ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར640བཏང་།

2016-01-27

འདི་ནི་ལྷ་སའི་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་ལུས་རྩལ་ཐང་དུ་རྩལ་སྦྱང་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་ཡུང་མདའ་སློབ་གསོ་ས་ཚིགས་ཀྱི་སློབ་ཆུང་སློབ་མས་ལུས་རྩལ་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མས་ཆ་འཕྲིན་ལག་རྩལ་སློབ་ཁྲིད་བྱེད་བཞིན་པའི་ཚུལ་རེད།

འདི་ནི་མཚོ་སྣ་རྫོང་སླད་པོ་གཞུང་སྒྲུབ་ཁང་སློབ་ཆུང་གི་དགེ་རྒན་གྱིས་སློབ་མ་རྣམས་ལ་མི་ལུས་ཀྱི་གྲུབ་ཚུལ་འགྲེལ་བཤད་རྒྱག་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་སློབ་གསོ་བྱ་གཞག་དེ་སྟོབས་ཆུང་ནས་སྟོབས་ཆེན་དུ་གྱུར་ནས། མགྱོགས་མྱུར་སྒོས་འཕོ་འགྱུར་བྱུང་བཞིན་པའི་སྒང་ཡིན།

བོད་ལྗོངས་ལྟ་བུའི་སློབ་གསོ་ཅུང་རྗེས་ལུས་ཡིན་པའི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཞིག་ལ་མཚོན་ན། སློབ་གསོ་ལས་དོན་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་མིན་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་འཁུར་ཆེན་པོ་དང་འབྲེལ་བ་ཡོད་དེ། ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡི་རྒྱབ་སྐྱོར་ཆེན་པོ་དང་། ཏང་གི་གཟིགས་སྐྱོང་སྲིད་ཇུས་སོ་སོ་དང་རིམ་པ་སོ་སོའི་ནོར་སྲིད་ཀྱིས་དངུལ་གཏོང་ལ་རག་ལུས་ཡོད།

བོད་ལྗོངས་ནོར་སྲིད་ཐིན་གྱི་ཐིན་ཀྲང་ལང་ཧྥུ་ཁོན་གྱིས་བཤད་རྒྱུར། དུས་རབས་གསར་བ་སླེབས་པ་ནས་བཟུང་། བོད་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཚད་བསྟུད་མར་འཕར་སྣོན་ཆེན་པོ་བྱུང་ཞིང་། བསྡོམས་རྩིས་ལྟར་ན། 1965ལོ་ནས2015ལོའི་བར་དུ། བོད་ལྗོངས་ཀྱི་སློབ་གསོའི་ཐད་མ་དངུལ་གཏོང་ཚད་མ་དངུལ་སྒོར་ཁྲི་མི་ལོངས་པ་ནས2015ལོའི་སྒོར་ཁྲི165ལས་བརྒལ་བར་འཕར་སྣོན་བྱུང་ཞིང་། སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར1020ལས་བརྒལ། 2010ལོ་ནས2015ལོའི་བར་དུ། ནོར་སྲིད་ཀྱིས་བོད་ལྗོངས་ཀྱི་སློབ་གསོའི་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར640ཙམ་ལ་བསླེབས་ནས། ལོ་རྒྱུས་སྟེང་སློབ་གསོའི་ཐད་མ་དངུལ་གཏོང་ཚད་ཆེས་མང་བའི་ཟིན་ཐོ་བསྐྲུན་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག