གཅིག ༢༠༡༤ལོའི་ཟླ ༡ པོའི་ཚེས ༩ ཉིན། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས《དཔལ་ཡོན་ལྡན་པའི་བསང་མཆོད་ལ་སྔར་བས་སྐུལ་འདེད་དང་། སྐྱེ་ཁམས་དགོན་སྡེ་ལྟ་བ་འཛུགས་བསྐྲུན་སྐོར་གྱི་བརྡ་ཐོ》བཀྲམས། 《བརྡ་ཐོ》བཀྲམས་པ་དེས་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ཚོགས་པ་དང་དགོན་སྡེའི་མཛུབ་སྟོན་དང་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། རྒྱ་ཆེ་བའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་པའི་ལུས་ཕུང་བདེ་ཐང་། ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་སྡེའི་དབེན་གནས་རྔམ་བརྗིད་ཀྱི་ལྟ་བ་རྒྱུན་འཁྱོངས།ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཀྱི་སྤྱི་ཚོགས་སྣང་བརྙན་ལེགས་བསྐྲུན་ལ་དགེ་མཚན་གྱི་ནུས་པ་ཐོན་ཐུབ།
གཉིས། ཟླ ༤ པའི་ཚེས ༡༧ ཉིན། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་པེ་ཅིང་ནས《ནང་བསྟན་དགོན་སྡེ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ལྷ་ཁང་དང་འབྲེལ་བའི་དོ་དམ་གནད་དོན་ཐག་གཅོད་སྐོར་གྱི་བསམ་འཆར》ལག་བསྟར་བྱེད་པའི་བརྗེ་རེས་ཚོགས་འདུ་བསྡུས། ཡིག་ཆ་འདི་བཀྲམ་པ་ནས་བཟུང་། ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་གང་མྱུར་སྒོས་ལས་སྒོ་སྤེལ་ནས་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་སྡེ་ལྷ་ཁང་སོགས་འགན་གཙང་ལེན་གྱིས་གཉེར་བའམ། ཆོས་ལུགས་བྱེད་སྒོ་མ་ཡིན་པའི་ཁོར་ཡུག་ཏུ་ཆོས་ལུགས་ཀྱི་མིང་ཐོག་ནས་རྒྱུ་ནོར་བཙལ་བ། ཡུལ་ལུང་གྲགས་ཆེན་ས་ཁུལ་གྱི་ཆོས་ལུགས་དགོན་སྡེའི་དོ་དམ་རྙོག་འཛིང་ཡིན་པའི་སྣང་ཚུལ་ཚད་ངེས་ཅན་སྟེང་སྔོན་འགོག་བྱེད་ཐུབ་པ་བྱུང་པ་མ་ཟད། ཚོགས་འདུའི་རྗེས་སུ། གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།
གསུམ། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་ཟླ ༤ པའི་ཚེས ༡༧ ཉིན་དང་། ཟླ ༡༢ པའི་ཚེས ༤ ཉིན་དུ། པེ་ཅིང་སོགས་ཞིང་ཆེན(ཐད་གཏོགས་གྲོང་ཁྱེར)དུ་ཁྲིམས་ལྟར་ཐོ་འགོད་གནང་པའི་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་སྡེའི་གཞི་རྩའི་ཆ་འཕྲིན་སྤྱི་བསྒྲགས་གནང་ཞིང་། སྤྱི་བསྒྲགས་སྐོར་ཁག་གཉིས་དེ་རྒྱལ་ཡོངས་ཀྱི་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་སྡེ་ལྷ་ཁང ༡༦༡༤༠ ཡི་ཆོས་ཚན་དང་། མིང་། ས་གནས། འགན་ཁུར་པ་བཅས་གཞི་རྩའི་ཆ་འཕྲིན་བཞི་ལ་ཁྱབ་ཡོད་ཅིང་། དེ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་སྡེར་སྒོ་བྱང་འགེལ་རྒྱུ་དང་དྲ་ལམ་ནས་འཚོལ་བཤེར་ལས་དོན་ཡང་སྔ་གཞུག་ཏུ་སྤེལ་བ་རེད།
བཞི། ཟླ ༥ པའི་ཚེས ༡༤ ནས་ཚེས ༡༥ ཉིན་བར། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་གཙོ་སྒྲུབ་མཛད་པའི“དབྱི་སི་ལན་ཆོས་ལུགས་ཀྱི་བཏང་སྙོམས་བསམ་བློའི་བགྲོ་གླེང་ཚོགས་འདུ”ཝུ་རུ་མུ་ཆི་ནས་བསྡུས། ཞིབ་འཇུག་བགྲོ་གླེང་ཚོགས་འདུས“བཏང་སྙོམས་བརྟན་སྲུང་དང་། ཐལ་སྐྱོད་ལ་རིང་བྲལ”ཞེས་པ་བརྗོད་གཞིར་བཟུང་ནས་དབྱི་སི་ལན་ཆོས་ལུགས་ཀྱི་བཏང་སྙོམས་བསམ་བློར་དགོངས་འགྲེལ་གནང་པ་བརྒྱུད། ཐལ་སྐྱོད་བསམ་བློས་འཁྱོག་བརྗོད་ལོག་བརྗོད་ལ་དགག་པ་ཚ་ནན་བཏང་པ་དང་། དྲག་ཤུགས་འཇིགས་སྐུལ་བྱེད་སྒོར་སྐྱོན་བརྗོད་དྲག་པོ་བཏང་ཞིང་། 《བཏང་སྙོམས་བརྟན་སྲུང་དང་། ཐལ་སྐྱོད་ལ་རིང་བྲལ》གྱི་གྲོས་ཡིག་འདོན་པར་གྲོས་མཐུན་བྱུང་།
ལྔ། ཟླ ༧ པའི་ཚེས ༢༨ ཉིན་ནས་ཟླ ༨ པའི་ཚེས ༡ ཉིན་བར། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་པེ་ཅིང་ནས་རྒྱལ་ཡོངས་གནམ་བདག་ཆོས་ལུགས་ཀྱི་གཞོན་དར་འཐུས་ཚབ་པའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་བསྡུས། རྒྱལ་ཡོངས་ཀྱི་གཞོན་དར་ཆོས་དཔོན་དང་ཆོས་གྲོགས། སྒྲུབ་སྦྱོང་མའི་འཐུས་ཚབ་མི་སྣ༥༠ལྷག་ཞིབ་འཇུག་བགྲོ་གླེང་འཛིན་གྲྭར་ཞུགས་ཤིང་། ཞིབ་འཇུག་བགྲོ་གླེང་འཛིན་གྲྭར་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་རྣམས་ཀྱིས་རང་བདག་རང་སྒྲུབ་ཀྱི་ཆོས་ཚོགས་གཉེར་ཐབས་ཀྱི་ལམ་ཁར་ཡིད་ཆེས་བརྟན་པོ་བྱུང་ཞིང་། ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་ལོ་གཞོན་ཆོས་དོན་གཉེར་མཁན་དག་གི་མཐུན་སྒྲིལ་འཆམ་མཐུན་གྱི་སེམས་སྟོབས་ལེགས་པོ་མངོན་ཡོད།
དྲུག ཟླ ༧ པའི་ཚེས ༣ ༠ཉིན། རྒྱལ་ཁབ་ཆོས་ལུགས་ཀྱིས“བྱམས་སྙིང་རྗེས་ཚེ་སྲོག་སྐྱོབ་པ་དང་། འོས་མཐུན་སྒོས་ཚེ་ཐར་གཏོང་པའི”བགྲོ་གླེང་ཚོགས་འདུ་བསྡུས། བགྲོ་གླེང་ཚོགས་འདུས་བྱམས་སྙིང་རྗེས་ཚེ་སྲོག་སྐྱོབ་པའི་འདུ་ཤེས དང་། འོས་མཐུན་སྒོས་ཚེ་ཐར་གཏོང་པའི་བྱེད་སྒོར་སྐུལ་སློང་བྱེད་པ། རི་དྭགས་སོགས་མགྱུར་སེམས་ཅན་ཅི་རིགས་ཀྱི་ཚེ་སྲོག་ལ་གནོད་པའི་བྱེད་སྤྱོད་བཀག་འགོག རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཐད་དོན་སྙིང་གལ་ཆེན་ལྡན།
བདུན། ཀྲུང་གོའི་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་བྱེད་སྒོ་ཨུ་ལྷན་བཙུགས་ནས་ལོ ༦༠ འཁོར་བའི་རྗེས་དྲན་ཚོགས་འདུ་དང“ཡེ་ཤེས་ཆོས་ལུགས་ཀྲུང་གོ་ཅན”གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཧྲང་ཧེ་ནས་བསྡུས་ཤིང་། འདི་ནི་ཀྲུང་གོའི་ཡེ་ཤེས་ཆོས་ལུགས་ཀྱི་ལོ་ངོ ༦༠ ཡི་རིང་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་། སྤྱི་ཚོགས་སུ་འདྲེས་པ་རྒྱུན་འཁྱོངས། རང་སྒེར་འཛུགས་བསྐྲུན་རྒྱུན་འཁྱོངས་བྱས་ནས་མེས་རྒྱལ་དང་མཉམ་དུ་འཚོ་བ། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། སྤྱི་ཚོགས་རིང་ལུགས་དང་མཐུན་འདྲེས་ཀྱི་བགྲོད་ལམ་སྟེང་སྔར་བས་ལྷག་པའི་ཡར་ཐོན་འཕེལ་རིམ་གྱི་ཕྱོགས་སྡོམ་རེད།
བརྒྱད། ཟླ ༨ པའི་ཚེས ༡༢ ཉིན། རྒྱལ་ཁབ་ཆོས་ལུགས་ཅུས་དང་རྒྱལ་ཁབ་སྤུས་ཀ་ལྟ་སྐུལ་ཞིབ་བ་ཤེར་སྤྱི་ཅུས་ཀྱིས་མཉམ་འབྲེལ་སྒོས《ཆོས་ལུགས་དགོན་སྡེ་དང་ཆོས་ལུགས་སློབ་གླིང་གིས་རྩ་འཛུགས་སྡེ་ཚན་གྱི་ཚབ་རྟགས་དཔང་ཡིག་ལེན་པའི་བརྡ་ཐོ》བཀྲམས། “རྩ་འཛུགས་སྡེ་ཚན་གྱི་ཚབ་རྟགས”ནི་རྩ་འཛུགས་སྡེ་ཚན་གང་གི་ཐོབ་ཐང་དཔང་ཡིག་དང་མཚུངས་ལ། 《བརྡ་སྦྱོར》བཏོན་པ་དེས་ཆོས་ལུགས་དགོན་སྡེ་དང་ཆོས་ལུགས་སློབ་གླིང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་། ཆོས་ལུགས་དགོན་སྡེ་དང་ཆོས་ལུགས་བྱེད་སྒོའི་ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་པར་དགེ་མཚན་ལྡན།
དགུ། ཟླ༡༠པའི་ཚེས༡༦ཉིན་ནས་ཚེས༡༨ཉིན་བར། འཛམ་གླིང་ནང་བསྟན་མཐུན་འབྲེལ་ཚོགས་ཆེན་སྐབས་ཉེར་བདུན་པ་ཧྲན་ཞི་པའོ་ཅི་ནས་བསྡུས། འདི་ནི་ལོ་ངོ༦༥ཡི་རིང་ནང་བསྟན་མཐུན་འབྲེལ་ཚོགས་ཆེན་ཀྲུང་གོའི་སྐམ་ས་ནས་ཐོག་མར་འཚོགས་པ་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ༣༠ལྷག་གི་བླ་བཙུན་དང་།རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན། ནང་བསྟན་གྱི་ཆོས་བརྒྱུད་བཞིའི་དགེ་འདུན་པ་དག་ཐེངས་འདིའི་ཆོས་སྡེའི་ཚོགས་འདུ་ཆེན་མོར་ཞུགས་འདུག ཚོགས་འདུས་ཀྲུང་གོའི་ནང་བསྟན་གྱི་ཡུན་རིང་ལོ་རྒྱུས་དང་དེང་རབས་གསོན་ཤུགས་ཕྱིར་ངོམ་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་བསྟན་རྗེས་འཇུག་པ་དག་གི་བརྩེ་སེམས་ལྷན་འདྲེས་ལ་ཤུགས་སྣོན་བྱས་ཡོད་པས། ཀྲུང་གོའི་ནང་བསྟན་གྱིས་འཛམ་གླིང་ལ་སྐྱེས་སུ་ཕུལ་བའི་ལག་རྟགས་གསར་པ་ཞིག་ཏུ་གྱུར་འདུག་གོ
བཅུ། ཟླ ༡༡ པའི་ཚེས ༢༥ ཉིན་ནས ༢༦ ཉིན་བར། རྒྱལ་སྤྱིའི་ཏའོ་ཅའོ་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པ་ཡིང་ཐན་ནས་བསྡུས། འདི་ནི་རྒྱལ་སྤྱིའི་རང་བཞིན་གྱི་ཏའོ་ཅའོ་ཆོས་ལུགས་རིག་གནས་ཀྱི་འབྲེལ་འདྲིས་བརྗེ་རེས་ཀྱི་འདུ་འཛོམས་ཆེན་མོ་ཞིག་རེད། རྒྱལ་ཁབ་དང་ས་གནས༢༧ནས་ཐོན་པའི་ཏའོ་ཅའོ་ཆོས་ལུགས་པའི་སྡེ་དང་། རིག་གཞུང་གི་སྡེ། ཁེ་ལས་པའི་སྡེ་སོགས་གཞན་ལས་སྣེ་སོ་སོའི་འཐུས་ཚབ་དང་དམིགས་བསལ་གདན་འདྲེན་སྐུ་མགྲོན་ཚོགས་འདུར་ཞུགས་འདུག གླེང་སྟེགས་ཀྱིས་ཀྲུང་གོའི་ཏའོ་ཅའོ་ཆོས་ལུསག་ཀྱི་བསམ་བློའི་ཡང་སྙིང་དང་། དེང་རབས་ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་ཀྱི་སྤྱོད་རྣམ་མཚོན་ཡོད་ཅིང་། ཏའོ་ཅའོ་ཆོས་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྔར་བས་འཛམ་གླིང་དུ་བསྐྱོད་པར་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད་དོ།
བཅུ་གཅིག ཟླ ༡༢ པའི་ཚེས ༢༦ ཉིན། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅའ་ཁྲིམས་གཞུང་སྒྲུབ་ཁང་ལ་མཉམ་འབྲེལ་སྒོས《ཆོས་ལུགས་ལས་དོན་སྒྲིག་སྲོལ》བསྒྲགས་ནས་ལོ ༡༠ འཁོར་བའི་བགྲོ་གླེང་ཚོགས་འདུ་བསྡུས། 《སྒྲིག་སྲོལ》བསྒྲགས་པའི་ལོ་ངོ་བཅུའི་རིང་། ཆོས་ལུགས་ལས་དོན་ཀྱིས་སྲིད་བྱུས་གཙོར་བཟུང་སྟེ་ལས་དོན་སྒྲུབ་སྟངས་ནས་ཁྲིམས་ལྟར་དོ་དམ་བྱེད་པར་འགྱུར་བ་བྱུང་བརྒྱུད།་སྤྱི་དམངས་ཀྱི་ཆོས་དད་རང་དབང་ལ་འགན་སྲུང་གནང་སྟེ། རྒྱ་ཆེ་བའི་ཆོས་ལུགས་པའི་སྡེའི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་བརྩི་བཀུར་ཐོབ། ཆོས་ལུགས་ལས་དོན་གྱི་ལས་བྱེད་པ་དང་ཆོས་ལུགས་སྡེའི་མི་སྣའི་ཁྲིམས་ལུགས་འདུ་ཤེས་སྔར་ལས་ཇེ་མཐོར་ཕྱིན་ནས་སྤྱི་ཚོགས་ཡོངས་སུ་ཆོས་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་ལེགས་པོ་ཆགས་ཡོད་པ་རེད།
བཅུ་གཉིས། ༢༠༡༤ ལོར། ཀྲུང་གོའི་དབྱི་སི་ལན་ཆོས་དད་པ ༡༤༦༦༦ སོ་ཏི་ཨ་རོབ་ཏུ་ཆོས་མཇལ་དུ་ཕྱིན་ནས་ཆོས་མཇལ་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་པ་དང་། ཀྲུང་དབྱང་གིས“ལོ་རེ་ནས་ལེ་རེ་བཞིན་ལྷག་པ”ཞེས་པའི་མཛུབ་སྟོན་བླང་བྱ་ལེགས་འགྲུབ་བྱུང་ནས། ཏང་དང་སྲིད་གཞུང་གིས་སྔར་བས་མཐོང་ཆེན་དང་། ལས་བྱེད་མི་སྣའི་དོ་དམ་སྔར་བས་དམ་དྲགས། ལམ་ལུགས་འཛུགས་བསྐྲུན་སྔར་བས་གཏིང་ཟབ། མཁོ་ཆས་འགན་སྲུང་སྔར་བས་འཐུས་ཚང། ཟབ་སྦྱོང་སློབ་སྟོན་སྔར་བས་གོ་ཆོད། ཕྱི་ཕྱོགས་དྲིལ་སྒྲོག་སྔར་བས་རང་རྟོགས། རྒྱལ་གཅེས་སེམས་ཁམས་སྔར་བས་མཐོར་འདེགས་བཅས“སྔར་བས”བདུན་གྱི་ཚད་གཞིར་ལོངས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)