ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིན་གྱིས་གསུང་དོན།_སྟེགས་བུའི་སྟེང་འོག་གཉིས་ནས་སྤྱོད་ཚུལ་གཅིག་པ་ཡོང་དགོས།

2015-04-14
ཀ +
    “སྟེགས་བུའི་སྟེང་འོག་གཉིས་ཀྱི་སྤྱོད་ཚུལ་མི་འདྲ་བ་དང་། ཁ་ནས་བཤད་པ་དང་ལག་ནས་ལས་པ་གཉིས་ཀྱང་མི་འདྲ་བ། མིའི་མདུན་དུ་མི་དང་རྒྱབ་ཏུ་འདྲེ་ཡིན་”ཞེས་ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་སྔོན་མ་དང་། ཅི་ནན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྔོན་མ་ཝང་མིང་གིས་རང་གི་“མི་ཚེ་ངོ་གཉིས་མ་”ལ་འདི་ལྟར་ཞིབ་བརྗོད་བྱས་ཡོད།
   མིག་སྔར།  ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་ཀྱི་དྲ་གནས་སྟེང་དུ་《ཏང་ལ་ངོ་གཉིས་མ་གཏན་ནས་འཁྲབ་མི་རུང་།—ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་སྔོན་མ་དང་། ཅི་ནན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྔོན་མ་ཝང་མིང་གི་གྱོད་གཞི་ཉེན་ཐོ་》ཞེས་པའི་རྩོམ་ཞིག་བཀོད་པའི་ནང་དུ་ཝང་མིང་གི་དཔོན་ཚོང་ངན་འབྲེལ་དང་ལྐོག་ཧམ་ངན་རུལ་གྱི་ཞིབ་ཕྲའི་བརྒྱུད་རིམ་དག་གསལ་པོར་བཏོན་ཡོད།
   དེས་ན་“སྟེགས་བུའི་སྟེང་འོག་གཉིས་ཀྱི་སྤྱོད་ཚུལ་མི་འདྲ་བའི་”སྣང་ཚུལ་གྱི་ཐད་ཞི་ཅིན་ཕིན་ལ་བཤད་ཚུལ་གང་ཞིག་ཡོད་དམ་ཞེ་ན། སློབ་སྦྱོང་ཚན་ཆུང་གིས་རྒྱུ་ཆ་བསྡུ་སྒྲིག་བྱེད་དུས་སུ་ཞི་ཅིན་ཕིང་གིས་རང་ཞིབ་གླེང་བའི་དུས་སུ་སྔོན་ཆད་གནད་དོན་འདི་གླེང་མྱོང་ཡོད་འདུག 
   “སྟེགས་བུའི་སྟེང་འོག་གཉིས་ཀྱི་སྤྱོད་ཚུལ་མི་འདྲ་བ”ནི་མདོར་ན་གཅིག་པུར་རང་ཞིབ་དང་དོན་ཆུང་ས་ནས་གཟབ་ནན་མ་བྱས་པ་ཡིན། དེ་རིང་ཚན་ཆུང་གིས་ཚོ་མི་དག་དང་མཉམ་དུ་ཞི་ཅིན་ཕིང་གིས་དཔོན་པོའི་རང་ཞིབ་དང་འབྲེལ་བའི་དཔྱད་བརྗོད་ཀྱི་སྐོར་ནས་བསྐྱར་སྦྱོང་ཞིག་བྱེད།

【གཅིག】
“རང་ཞིབ་” ཀྱི་མཐོ་ཚད་ཅིག་ལ་སྙེག་པ། 
(ཉིས་སྟོང་བདུན་ལོའི་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན།)
   《ལུགས་ཀྱི་གཞུང་ལུགས་》ནང་ “ཆེས་ཕྲ་ཞིང་ཞིབ་པའི་བྱ་བ་དང་སྤྱོད་པས་མི་ཞིག་གི་གཤིས་ཀ་མཚོན་ཡོང་། དེ་བས་སྐྱེས་བུ་དམ་པས་ངེས་པར་དུ་རང་ཞིབ་བྱེད་ཤེས་དགོས་”ཞེས་བཀོད་ཡོད།    ཏང་ཡོན་ལས་བྱེད་པས་“རང་ཞིབ་”བྱེད་དགོས། ཏང་ཡོན་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པ་ལ་དུས་རྒྱུན་དབང་ཆ་ངེས་ཅན་ཞིག་ཡོད་པས་རང་འགུལ་ངང་རྩ་འཛུགས་དང་ལམ་ལུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་མ་ཟད།  ད་དུང་ རང་གཅུན་ལ་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་སྟེགས་བུའི་སྟེང་འོག་དང་མིའི་མདུན་རྒྱབ་ནས་གཅིག་མཚུངས་ཡོང་དགོས་འདུག     ལྷག་པར་དུ་མིའི་ལྐོག་ཏུའམ་མི་མེད་དུས། དོན་ཞིབ་ཕྲ་ལ་ཐུག་དུས་སུ་འཁྱགས་པ་སྲབ་མོའི་སྟེང་དུ་འགྲོ་བ་དང་གཡང་གཟར་གྱི་མདུན་དུ་སླེབས་པ་བཞིན་ཐོག་མཐའ་བར་གསུམ་དུ་བག་མེད་དང་སྲོལ་འགལ་བྱེད་མི་རུང་།
   བློ་མཐུན་ལིའུ་ཧྲའོ་ཆི་ཡིས་《གུང་ཁྲན་ཏང་ཡོན་གྱི་བྱང་ཚད་གླེང་བ་》ཞེས་པའི་ནང་དུ་རང་ཞིབ་ནི་ཏང་གཤིས་བློ་སྦྱོང་གི་རྣམ་པ་ནུས་ལྡན་ཞིག་དང་ཆེས་མཐོའི་རིམ་པ་ཞིག་ཏུ་བརྩིས་ནས་དར་སྤེལ་དུ་བཏང་ཡོད།  ཁོས་“ཁོ་གཅིག་པུས་བྱ་བ་ལས་དུས་སམ་ལྟ་རྟོག་བྱེད་མཁན་མེད་དུས། ལས་ཀ་ངན་པ་སྣ་ཚོགས་ལས་ཐུབ་པའི་དུས་སྐབས་ཡོད་ཀྱང་ཁོས་རང་ཞིབ་བྱེད་ཐུབ་པས་ལས་ངན་པ་གང་ཡང་མ་ལས་”ཞེས་བཤད་ཡོད།  དེ་བས་ཏང་ཡོན་ལས་བྱེད་པ་ཚང་མས་“རང་ཞིབ་”ལ་བརྩོན་དགོས།
   ཐོག་མར། ཕུགས་བསམ་དང་ཡིད་ཆེས་བརྟན་པོ་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་པོ་ཞིག་བསྐྲུན་པ་དང་། ཆབ་སྲིད་ཀྱི་རྩ་དོན་མངོན་གསལ་ཞིག་བརྩི་སྲུང་། སོ་སོའི་ཆབ་སྲིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བཅས་བྱས་ཏེ་ནང་གནས་ཀྱི་ “ཏིང་ངེ་འཛིན་གྱི་སྟོབས་ཤུགས་” དེ་གྲུབ་པ་བྱེད་དགོས། 
   དེ་ནས། གནའ་མིས་“བདག་གིས་ཉིན་རྒྱུན་རང་ལ་ཐེངས་དུ་མང་ལ་ཞིབ་བཤེར་བྱེད་”ཅེས་བཤད་པ་ནང་བཞིན་དུ་དུས་རྟག་ཏུ་རང་སྐྱོན་རང་བརྟག་བྱས་ཤིང་། རང་རྩིས་དང་རང་བརྟག  རང་ཟོན། རང་སྐུལ། དེ་མིན་རང་ལུས་རང་གཅེས་དང་ཚུལ་མིན་སེལ་ཐབས་བྱས་ཏེ་རང་གཅུན་བློ་སྦྱོང་ལ་དོ་སྣང་སྒོས་རུལ་སུངས་འགོག་རྒོལ་གྱི་“ནད་འགོག་ནུས་པ་”ཇེ་དྲག་ཏུ་གཏོང་དགོས།
   དུས་མཉམ་དུ་ད་དུང་བྱ་བ་སྒྲུབ་པ་དེ་ཕྱི་གསལ་ནང་གསལ་ཡོང་དགོས། ཏང་ཡོན་ལས་བྱེད་པའང་སྐྱེས་བོ་ཕལ་བ་ཡིན་པས་ཁོ་ལ་ཞན་ཆ་སྣ་ཚོགས་མེད་མི་སྲིད་ལ་ནོར་འཁྲུལ་སྣ་ཚོགས་བཟོ་སྲིད། དེའི་རྐྱེན་ཕྱི་གསལ་ནང་གསལ་ནི་རུལ་འགོག་གི་སྨན་ཡག་ཤོས་དེ་ཡིན་ཞིང་། ལས་ཀ་གང་ཞིག་སྒྲུབ་རུང་གཡུ་སྒྱུ་མ་འཁྲབ་པར་དམངས་གཙོ་ལྡན་པ་དང་གོ་རིམ་ལྡན་པ། སྒྲིག་ལམ་ལྡན་པ་ཞིག་བྱས་ཚེ་ད་གཟོད་བསླུ་བྲིད་སྣ་ཚོགས་ཀྱི་“སིམ་ཤུགས་”ཇེ་ཉུང་དུ་འགྲོ་ཞིང་།  རུལ་སུངས་འགོག་རྒོལ་བྱེད་པ་དེ་སྐད་ཆ་སྟོང་བ་ཞིག་ཏུ་འགྱུར་མི་ཡོང་།    
《ཀྲི་ཅང་གཏམ་གསར་》ལས་བཏུས།

【གཉིས།】
དོན་ཆུང་ཆུང་ནི་མེ་ལོང་ཞིག་དང་འདྲ།
(ཉིས་སྟོང་བཞི་ལོའི་ཟླ