ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲོའུ་ཆང་གིས། མི་རིགས་ས་ཁུལ་ཁྲིམས་ཁང་ལ་སྐད་གཉིས་ཁྲིམས་དཔོན་མི་འདང་ཟེར།

2015-03-12 ཟླ་བ།
  ཚེས ༡༢ གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་ཚོགས་ཐེངས་གསུམ་ཡི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རུ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དབུ་འཛིན་ཀྲོའུ་ཆང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྐོར་གྱི་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཁང་གི་དབུ་འཛིན་ཚའོ་ཅན་མིང་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྐོར་གྱི་སྙན་ཞུ་ལ་ཉན། དེ་ལ་མི་དམངས་ཁྲིམས་ཁང་གི་ལས་དོན་ཁྲོད་མཆིས་པའི་གནད་དོན་དང་དཀའ་ཁག་མང་སྐོར་གླེང་དུས་ཀྲོའུ་ཆང་གིས། མི་རིགས་ས་ཁུལ་གྱི་ཁྲིམས་ཁང་དུ་སྐད་གཉིས་ཁྲིམས་དཔོན་དཀོན་ཞིང་གྱོད་ཞིབ་ཀྱི་ཆ་རྐྱེན་མུ་མཐུད་ནས་ཇེ་ལེགས་སུ་གཏང་དགོས་པར་འདུག་ཅེས་བསྟན།
ཟླ ༣ པའི་ཚེས ༡༢ ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དབུ་འཛིན་ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ཕུལ།
   ཁྲིམས་དཔོན་གྱི་ཁྲིམས་འཛིན་ནུས་པ་ཇེ་མཐོར་གཏོང་རྒྱུའི་སྐོར་ནས་ཀྲོའུ་ཆང་གིས་ཁ་གཏད་བོད་སྐྱོར་དང་ཅང་སྐྱོར། མཚོ་སྐྱོར་ལས་དོན་ལ་ཤུགས་རྒྱག་དགོས་ཚུལ་དང་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་སྦྱོང་བརྡར་ལ་ཤུགས་རྒྱག་དགོས་ལུགས་བསྟན།
   ཀྲོའུ་ཆང་གིས་བརྗོད་དོན། མི་རིགས་ས་ཁུལ་གྱི་ཁྲིམས་ཁང་དུ་སྐད་གཉིས་ཁྲིམས་དཔོན་མི་འདང་ཞིང་གྱོད་ཞིབ་ཆ་རྐྱེན་ད་དུང་ཇེ་ལེགས་སུ་གཏོང་དགོས་པར་འདུག་ལ། གོང་སྨྲས་གནད་དོན་དང་དཀའ་ཁག་ཐད་ངེད་ཅག་གིས་བྱེད་ཐབས་ནུས་ལྡན་བཏོན་ཏེ་ཁ་ཡོད་ལག་ཡོད་དུ་ཐག་གཅོད་བྱ་རྒྱུ་ཡིན་ཟེར།
  
བསྲིངས་ཀློག
བོད་ལྗོངས་སུ་རྒྱ་བོད་སྐད་གཉིས་ལ་བྱང་བའི་ཁྲིམས་དཔོན་གྱི་མི་གྲངས ༧༩༩ དང ༧༠% ཟིན།
   རྒྱུས་ལོན་པ་ལྟར་ན། ད་ལྟ་བོད་ལྗོངས་སུ་སྐད་གཉིས་ལ་བྱང་བའི་ཁྲིམས་དཔོན་གྱིས ༧༠% ཟིན་ཞིང་མི་གྲངས ༧༩༩ ལ་སླེབས། བོད་ལྗོངས་ཀྱི་རྒྱུན་སྤྱོད་བོད་ཡིག་ཁྲིམས་ལུགས་བརྡ་ཆད་ལ་གཅིག་གྱུར་བྱུང་ཞིང་བོད་རྒྱ་ཁྲིམས་ལུགས་བརྡ་ཆད་ཀྱི་ལོ་ཙཱའི་ཚད་ཐིག་དང་བོད་ཡིག་ཁྲིམས་གཅོད་ཡིག་རིགས་འབྲི་བ་ཡང་ཚད་ལྡན་བཟོས། དེར་མ་ཟད་རིམ་པ་སོ་སོའི་ཁྲིམས་ཁང་གིས་བོད་ཡིག་ཁྲིམས་ལུགས་ལོ་ཙཱའི་དཔུང་ཁག་བཙུགས་ཏེ་གཞི་རིམ་ཞིང་འབྲོག་གི་ཁྲིམས་ཁང་གི་བོད་ཡིག་ལས་དོན་གྱི་དགོས་མཁོ་གཞི་རྩའི་ཐོག་སྐོང་ཐུབ།
   ཀྲུང་གོའི་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་གི་དབུ་འཛིན་སྐུ་གཞོན་བདེ་ཆུང་གིས་བརྗོད་དོན། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་འཇོན་ཐང་ཅན་གསོ་སྐྱོང་བྱེད་པར་ཤུགས་བརྒྱབ་པ་དེས་མི་རིགས་གྲངས་ཉུང་ས་ཁུལ་གྱིས་མི་རིགས་རང་གི་སྐད་ཡིག་གིས་ཞུ་གཏུག་བྱེད་པའི་ཁེ་དབང་ལ་ཁག་ཐེག་བྱས་པར་མ་ཟད། འདི་ནི་ཁྲིམས་ལྟར་བོད་སྐྱོང་བའི་མངོན་ཚུལ་བྱེ་བྲག་པ་ཞིག་ཀྱང་རེད་ཟེར། ༢༠༡༤ ལོའི་ཟླ ༨ པར། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་བོད་ལྗོངས་སྦྱོང་བརྡར་རྟེན་གཞི་བཙུགས་ཤིང་། སྦྱོང་བརྡར་དུ་ཞུགས་མཁན ༢༦༢ པོ་སློབ་མཇུག་སྒྲིལ་བའི་ཡིག་ཚད་བཏང་ནས་ལོ་གཅིག་རིང་དངོས་སྦྱོང་བྱས་རྗེས། བོད་ལྗོངས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་དཔུང་སྡེ་དེ་བས་ཆེན་པོ་ཆགས་རྒྱུ་ཡིན་པ་རེད། རྒྱུས་ལོན་པ་ལྟར་ན། སྐད་གཉིས་ཁྲིམས་དཔོན་སྦྱོང་བརྡར་གྱི་དགེ་རྒན་གྱི་དཔུང་སྡེ་ལ་ཤུགས་རྒྱག་ཆེད། ཀྲུང་གོའི་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་ནས་སྐབས་དང་པོའི་ལས་ཞོར་དགེ་རྒན ༦༤ གདན་ཞུ་བྱས། དགེ་རྒན་འདི་དག་ནི་ལས་སྣེ་དང་པོའི་ཁྲིམས་དཔོན་ཕུལ་བྱུང་ཅན་གཙོ་བྱས་པས་ཁྲིམས་གཅོད་ཀྱི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་ལ། བོད་ལྗོངས་ཁྲིམས་དཔོན་སློབ་གསོའི་དགེ་སློབ་ཀྱི་མཛོད་ཅིག་ཆགས་མགོ་ཚུགས་ཡོད། དུས་མཚུངས་སུ《བོད་ཡིག་ཁྲིམས་ལུགས་བརྡ་ཆད》དང《བོད་ཡིག་གི་བཅད་ཁྲའི་ཡི་གེ་འབྲི་སྟངས》སོགས་ཆེད་ལས་བསླབ་གཞི ༤ རྩོམ་འབྲི་བྱེད་ཀྱིན་པའི་སྒང་ཡིན་པ་དངོས་གཞིའི་ལག་ལེན་དུ་སྤྱོད་ཆོག་པ་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག