ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ལོ ༣༦ འགོར་རྗེས།《དག་ཡིག་གསར་བསྒྲིགས》དག་བཅོས་མ་ཕྱི་ཚེས ༡༡ ཉིན་འགྲེམ་རྒྱུ་རེད།

2015-04-10 ཟླ་བ།
   ལོ ༣༦ ཕྱིན་རྗེས《དག་ཡིག་གསར་བསྒྲིགས》དག་བཅོས་མ་ཕྱི་ཟླ ༤ པའི་ཚེས ༡༡ ཉིན་འགྲེམ་རྒྱུ་ཡིན་པ་དང་། དག་ཡིག་འདིས་བོད་ཀྱི་སྐད་ཡིག་དེང་རབས་ཅན་དང་དེང་རབས་བོད་ཡིག་ཚད་ལྡན་དུ་གཏོང་བར་ནུས་པ་འགངས་ཆེན་ཐོན།
   《དག་ཡིག་གསར་བསྒྲིགས》ནི་ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ༣༠ འཁོར་བར་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞིང་། ༡༩༧༣ ལོར་བསམ་གཏན་གྱི་མགོ་བཟུང་ནས་སྒྲིག་མགོ་ཚུགས་ཤིང ༡༩༧༩ ལོར་པར་དུ་བསྐྲུན་ལ། འདི་ནི་ཀྲུང་གོའི་བོད་ཡིག་དག་ཡིག་ཚད་དང་ལྡན་ལ་འཐུས་ཚང་བ་དང་པོ་ཡིན་ཏེ། དེར་མིང་གི་དབྱེ་བ་དང་ལས་ཚིག་གི་དབྱེ་བ། འགྲེལ་བཤད་དང་དཔེ་བརྗོད་སོགས་དེང་རབས་མིང་མཛོད་རྩོམ་སྒྲིག་གི་གཞུང་ལུགས་དང་ཚད་གཞི་ལྟར་བརྩམས་སྟབས། དེང་རབས་བོད་ཡིག་གི་སྲོལ་འབྱེད་ལྟ་བུར་གྱུར་ཡོད་ཅིང་། ད་ལྟའི་བར་དཔར་ཐེངས་བཅུ་གྲངས་ལ་སླེབས་ནས་ཁྱོན་དེབ་འབུམ་དྲུག་ལྷག་བཀྲམས་པས།  བོད་ཡིག་གི་དེབ་ལས་བྲིན་ཤོས་ཆགས་ཡོད།
   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔེ་དེབ་རྩོམ་སྒྲིག་པུའུ་་ཡི་ཀྲུའུ་རེན་བསོད་ལོ་ཡིས་ཚེས ༩ ཉིན་ངོ་སྤྲོད་གནང་རྒྱུར། 《དག་ཡིག་གསར་བསྒྲིགས》དག་བཅོས་མ་ནི་ཀྲུང་གོའི་མི་རིགས་ཡིག་རིགས་དཔེ་སྐྲུན་ཆེད་གཏོང་མ་དངུལ་གྱིས་རོགས་སྐྱོར་བྱས་པ་ལས་བྱུང་བ་དང་། སྤྱིའི་ཆ་ནས་མ་གཞིའི་རྣམ་པ་མ་འགྱུར་བ་བྱས་ཐོག  ནང་དོན་ཁག་ཅིག་ལ་འཕྲི་སྣོན་གང་འཚམས་བྱས་ཡོད།  ཡང་རྒྱུན་སྤྱོད་ཐ་སྙད ༡༩༠༠ ཁར་བསྣན་ཏེ་ད་ལྟ་ཁྱོན་ཐ་སྙད ༡༡༢༠༠ དང་། དེའི་ནང་གི་འགྲེལ་བཤད་དཔེར་བརྗོད་འགའ་ཤས་ལ་བཟོ་བཅོས་གང་དགོས་བརྒྱབ་ཡོད།
   “《དག་ཡིག་གསར་བསྒྲིགས》དག་བཅོས་ཀྱི་ལས་ཀ ༢༠༡༢ ལོའི་ལོ་སྟོད་ནས་དབུ་ཚུགས་པར། དུས་རབས་ཀྱི་འགྱུར་བ་དང་ཀློག་མཁན་གྱི་དགོས་མཁོ་ལྟར་བཟོ་བཅོས་གང་གཟབ་ཅིག་རྒྱག་དགོས་པར་ཁེལ་བ་རེད།  དག་བཅོས་བྱེད་སྐབས《དག་ཡིག་གསར་བསྒྲིགས》ཀྱི་དེ་སྔའི་རྩོམ་འབྲིའི་ཁོངས་མིའམ་བོད་ཀྱི་མཁས་པ་ཆེན་པོ་འགྱུར་མེད་ལགས་གདན་ཞུ་གནང་བ་ཡིན། དག་བཅོས་པར་མའི་རྩོམ་སྒྲིག་ཚན་པའི་ཆེད་མཁས ༡༣ ཀྱིས་ཁྱོན་ཞུ་དག་ཐེངས ༣༣ བཏང་བས། སྤྱིར་བཏང་གི་དེབ་ཅིག་ལས་ལྡབ་འགས་ཐོལ་པ་བྱས་པ་ཡིན”ཞེས་བསོད་ལོ་ལགས་ཀྱིས་བརྗོད།
   ཀློག་མཁན་གྱི་དགོས་མཁོ་མི་འདྲ་བ་སྐོང་ཆེད། 《དག་ཡིག་གསར་བསྒྲིགས》དག་བཅོས་མ་དེབ་ཚད་བྲེ་ཁ ༣༢ ཅན་དང ༦༤ ཅན་གཉིས་བཟོས་ཡོད། ཡང《དག་ཡིག་གསར་བསྒྲིགས》དག་བཅོས་མའི་རྗེས་སུ་པར་དུ་བསྐྲུན་རྒྱུའི《བྱ་ཚིག་མིང་མཛོད་གསར་བསྒྲིགས》(བོད་རྒྱ་ཤན་སྦྱར) དང《བོད་ཡིག་བྱ་ཚིག་མིང་མཛོད་གསར་བསྒྲིགས》ཀྱང་རྩོམ་སྒྲིག་གྲུབ་ཟིན་ལ། ༢༠༡༥ ལོའི་ལོ་སྨད་དུ་འགྲེམ་སྤེལ་བྱ་འཆར་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག