་དགོས་མཁོ་སྐོང་ཐུབ།

ཕབ་ལེན་དྲ་གནས། https://itunes.apple.com/cn/app/id353115739?mt=8

འབྲེལ་ཡོད་རྩོམ་ཡིག