ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

སྤྲེལ་ལོར་བྲག་དཀར་སྤྲེལ་རྫོང་ལ་གནས་སྐོར་དུ་འགྲོ།

2016-03-10

        བོད་རང་བྱུང་བཅུ་བདུན་པ་མེ་ཕོ་སྤྲེལ་ལོ་ནི་མདོ་སྨད་རྫོང་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ངམ་འདུ་མོ་རྫོང་ལ་གནས་སྐོར་དུ་འགྲོ་བའི་ལོ་ཡིན། བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ནི་སྤྱི་ལོ1923ལོར་ཨ་རོལ་སྐུ་ཕྲེང་གསུམ་པ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་ཁོང་གི་སྐུ་གོང་མའི་ལུང་བསྟན་ལྟར་ཕྱག་འདེབས་མཛད། ཆོས་སྡེ་དེ་ནི་རང་ཞིང་གི་ཞིན་ཧེ་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ30དང་ཟི་ལིང་ནས་སྤྱི་ལེ269ཡི་མཚམས་སུ་ཆགས།  དགོན་པ་འདིའི་སྤྱིའི་རྒྱ་ཁྱོན་ལ་མུའུ640ལྷག་ཟིན་ཞིང་ཕྱི་སྐོར་ལ་ལེ་དབར20ལྷག་ཡོད། གནས་མཆོག་འདིར་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་དང་། ངོ་མཚར་བའི་གནས་ཁང་།  བྲག་ངོས་སུ་སྐུ་རང་བྱོན་དང་ཞིང་བཀོད་སྣ་ཚོགས། ཕྱག་ཞབས་ཀྱི་ཤུལ་རྗེས་སོགས་མང་དུ་མཐོང་རྒྱུ་ཡོད་ལ། བསྟན་པ་ཕྱི་དར་གྱི་སྐབས་སུ་གནས་འདིར་འབྲི་གུང་འཇིག་རྟེན་མགོན་པོ་དང་།  མ་ཅིག་ལབ་ཀྱི་སྒྲོན་མ། ས་པཎ་ཀུན་དགའ་རྒྱལ་མཚན། འཇམ་མགོན་ཙོང་ཁ་པ་ཆེན་མོ། ཞབས་དཀར་ཚོགས་དྲུག་རང་གྲོལ། ཤར་སྐལ་ལྡན་རྒྱ་མཚོ། འགྲོ་མགོན་གསེར་ཁང་ཆེན་པོ། སྐྱབས་མགོན་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་ཀྱིས་བརླབས་མྱོང་བའི་གནས་མཆོག་ཅིག་ཡིན་ནོ།།

བྲག་དཀར་སྤྲེལ་རྫོང་གི་གནས་རིའི་གནས་སྒོ་ཁག་ཅིག་གི་པར་རིས་གཤམ་གསལ་ལྟར།

༼ ཁྲི་སེམས་དཔས་རྒྱུ་ཆ་མཁོ་འདོན་བྱས། ༽

འབྲེལ་ཡོད་རྩོམ་ཡིག