ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རན་ཝན་ཞང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས།

2015-04-22 རང་བྱུང་།
   ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། འདི་གར་འབྱོར་བའི་གནས་ཚུལ་གསར་ཤོས་ལྟར་ན། ཉེ་ཆར། ཀྲུང་དབྱང་གིས་རན་ཝན་ཞང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོ་བཞག་བྱས་ཡོད་འདུག
   རྒྱུས་ལོན་བྱུང་དོན་ལ། རན་ཝན་ཞང་ནི ༡༩༦༣ ལོའི་ཟླ ༩ པར་སྐྱེས་ཤིང་། ཡར་སྔོན་ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་མྱོང་། མིག་སྔར་རན་ཝན་ཞང་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལོ་རབས ༦༠ རྗེས་ཀྱི་པུའུ་ཀྲང་གཞོན་པ་དང་པོ་ཆགས་ཡོད།
རན་ཝན་ཞང་།
རན་ཝན་ཞང་གི་ལོ་རྒྱུས་མདོར་བསྡུས།
རན་ཝན་ཞང་། ཕོ། རྒྱ་རིགས། ཀན་སུའུ་ཞིང་ཆེན་ཧེ་ཉིན་རྫོང་གི་ཡིན། སློབ་ཆེན་བསླབ་ཐོབ་ལྡན། ༡༩༦༣ ལོའི་ཟླ ༩ པར་སྐྱེས། ༡༩༨༥ ལོའི་ཟླ ༩ པར་ཏང་ལ་ཞུགས། ༡༩༨༥ ལོའི་ཟླ ༨ པར་ལས་ཀར་ཞུགས།
༡༩༨༡ ལོའི་ཟླ ༩ པར། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་ཞིང་ལས་དཔལ་འབྱོར་སྡེ་ཁག་ནས་ཞིང་ལས་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང་།
༡༩༨༥ ལོའི་ཟླ ༨ པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་བཟོ་ཞིང་པུའུ་ནས་ལས་བྱ་གནང་།
༡༩༨༧ ལོའི་ཟླ ༤ པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་ཞིབ་འཇུག་ཁང་ནས་ལས་བྱ་གནང་།
༡༩༨༨ ལོའི་ཟླ ༩ པར། ཀན་སུའུ་ཞིང་ཆེན་སྲིད་ཇུས་ཞིབ་འཇུག་ཁང་གི་གྲོང་གསེབ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན།
༡༩༩༣ ལོའི་ཟླ ༡ པོར། ཀན་སུའུ་ཞིང་ཆེན་སྲིད་ཇུས་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཁྲུའུ་ཡི་ལས་རོགས་བརྟག་ཞིབ་པ།
༡༩༩༥ ལོའི་ཟླ ༡༠ པར། ཀན་སུའུ་ཞིང་ཆེན་སྲིད་ཇུས་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ།(བར་དེར ༡༩༩༣ ལོའི་ཟླ ༡༠ ནས ༡༩༩༦ ལོའི་ཟླ ༤ པའི་བར་ཁང་ལིག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་གནས་སྦྱར་བྱས)
༡༩༩༨ ལོའི་ཟླ ༤ པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་གྲོང་གསེབ་ཁྲུའུ་ཡི་ཁྲུའུ་ཀྲང་།
༢༠༠༡ ལོའི་ཟླ ༦ པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ།
༢༠༠༤ ལོའི་ཟླ ༡༢ པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ།
༢༠༠༥ ལོའི་ཟླ ༣ པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དང་། སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན།
༢༠༠༩ ལོའི་ཟླ ༢ པར། ཀྲུང་གུང་ལིན་ཞ་ཁུལ་ཨུའི་ཧྲུའུ་ཅི་གནང་།
༢༠༡༢ ལོའི་ཟླ ༨ པར། ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ།
༢༠༡༤ ལོའི་ཟླ ༡ པོར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་ཧྲེང་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།
༢༠༡༤ ལོའི་ཟླ ༣ པར། ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།
(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག