ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྲིད་གཞུང་དྲ་བ་གཉིད་ལས་སློང་དགོས། “ནུས་མེད”“བརྡ་ལན་མེད”པའི་སྣང་ཚུལ་བསྒྱུར་དགོས།

2015-03-26
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་འབྱོར་པའི་གློག་འཕྲིན་ལྟར་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི་སྲིད་གཞུང་དྲ་རྒྱར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་བྱ་རྒྱུའི་བརྡ་ཐོ》(གཤམ་ལ་བསྡུས་མིང་དུ《བརྡ་ཐོ》ཞེས་བརྗོད་རྒྱུ)བཀྲམས་ནས་2015ལོའི་ཟླ་3པ་ནས་ཟླ་12བར་རྒྱལ་ཡོངས་ཀྱི་སྲིད་གཞུང་དྲ་རྒྱར་ཡོངས་ཁྱབ་ཞིབ་བཤེར་ཐོག་མར་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ད་རེས་ཡོངས་ཁྱབ་ཞིབ་ཁྱབ་ཞིབ་བཤེར་གྱི་དམིགས་ཡུལ་ནི། རྒྱལ་ཡོངས་ཀྱི་སྲིད་གཞུང་དྲ་རྒྱའི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་ཀྱིས་སྲིད་གཞུང་དྲ་རྒྱ་ཁག་གཅིག་ལ་ལྷག་པའི་མང་ཚོགས་ཀྱིས་གླེང་མང་བའི“དུས་ཐོག་མེད་པ་དང་། གནད་ལ་མ་འཕིགས་པ། བརྡ་ལན་མེད་པ། ཉེར་སྤྱོད་མེད་པའི”གནད་དོན་ནུས་ལྡན་དང་ཐག་གཅོད་ཀྱིས་སྲིད་གཞུང་དྲ་རྒྱ“ནུས་མེད”དང“བརྡ་ལན་མེད་པ”སོགས་ཀྱི་སྣང་ཚུལ་མི་ཐོན་པ་བྱ་རྒྱུ་རེད།
   《བརྡ་ཐོའི》ནང་ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱེད་ཁོངས་དེ་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་དྲ་རྒྱ་དང་རྫོང་རིམ་པ་ཡན(རྫོང་རིམ་པ་ཚུད་པ)གྱི་ས་གནས་མི་དམངས་སྲིད་གཞུང་གི་སྡེ་ཚན་ཁག་དང་གཤམ་འོག་གི་གཞུང་ལས་པའི་བཅའ་ཁྲིམས་གཞིར་བཟུང་ནས་དོ་དམ་བྱེད་པའི་བྱ་གཞག་ཚན་པའི་དྲ་རྒྱ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཀྱིས་དོ་དམ་བྱེད་པའི་རྒྱལ་ཁབ་བཅུ་ཚུད། གཤམ་གསལ་ཡང་དེ་མཚུངས་ཡིན)དང་། ནང་ཁོངས་སུ་བཙུགས་པའི་སྒྲིག་གཞིའི་དྲ་རྒྱ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་གཤམ་འོག་གི་གཞུང་ལས་པའི་བཅའ་ཁྲིམས་གཞིར་བཟུང་དོ་དམ་བྱེད་པའི་བྱ་གཞག་ཚན་པའི་དྲ་རྒྱ་བཅས་ཡིན། ད་རེས་སྲིད་གཞུང་གི་དྲ་རྒྱ་ཁག་གི་བེད་སྤྱོད་གནས་ཚུལ་དང་། ཆ་འཕྲིན་གསར་བརྗེས་བྱས་ཚུལ། མཉམ་འགུལ་བརྡ་ལན་སྤྲོད་ཚུལ། ཞབས་ཞུའི་ཉེར་མཁོ་བསྒྲུབས་ཚུལ་སོགས་ལ་གཙོ་གནད་དུ་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་ཡིན་པ་འཁོད་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག